མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྫ་ཆུའི་སེར་ཤུལ་དགོན་པས་ངོ་རྒོལ།

བོད་ཀྱི་དུས་བབ།
༢༠༡༠/༡༡/༠༨
Share on FacebookShare on TwitterShare on EmailShare on Whatsapp

 

དེ་རིང་ཕྱི་དྲོར་ལྷོ་ཕྱོགས་སེ་ར་དགོན་པའི་གྲྭ་རྫ་སྐྱེས་ཕུར་བ་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ཁ་སང་ནམ་སྨད་ཆུ་ཚོད་ ༣ ཡས་མས་ཤིག་ལ། རྫ་ཆུའི་སེར་ཤུལ་དགོན་པའི་མཚན་ཉིད་གྲྭ་ཚང་གི་གྲྭ་བཙུན་ ༥༠ ལྷག་གིས་མི་རིགས་རང་ཉིད་ལ་མི་རིགས་སྐད་ཡིག་རང་དབང་དགོས་པའི་སྐོར་བཀོད་པའི་འཕྲེད་དར་སྣ་ཚོགས་འཕྱར་བཞིན་སེར་ཤུལ་རྫོང་ཐོག་ཏུ་བསྐྱོད་ཡོད་པ་དང་། དེ་རིང་ཞོགས་པའི་ཆུ་ཚོད་ ༦ ཙམ་ལ་རྫ་ཆུའི་སེར་ཤུལ་དགོན་པའི་མཚན་ཉིད་གྲྭ་ཚང་གཙོ་བྱས་པའི་གྲྭ་བཙུན་ ༧༠༠ ཙམ་ཡང་སེར་ཤུལ་རྫོང་ཐོག་ཏུ་བསྐྱོད་ཡོད་འདུག ཁོང་ཅག་དེ་རིང་ཉིན་གུང་ཙམ་ལ་རྫོང་དང་བར་ཐག་ཉེ་སར་འབྱོར་སྐབས་ཉེན་རྟོག་པས་བཀག་འགོག་བྱས་ཡོད་འདུག་ལ། གཞན་རྫ་ཆུའི་འབུམ་རྙིང་སྡེ་དགོན་གཉིས་ཀྱི་སྐྱ་སེར་ ༣༠༠ ལྷག་འདུ་འཛོམས་ཀྱིས་ང་ཚོ་ལ་འདི་ལྟ་བའི་མཐོང་ཆུང་བྱེད་དོན་མི་འདུག ཅིའི་ཕྱིར་རང་གི་སྐད་ཡིག་གི་བདག་དབང་རང་ལ་མེད་པ་རེད། ཅེས་སྐད་འབོད་རྒྱག་བཞིན་རྫོང་གི་ཕྱོགས་སུ་བསྐྱོད་ཡོད་ཀྱང་། སྔར་བཞིན་ཉེན་རྟོག་པས་བཀག་འགོག་བྱས་འདུག  

 ཐེངས་འདིར་རྫ་ཆུ་ཁ་བ་ས་ཁུལ་གྱི་དགོན་གྲོང་གཉིས་ནས་རྒྱ་གཞུང་ལ་ངོ་རྒོལ་བྱེད་དགོས་པའི་རྒྱུ་མཚན་གཙོ་བོ། ཕྱི་ལོ་ ༢༠༠༨ ཙམ་ནས་མགོ་བརྩམས་ཏེ་རྫ་ཆུ་ཁ་བའི་ས་ཁུལ་ཡོངས་ཀྱི་བོད་རིགས་ཚོས་རྒྱ་སྐད་བོད་སྐད་འདྲེས་མའི་༼སྦྲགས་སྐད༽ མི་ཆོག གལ་སྲིད་བོད་རིགས་སུ་འདྲ་ཞིག་གིས་སྦྲགས་སྐད་བཤད་པ་ཡིན་ན། དེ་ལ་སྒོར་གཅིག་རེ་ཡི་ཉེས་ཆད་གཅོད་རྒྱུའི་ལུགས་སྲོལ་དེ་དར་ཁྱབ་ཕྱིན་ཡོད་པ་དང་། རྫ་ཆུའི་སེར་ཤུལ་དགོན་པའི་གྲྭ་བཙུན་དག་གིས་ཀྱང་ལས་དོན་དེའི་ཕྱོགས་ལ་འབད་བརྩོན་ཤུགས་ཆེན་གནང་པར་བརྟེན། ཉེ་ཆར་སྤྱི་ཟླ་ ༡༠ཚེས་ ༢༦ ཉིན་དེ་གའི་རྫོང་གི་རྫོང་དཔོན་གཞོན་པ་ཀྲའོ་ཤོ་མེན་ཟེར་བའི་བོད་རིགས་ཤིག་དང་། ས་གནས་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་ཀྱི་མགོ་གཙོ་གཞོན་པ་ཅིང་ལཱོང་ཟེར་བའི་བོད་རིགས་མཐོ་རིམ་ལས་བྱེད་སྐོར་ཞིག་སེར་ཤུལ་དགོན་ཐོག་ཏུ་ཡོང་སྟེ། སྦྲགས་སྐད་བཤད་མཁན་ཚོར་ཆད་པ་གཅོད་མི་ཆོག་ཅེས་བཙན་ཁ་བཏང་སྟེ། དགོན་པའི་ཚོང་ཁང་དང་ཟ་ཁང་དག་གི་ནང་དུ་ཆད་དངུལ་བསྡུ་སའི་སྒམ་ཆུང་རེ་བཞག་ཡོད་པ་ཚང་མ་བཙན་འཕྲོག་གིས་གཞུང་བཞེས་བཏང་ཡོད་འདུག

