མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་ལ་དམངས་གཙོ་ངོ་སྤྲོད།

བོད་ཀྱི་དུས་བབ།
༢༠༡༠/༡༡/༡༢
Share on FacebookShare on TwitterShare on EmailShare on Whatsapp

བྷི་བྷི་སིས་གནས་ཚུལ་སྤེལ་བ་ལྟར་ན། དབྱིན་ཡུལ་སྲིད་བློན་ཌ་ཝེ་ཌེ་ཁ་མེ་རོན་ David Cameron ལགས་ཀྱི་སྣེ་ཁྲིད་འོག་གནད་ཡོད་མི་སྣ་ ༤༣ ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་ཞིག་ཟླ་འདིའི་ཕྱི་ཚེས་ ༩ ཉིན་རྒྱ་ནག་ལ་ཉིན་གཉིས་རིང་གི་སྐོར་སྐྱོད་བྱས་ཡོད་པ་དང་། སྐབས་དེར་ཧུའུ་ཅིན་ཐོ་དང་ཝུན་ཅ་པོ་གཙོས་རྒྱ་ནག་གི་དཔོན་རིགས་ཁག་ཅིག་དང་ཐུག་འཕྲད་བྱས་ཡོད་ཅིང་། ཐེངས་འདིའི་ཁོང་གི་རྒྱལ་དོན་གཟིགས་སྐོར་ནི་རྒྱལ་ཁབ་གཉིས་བར་གྱི་ཚོང་འབྲེལ་སྐོར་ཡིན་རུང་། ཁོང་གིས་སྤོབས་པ་ཆེན་པོས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་དང་སྨྲ་བརྗོད་རང་དབང་། དམངས་གཙོའི་ཁེ་ཕན་སོགས་ཀྱི་ཐད་ལ་གླེང་སློང་ཤུགས་ཆེན་བྱས་ཡོད་སྐོར་བཀོད་འདུག

སྲིད་བློན་ཌ་ཝེ་ཌེ་ཁ་མེ་རོན་ཀྱིས་པེ་ཅིན་སློབ་གྲྭ་ཆེན་མོ་རུ་གཏམ་བཤད་ཅིག་གནང་སྐབས། གལ་སྲིད་དེ་དགོང་དྲོ་རང་ང་འདིར་ཡོང་མེད་ཚེ། ཕལ་ཆེར་ངས་གྲོས་ཚོགས་འཐུས་མི་ཚོའི་དྲི་བར་ལན་ག་འདྲ་འདེབས་དགོས་མིན་ཐད་གྲ་སྒྲིག་བྱེད་བསྡད་ཡོད་ཀྱི་རེད། གྲོས་ཚོགས་ནང་གྲོས་ཚོགས་འཐུས་མི་དང་ཁ་གཏད་ཚོགས་པ་སོགས་ཀྱིས་ང་ལ་གཞུང་གི་སྲིད་ཇུས་དང་འབྲེལ་བའི་གནད་དོན་གང་འདྲ་ཞིག་གི་སྟེང་རང་དབང་ཐོག་དྲི་བ་བཏང་ཆོག་གི་རེད། ཕྱོགས་མཚུངས་གསར་ལམ་ཁག་དང་ཁྲིམས་ཁང་སོགས་ཀྱི་གནོན་ཤུགས་ཀྱང་ཡོད་ཡོད་པ་རེད། དེ་ཚོས་དབང་ཤེད་དང་མཚམས་རེར་སུན་སྣང་ཀྱང་སྟེར་སྲིད་མོད། དོན་དངོས་ཐོག་ཁོང་ཚོས་ང་ཚོའི་སྲིད་གཞུང་ཇེ་ལེགས་དང་རྒྱལ་ཁབ་ཇེ་བརྟན་དུ་གཏོང་གི་ཡོད་པར་ཚང་མས་ཡིད་ཆེས་བྱེད་ཀྱིན་ཡོད། ཅེས་དང་།