 དེའི་རྗེས་ནས་སེར་ཤུལ་དགོན་པའི་དཔེ་ཁྲིད་དགེ་རྒན་སྐོར་ཞིག་རྫོང་ཐོག་ཏུ་ཐེངས་མང་པོར་ཕྱིན་ཏེ། ང་ཚོའི་ལས་རིགས་འདི་རྒྱལ་ཁབ་ཀྱི་ཆབ་སྲིད་དང་འབྲེལ་བ་གང་ཡང་མེད་པ་མ་ཟད། བྱ་འགུལ་འདིའི་སྣེ་འཁྲིད་མཁན་ཡང་མི་དམངས་རང་ངོས་ནས་དང་བླང་བྱས་པ་ཞིག་ཡིན་ཞིང་། ངེད་ཅག་གི་དམིགས་ཡུལ་ནི་བོད་སྐད་ཡིག་གི་འཇིག་ཉེན་འདི་སེམས་ཀྱིས་མ་བཟོད་པར་བྱ་བ་འདི་སྒྲུབ་ཀྱི་ཡོད། ཁྱེད་ཅག་བོད་རིགས་ལས་བྱེད་པ་དག་གིས་དོན་མེད་དུ་མི་རིགས་ཀྱི་བླ་བཙོང་བའི་ལས་འདི་འདྲ་མ་བྱེད་རོགས། དེ་ལྟར་བྱས་ན་དགོས་པ་གང་ཡང་ཡོད་པ་མ་རེད། ངེད་ཅག་གིས་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་ལ་འགལ་བ་ཞིག་དང་ཀུན་སློང་ངན་པ་གང་ཡང་མེད་པས་ཆད་དངུལ་བསྡུ་སའི་སྒམ་ཆུང་དག་ཕྱིར་སྤྲོད་རོགས། ཞེས་ཞུ་བ་ཇི་ལྟར་བྱས་ཀྱང་སྒམ་ཆུང་དེ་དག་ཕྱིར་སྤྲད་མེད་སྟབས། ཐེངས་འདིར་རྫ་ཆུ་ཁ་བའི་དགོན་གྲོང་གཉིས་ནས་ངོ་རྒོལ་གྱི་གོམ་བགྲོད་དེ་བྱས་ཡོད་འདུག

གསར་འགོད་པ། དོན་འགྲུབ་བཀྲ་ཤིས།

འབྲེལ་ཡོད་གསར་འགྱུར།

A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

ཆུ་ཚོད་ ༡༡ སྔོན་ལ།
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

ཆུ་ཚོད་ ༡༢ སྔོན་ལ།
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡
དྷ་ས་ནས་ལྡི་ལི་བར་གྱི་ཞྭ་མོ་ནག་པོའི་གོམ་བགྲོད་ཀྱི་ལས་འགུལ་བ། ༢༠༢༦།༠༣།༣༡ དུས་བབ་ཀྱི་པར།
Mobile App

དྷ་རམ་ས་ལ་ནས་ལྡི་ལི་བར་ཞྭ་མོ་ནག་པོའི་གོམ་བགྲོད་མགོ་འཛུགས་གནང་།

༢༠༢༦/༠༣/༣༡
The new government led by Prime Minister Balendra Shah unveiled an ambitious 100-point work plan on Saturday, a signal of a break from the slow, plodding pace of past administrations. PHOTO: THE KATHMANDU POST
Mobile App

བལ་ཡུལ་གྱི་སྲིད་གཞུང་གསར་པའི་བསྒྱུར་བཅོས་དོན་ཚན་ ༡༠༠ ལག་བསྟར་བྱེད་ཀྱི་ཡོད་འདུག

༢༠༢༦/༠༣/༣༡

མཆན། 21

  1. སྦྲ་ནག་གྲུ་བཞི says:
    ལོ་ 15 སྔོན།

    སྐད་ཡིག་ནི་གསོག་རྩ་ཡིན

    Reply
  2. སྦྲ་ནག་གྲུ་བཞི says:
    ལོ་ 15 སྔོན།

    མི་རིགས་དེའི་སྐད་ཡིག་ནི་མི་རིགས་དེའི་གསོག་རྩ་ཡིན་པ་དང་ྲ
    ཡུལ་གསོས་གོམ་ཤིས་ནི་ཆེས་གོས་ལྟ་བུ་ཡིན

    Reply
  3. རིག་འཛིན། says:
    ལོ་ 15 སྔོན།

    ངའི་བསམ་འཆར་འདི་ཅུང་ཟད་ཕྱིར་འགྱངས་སུ་ལོས་ཀྱང་།
    འདི་ནས་འགོ་འཛུགས་ཏེ་གཟིགས་མཁན་རྣམ་པའི་ཐོག་མར་མཐོང་བ་ཡིན་
    ཙང་འབྲི་ཆོག་པར་ཞུ།
    དང་པོ་་་་་རྙོག་གྲ་འདི་བྱུང་རྐྱེན་གཙོ་བོ་ནི་་་་ཕྱི་ནང་དང་བཟང་ངན་ཅི་ཡང་མི་ཤེས་པའི་དཔོན་ངན་འགས་ལོ་མང་རིང་ལ་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ལ་མཐོང་ཆུང་དང་དམར་འབེབས་གཏོང་མང་དྲགས་ནས་མཐར་ཞི་རྒོལ་གྱི་ལས་རིམ་འདི་འགོ་བརྩོམས་དགོས་བྱུང་བར་གསལ་པོ་རེད།
    གཉིས་པ་་་་་་་ད་དུང་མུ་མཐུད་དེ་མི་རིགས་འདྲ་མཉམ་དང་སྐད་ཡིག་རང་དབང་མ་སྤྲད་ན་ཞི་བའི་ངོ་རྒོལ་འདི་འདྲ་རིགས་གཞིས་བྱས་གཉིས་ནས་ཇེ་མང་དུ་འགྲོ་བ་ལས་ཇེ་ཉུང་དུ་ནམ་ཡང་འགྲོ་མི་སྲིད་པས་་་་་དཔོན་ངན་ཚོས་བསམ་བློ་གསར་ཞིག་གཏོང་ན་ལེགས་པར་སེམས།
    གསུམ་པ་་་་་སྤྱིར་སེལ་ཤུལ་དགོན་པ་ནི་་་་དཔལ་འབྱོར་དང་ཤེས་ཡོན་མཐུན་སྒྲིལ་དང་ལ་རྒྱལ་གང་ཅི་འཐད་ནས་བཤད་ན་ང་ཚོའི་མིག་དཔེ་བལྟ་འོས་པའི་དེང་རབས་ཀྱི་དགོན་པ་ཞིག་དངོས་གནས་ཡོད་པས་་་་ཡིད་རངས་བསྔགས་བརྗོད་ཞུ་རོགས།།