ཁོང་གིས་རྒྱ་ནག་ནང་གསར་འགྱུར་རྒྱུད་ལམ་ཁག་ལ་གཞུང་གིས་སྟངས་འཛིན་དང་དྲ་ཐོག་སྐྱོན་བརྗོད་རིགས་ལ་དམ་དྲག་བྱེད་ཀྱིན་ཡོད་པར་ཟུར་ཟའི་ཚུལ་དུ། ང་ཚོར་རང་དབང་ལྡན་པའི་གསར་ལམ་དང་སྨྲ་བརྗོད་རང་དབང་ཡོད་པ་རེད་ལ། གཞུང་དང་མང་ཚོགས་བར་ལྟ་ཚུལ་འདྲ་མིན་ཡོང་གི་ཡོད་པ་དེ་མཚམས་རེར་དཀའ་ངལ་འདྲ་བོ་ཞིག་མཐོང་གི་རེད་མོད། སོ་སོའི་སྤྱི་ཚོགས་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བའི་གནད་དོན་རིགས་ལ་དབྱིན་ཇིའི་མང་ཚོགས་གོ་རྟོགས་ཡོད། མང་ཚོགས་ལ་གོ་རྟོགས་ཡག་པོ་ཡོད་པ་ལ་བརྟེན་ནས་གནད་དོན་གང་གི་ཐད་ལའང་བསམ་འཆར་འདོན་རྒྱུའི་བློ་སྤོབས་ཡོང་གི་ཡོད་པ་དེས། གཞུང་གི་སྲིད་ཇུས་གཏན་འབེབ་བྱ་རྒྱུར་ཕན་ཐོགས་ཆེན་པོ་ཡོད་པ་རེད། ཅེས་དང་།

ཁོང་གིས་མུ་མཐུད་རྒྱ་ནག་གི་ཆབ་སྲིད་བཅོས་སྒྱུར་དང་སྨྲ་བརྗོད་རང་དབང་སྐོར་ནས་སྐུལ་འདེད་བྱས་དོན། ཉེ་བའི་ལོ་འགའི་རིང་རྒྱ་ནག་གི་དཔལ་འབྱོར་སྒོ་འབྱེད་རྒྱ་ཇེ་ཆེར་སོང་བ་དེས་རྒྱ་ནག་དང་རྒྱལ་སྤྱིའི་དཔལ་འབྱོར་ཐད་ཁེ་ཕན་ཆེན་པོ་བྱུང་ཡོད། ངའི་རེ་བར་དུས་ཚོད་ངེས་ཅན་ཞིག་གི་ནང་དཔལ་འབྱོར་སྒོ་འབྱེད་ཆེན་མོ་འདིས་རྒྱ་ནག་གི་ཆབ་སྲིད་སྒོ་འབྱེད་ལ་སྣེ་འཁྲིད་རྒྱུ་དེ་ཡིན། ང་རང་གིས་དཔལ་འབྱོར་དང་ཆབ་སྲིད་ཀྱི་འཕེལ་རྒྱས་ཟུང་འབྲེལ་ཐོག་འགྲོ་རྒྱུ་དེ་རྒྱལ་ཁབ་སྲ་བརྟན་དང་འཕེལ་རྒྱས་ཐད་ཀྱི་ཁག་ཐེག་ཅིག་ཡིན་པར་ཡིད་ཆེས་བྱེད་ཀྱི་ཡོད། ཅེས་བརྗོད་འདུག

ཕྱི་ཚེས་ ༩ ཉིན་ཁོང་སྲིད་བློན་ཝུན་ཅ་པོ་དང་ཐུག་འཕྲད་སྐབས། ཉལ་ཐའི་མེ་ཏོག་ཅིག་བྲང་ཁར་བཏགས་ཏེ་ཚོགས་འདུར་ཞུགས་ཡོད་འདུག སྤྱིར་ཉལ་ཐའི་མེ་ཏོག་དེ་དམག་འཁྲུག་མེད་པའི་མཚོན་དོན་ཞིག་ཡིན་རུང་། ཐེངས་འདིར་དབྱིན་ཇིའི་སྲིད་བློན་གྱིས་བཏགས་ཡོད་པ་དེ་ཆེད་དུ་དུས་རབས་ ༡༩ བའི་ནང་གི་ཉལ་ཐའི་དམག་འཁྲུག་སྐབས་དབྱིན་ཇིས་རྒྱ་ནག་ཕམ་པར་བརྒྱབ་ཏེ། བཙན་ཤུགས་འོག་ཉལ་ཐའི་ཚོང་རྒྱག་བཅུག་པ་དེ་དྲན་གསོ་བྱས་ཏེ་རྒྱ་ནག་ལ་བརྙས་བཀོལ་བ་ཞིག་ཡིན་འདུག་ལ། དབྱིན་ཇིའི་དཔོན་རིགས་ཚོས་རྒྱ་ནག་གི་ཕྱོགས་ནས་ཉལ་ཐའི་མེ་ཏོག་དེ་ལེན་དགོས་པའི་རེ་བ་འདོན་སྲིད་པར་ཚོད་དཔག་བྱས་ཡོད་ཀྱང་། རྒྱ་ནག་གིས་དེ་ལ་དོ་སྣང་གང་ཡང་བྱུང་ཡོད་མི་འདུག

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

ཆུ་ཚོད་ ༥ སྔོན་ལ།
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