    Reply
  4. བཀྲ་ཤིས། says:
    ལོ་ 15 སྔོན།

    ཡར་རྒྱས་ཡར་རྒྱས་ཟེར་བ་ག་རེ་ཡིན་མིན་དང་།གང་དུ་ཡོད་མེད་ཤེས་རྒྱུ་དེ་གལ་ཆེན་པོ་དང་། གནད་འགག་ཆེན་པོ་རེད། དེང་སང་བོད་ནང་གི་སྐད་འབོད་བྱེད་བཞིན་པའི་རྣམ་པ་འདི་ལ་ལྟོས་དང་། བོད་པ་ཚང་གི་བསམ་བློ་ཡར་རྒྱས། འཁོར་ཡུག་ཡར་རྒྱས།་ཁྱིམ་མཚེས་ཚང་ཡང་རྒྱས་ཕྱིན་པའི་རྣམ་པ་གསལ་བོ་འདུག སྐབས་འདི་དང་བསྟུན་ནས་བོད་ཕྱི་ནང་གཉིས་ཀ་ཟུང་འབྲེལ་ཡིན་པ་ཕྱི་མིས་མཐོང་ཐུབ་པའི་ཚོད་འདི་བེད་སྤྱོད་མ་ནོར་བ་ཞིག་བཏང་རྒྱུ་ཧ་ཅང་གལ་ཆེན་པོ་རེད།

    Reply
  5. བཀྲ་ཤིས། says:
    ལོ་ 15 སྔོན།

    ཁྲིམས་དང་མཐུན་པའི་ལས་འགུལ་འདིའི་རིགས་བོད་ས་ཁྱོན་གང་སར་སྤེལ་ཐུབ་པའི་རེ་བ་དང་། དེ་ལྟར་བྱུང་ན་གྲུབ་འབྲས་ལྡན་པ་ཞིག་ཡོང་ངེས་ཡིན་པས། བོད་རང་བཙན་ཟེར་བ་དང་གོང་ས་མཆོག་བོད་དུ་ཕེབས་དགོས་བ་དེ་ཚོ་ཡག་པོ་ཡིན་ན་ཡང་།
    ཁེ་ཕན་ག་རེ་ཆེ་བ་ཡོད་མེད་ཤེས་རྒྱུ་དེ་ལས་ཀྱང་གལ་ཆེ་བ་རེད།

    Reply
  6. སེར་སྨད་བློ་དགའ། says:
    ལོ་ 15 སྔོན།

    རྫ་སེལ་ཤུལ་དགོན་པའི་དགོན་ཡུལ་གཉིས་ཀྱིས། དཀའ་ཚེགས་ཀྱི་རི་བོ་བཏེགས་ཤིང་རྔུལ་ཆུའི་རྒྱ་མཚོ་བརྡོལ། གཅེས་སྲོག་གི་ནོར་བུ་ཕངས་མེད་ཐོག མི་རིགས་ཀྱི་གཅེས་སེམས་དགུང་སྔོན་ལས་ཡངས་ཤིང་ལ་རྒྱུའི་ཕུགས་མདུན་རྒྱུག་ཆུ་དང་མཉམ། དཔའ་གྲུང་དཔུང་གསུམ་གྱི་སྦོབས་པ་གངས་རི་ལས་མཐོ་ཞིང་རང་གཤིས་ཁྱད་ནོར་གྱི་གཟི་བརྗིད་གོ་ལའི་མཐོ་སྒང་ནས་མཆེད་པའི་པུར་རྒྱལ་བའི་དཔའ་རྒོད་ཁྱེད་རྣམས་ཀྱི་རླུང་རྟ་ཡར་ནས་ཡར་ལ་འཕེལ་བར་སྨོན། བྱ་བ་ལམ་འགྲོ་ཡོང་བར་ཤོག ཚེ་རིང་་་ལོ་བརྒྱ་་་་་བོད་རྒྱལ་ལོ། རྫ་སེལ་ཤུལ་བ་རྒྱལ་ལོ།

    Reply
  7. འབྲོང་བུ་རང་རྐྱ་བ། says:
    ལོ་ 15 སྔོན།

    བོད་མི་རིགས་ཀྱི་བདག་པོ་གཞིས་བཞུག་བོད་མི་ཚོའི་ལུས་འགུལ་རབ་དང་རིམ་པ་དུས་དང་རྣམ་པ་ཀུན་ཏུ་སྤེལ་བ་ལ་སྙིང་ཁུང་རས་བའི་གཏིང་ནས་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་ཅིག་ཏུ་དགྱ་ནག་གི་བཙན་འོག་ནས་ལུས་འགུལ་སྤེལ་མཁན་དགྱ་གཅེས་དཔའ་བོ་དཔའ་མོ་ཚོའི་ལུས་འགུལ་ལམ་འགྲོ་ཡོངས་བའི་སྨོན་འདུན་ཞུ།

    Reply
  8. བོད་པ་ says:
    ལོ་ 15 སྔོན།

    ཧོར་ཚང་ལེགས་བཤད་སྤོབས་པ་མཐའ་ཡས་མིང་ཅན་འདིས་ནམ་ཡིན་ཅིག་ལས་ཅིག་བཟང་ཟེར་སྤྱི་ཚོགས་ནང་དུག་འདེབས་ཀིན་འདུག ཁྱོ་རྒྱ་མིའི་སོ་ཡིན་ནམ་གླད་པར་སྐྱོན་ཡོད་པ་ཞིག་ཡིན་།

    Reply
  9. བཙན་བྱོལ་བ་ says:
    ལོ་ 15 སྔོན།

    གཞིས་ལུས་རྒྱ་ཆེ་མི་མང་ནས་དྲག་པོའི་དབང་ཤུགས་ཀྱི་འཇིགས་སྣང་ལ་ཇི་མི་སྙམ་པར་རང་གི་སྐད་ཡིག་སྲུང་སྐྱོབ་ཀྱི་ཆེད་དུ་ལས་འགུལ་སྤེལ་བ་ནི་ངོ་མ་བསྔགས་བརྗོད་བྱ་འོས་པ་ཡིན་ རང་མི་རིགས་ཀྱི་རིག་གཞུང་དང་སྐད་ཡིག་ཉམས་ཆག་འགྲི་བཞིན་པ་ནི་ང་ཚོ་བོད་ཕྱི་ནང་གཉིས་ཀའི་དཀའ་ངལ་ཡིན་པས་དེ་ལ་ཐབས་ཤེས་གང་ཡོད་བསྟེན་ནས་འདི་ལས་སྐྱོབ་ཐབས་ལ་ཕྱོགས་ཀུན་ནས་འབད་དགོས་ སྤྱིར་ཁོ་བོས་བསམ་པར་བོད་རང་སྐྱོང་ལྗོངས་ཕྱི་རུ་གནས་པའི་བོད་ས་ཡོངས་རྫོགས་ལ་གུ་ཡང་བ་དང་དམ་དྲག་དང་བཙོན་འཇུག་གི་ཉེན་ཁ་ཆུང་བ་ཡོད་ན་ཡང་ད་དུང་ལས་འགུལ་འདི་ལྟར་སྤེལ་བ་ནི་དེ་བས་ཀྱང་བསྔགས་བརྗོད་བྱ་ཡིན་ཡོད་པ་ཡིན་ རྒྱ་ནག་གིས་འདམ་གླིང་ཕྱི་རུ་བོད་ཟེར་བ་ན་རང་སྐྱོངས་ལྗོངས་ཁོ་ན་མ་གཏོགས་ས་གནས་གཞན་རྣམས་བོད་ཀྱི་ས་ཁྲ་ནང་དུ་བཅུག་གིན་མེད་པས་འདི་ལ་ཡང་བརྡ་ལན་ཅིག་སྤྲད་པར་ངོས་ལེན་བྱེད་བཞིན་ཡོད་ ས་ཁུལ་འདི་དག་ནས་ལས་འགུལ་ཇི་ཙམ་ཤུགས་ཆེ་རུ་སྤེལ་བ་ཡིན་ན་ཡང་འདིས་ཁོང་ཚོས་བོད་ཟེར་བ་ངོས་འཛིན་བྱེད་ཕྱོགས་མི་འགྲིག་པ་གདོན་བཞིན་ཡོད་པ་ཡིན་

    Reply
  10. རྟུལ་ཕོད། says:
    ལོ་ 15 སྔོན།

    དོན་ངོ་མ་བོད་ནང་གི་བོད་མི་ཚོ་རྒྱ་ལག་ཏུ་འཇོག་མི་ཉན་ཡ་ཁྱེད་ཚོས་གསར་འགྱུར་འདི་སྤེལ་བ་དང་དྲ་འབུ་དག་གིས་ཡོས་བཤས་མོས་བཤད་མང་པོ་བྱས་ན་འཐད་པ་མེད་ད།གསར་འགྱུར་མཁོ་སྤྲོད་པས་འདི་རིགས་སྤེལ་བཅུག་ན་ཅི་ཞིག་ཕན་ཐོགས་ཡོད་དམ།མཇུག་འབྲས་ལ་མི་ལྟ་མཁན་ཚོས་བོད་ནང་གི་བོད་མི་ཚོ་རྒྱ་ལག་ཏུ་འཇོག་གི་འདུག་ད་གསབ་དགོས་ཡ།

    Reply
  11. དགྲ་འདུལ། says:
    ལོ་ 15 སྔོན།

    རྫ་སེར་ཤུལ་དགོན་པས་དུས་དང་རྣམ་པ་ཀུན་ཏུ་རང་མི་རིགས་ལ་བཅངས་བའི་བརྩེ་སེམས་དང་སྙིང་སྟོབས། ལ་ཞེན་སོགས་ལ་ཡི་རངས་བསྔགས་བརྗོད་ཞུ་རྒྱུ་དང་སྦྲགས་སྐད་གྱི་ལས་འགུལ་དུ་མདོ་དབུས་ཁམས་གསུམ་གཞིས་ལུས་བོད་མི་ཡོངས་དང་དང་ལྷག་པར་དུ་བཙན་བྱོལ་བོད་མི་ཡོད་དོ་ཅོག་གི་ས་གནས་སོ་སོར་རྒྱ་ཁྱབ་ཏུ་འགྲོ་ཐུབ་པའི་རེ་བ་ཡོད།

    Reply
  12. སེར་ཤུལ་རིན་ཆེན་དོན་གྲུབ། says:
    ལོ་ 15 སྔོན།

    རྫ་སྐྱེས་ཕུར་བ་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་བྱས་པར་ཐུགས་རྫེ་ཆེ། ངས་ཀྱང་འདིའི་སྐོར་ལ་རྒྱུས་ལོན་དང་ཞིབ་འཇུག་བྱེད་བཞིན་པ་ཡིན་ལ་འདིའི་སྐོར་ཀྱི་གནས་ཚུལ་ཞིག་ཀྱང་ཚགས་ཤོག་དང་དྲ་རྒྱ་ཁག་ཏུ་བཏང་ཡོད། འོན་ཀྱང་དེང་སྐབས་ཁ་པར་གྱི་བརྒྱུད་ལམ་བཀགས་འདུག་པས་རེ་ཞིག་གནས་ཚུལ་གསལ་པོ་ཞིག་རེག་དཀའ་ཡང་མུ་མཐུད་འབད་བརྩོན་བྱེད་ངེས་ཡིན་པས་དོ་སྣང་ཡོད་མཁན་སུ་ཡིན་རུང་འོག་གི་ཁ་པར་ཐོགས་འབྲེལ་བ་གནང་རོགས།09980654163

    Reply
  13. ལྷ་ཆབ་སྦྱིན་པ། says:
    ལོ་ 15 སྔོན།

    མི་རིགས་ཀྱི་ཆེད་དུ་ཅི་ཡང་བྱེད་ཕོད་པའི་གཞིས་ལུས་རྒྱ་ཆེའི་མི་དམངས་ནི་བོད་མི་རིགས་ཀྱི་ཆེས་མཐའ་མཇུག་གི་སྐྱབས་མགོན་དེ་ཡིན།

    Reply
  14. གཡུ་རལ་བཀྲ་རྒྱམ། says:
    ལོ་ 15 སྔོན།

    འདི་ཟླའི་ཚེས་ ༧ཉིན་བོད་མདོ་སྨད་མཚོ་ལྷོ་ཁུལ་ཀོས་ནན་རྫོང་གི་ས་ཁུལ་ཆེན་པོ་ཞིག་ལ་མེ་སྐྱོན་ཤོར་འདུག།
    རེས་གཟའ་ཉི་མའི་རྒྱ་ནག་རྩིས་ཀྱི་ཟླ་༡༠་ཚེས་༡་ལ་ཁེལ་ཡོད་པ་དང་ཉི་མ་དེ་ནི་རྒྱ་མི་རིགས་ཀྱིས་དུར་མཆོད་ཀྱི་ཉིན་མོ་ཡིན་པས་མི་ཚང་མ་རང་གི་ཕ་མེས་་ཡང་མེས་ཀྱི་དུར་སར་སོང་ནས་དུར་མཆོད་བྱེད་པའི་ལུགས་སྲོལ་ཞིག་ཡོད་པ་ལྟར་ཁོང་ཚོས་དུར་མཆོད་པའི་སྐབས་སུ་སྤོས་དང་ཤོག་བུ་མེར་བསྒྲོན་དུས་རླུང་གཡུག་ཏེ་སྟབས་མ་ལེགས་པར་ཁུལ་དེའི་བོད་རིགས་འབྲོག་པ་ཚོའི་རྩྭ་ས་ཆེན་པོར་མེ་སྐྱོན་བྱུང་འདུག། ཀོས་ནན་རྫོང་འདབས་ནས་སུམ་འདོ་ཞང་བར་སྤྱི་ལེ་༨༠་ཙམ་གྱི་རྩྭ་ས་ཕན་མེད་བཟོས་ནས་འབྲོག་པ་མང་ཚོགས་ལ་དཀའ་ངལ་འཕྲད་བཞིན་འདུག་ཟེར།

    Reply
  15. སྐྱ་མདའ། says:
    ལོ་ 15 སྔོན།

    འདི་དག་གིས་ངས་སྙིང་ཁོང་དང་སེམས་ཀྱི་འུ་ཁུང་ཡོད་ཚད་ འཁྱག་སིབ་སེ་གཏོང་སོང་། རྗེས་ལུས་བོད་པ་ལགས། ཁྱེད་ཚོོར་བཀའ་དྲིན་ཆེ། གཟི་བརྗིད་ཆེ།

    Reply
  16. མི་ཉག་བཙན་པོ says:
    ལོ་ 15 སྔོན།

    གཞིས་ལུས་མི་དམངས་ནས་༸་གོང་ས་མཆོག་གིས་དབུ་ཁྲིད་འོག་བཙན་
    བྱོལ་གཞུང་གི་སྲིད་བྱུས་ལངས་ཕྱོགས་དེ་མི་རིགས་རང་བཙན་འཐབ་རྩོད་མིནཔ།མི་རིགས་རང་དབང་དང་ཆོས་དང་རིག་གཞུང་འཐབ་རྩོད་ཞིག་ཡིན་པ་ངོས་འཛིན་གསལ་པོ་རྟོགས་པ་དང་།དེ་ལ་རྒྱབ་སྐྱོར་ཀྱི་རྣམ་པ་གསར་པ་
    ཞིག་་མངོན་བཞིན་པ་ནི་བོད་མི་ཡོད་དོ་ཅོག་ཀྱིས་༸་གོང་ས་མཆོག་གི་ལངས་ཕྱོགས་དང་བཙན་བྱོལ་གཞུང་གིས་ཆོས་དང་རིག་གཞུང་སྲུང་སྐྱོབ་ཀྱི་གཉིས་སྨན་གྱི་སྲིད་བྱུས་ལ་བཀུར་རྩི་ཞུས་པ་ཞིག་དང་།དུས་སྐབས་འདི་ཐོབ་ཐང་རྩོད་ལེན་གྱི་དུས་ཚོད་ཞིག་མིན་པ་ཛ་དྲག་གིས་ཆོས་དང་རིག་གཞུང་སྲུང་སྐྱོབ་ཀྱི་དུས་ཚོད་ཡིན་པ་སྙིང་བཅངས་ཐོག།རང་སྲོག་བློ་བཏང་གི་སེམས་ཤུགས་
    དང་མི་འཇིག་པའི་སྤོབས་པ་ཞུམ་མེད་ཀྱི་སྙིང་སྟོབས་ལྷག་བསམ་དང་ལ་རྒྱ་
    དབའ་བོ་ཕོ་རྒོའི་གཟི་རྔམ་དང་ཟིལ་ཤུགས་ཕྱིར་མངོན་པ་ནི་རྒྱ་ནག་གཞུང་ལ་བརྡ་ལན་གསར་པ་ཞིག་ཀྱང་རེད།

    Reply
  17. དཀར་མཚོ་སྐྱིད། says:
    ལོ་ 15 སྔོན།

    བོད་ཀྱི་སྐད་ཡིག་ལ་རྒྱུས་མངའ་མེད་པའི་དེང་རབས་སྤྱི་ཚོགས་ཁྲོད་ཀྱི་བོད་རིགས་མི་ངན་དག་གིས། བོད་སྐད་ཡིག་གིས་དེང་རབས་སྐད་ཡིག་གི་ཚབ་བྱེད་མི་ཐུབ་པར་རློམ་ནས། རང་རེའི་སྐད་ཡིག་གི་ནང་དུ་ཨིན་ཇིའི་སྐད་ཡིག་དང་རྒྱ་གར་སྐད་དང་རྒྱ་མིའི་སྐད་ལ་སོགས་སྐད་རིགས་གཞན་དང་མཉམ་བསྲེས་བྱས་ཏེ་སྦྲགས་སྐད་བེད་སྤྱོད་བྱེད་པ་ནི། ཐོན་མི་ཀུན་ཏུ་བཟང་པོས། རྗེས་འཇུག་བཅུ་བོའི་དོན་ཤེས་ན། །འབྲི་དང་ཀློག་དང་འཆད་རྣམས་ཀྱི། །མཚམས་སྦྱོར་སྒྲ་ལ་ཐོགས་མེད་ཅིང་། །འབྲེལ་བར་སྨྲ་བའི་མཆོག་ཏུ་འགྱུར། །ཞེས་གསུངས་པ་དང་ཡོངས་སུ་འགལ་བར་མ་ཟད། མཁས་པར་རློམ་པ་དེ་དག་ལ་བོད་སྐད་ཡིག་གི་ཤེས་ཡོན་དྲི་མ་ཙམ་ཡང་མི་མངའོ། །

    Reply
  18. ལྷོ་ཕྱོགས་ཉི་ཟླ། says:
    ལོ་ 15 སྔོན།

    མི་རིགས་རང་གི་སྐད་ཡིག་ནི་མི་རིགས་རང་གི་བླ་སྲོག་ཡིན་པ་དང་མི་རིགས་རང་གི་སྐད་ནི་རང་མི་རིགས་ཀྱི་ངོ་བོ་མཚོན་ཕྱིར་ཡིན་པས་གཞི་ལུས་བོད་མི་ཚོས་ཞིམ་པ་མེད་པའི་སྙིང་སྟོབས་དང་བླ་ན་མེད་པའི་ཆོད་སེམས་ངང་ལས་འགུལ་སྤེལ་བ་ལ་་གདུང་སེམས་མཉམ་བསྐྱེད་རྗེས་སུ་ཡི་རང་མུ་མཐུད་དུ་ཞུ་བཞིན་ཡོད།

    Reply
  19. སྤོབས་པ་མཐའ་ཡས། says:
    ལོ་ 15 སྔོན།

    འབྲོག་པ་དང་གྲྭ་བ་ཚོའི་ངོ་རྒོལ་ལས་སློབ་ཕྲུག་གི་ངོ་རྒོལ་ནུས་པ་བརྒྱ་འགྱུར་གྱིས་ཆེ། བོད་ཕྱིའི་ངོ་རྒོལ་ལས་ནང་གི་ངོ་རྒོལ་ནུས་པ་སྟོང་འགྱུར་གྱིས་ཆེ། དྲག་སྤྱོད་ཀྱི་ངོ་རྒོལ་ལས་ཞི་བའི་ངོ་རྒོལ་ནུས་པ་ཁྲི་འགྱུར་གྱིས་ཆེ། ཟིང་སློང་གི་ངོ་རྒོལ་ལས་ཁྲིམས་བསྟུན་གྱི་ངོ་རྒོལ་ནུས་པ་ཁྲི་འགྱུར་གྱིས་ཆེ།

    Reply
  20. lobsang says:
    ལོ་ 15 སྔོན།

    གནས་ཚུལ་མཁོ་སྤྲོད་པ་རྫ་སྐྱེས་ཕུར་བ་ལགས་ལ་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་ཅིག་ད་དུང་དེའི་སྐོར་གྱི་པར་རེ་འདོན་རྒྱུ་མེད་དམ།

    Reply
  21. ཨ་མྱེ says:
    ལོ་ 15 སྔོན།

    གཞིས་ལུས་བོད་མི་ཚོས་རང་མི་རིགས་ཀྱི་བླ་སྲོག་ཏུ་འབོད་པའི་སྐད་ཡིག་ཐད་ལས་འགུལ་སྤེལ་པ་ལ་རི་ཆུ་ཁྲི་ཕྲག་གིས་ཕ་རོལ་ནས་སེམས་དམར་པོས་འཕར་ཁ་ལྡིང་བཞིན་སྤུན་ཟླ་ཚོའི་སྙིང་སྟོབས་ལ་གདུང་སེམས་མཉམ་བསྐྱེད་གྲངས་མེད་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese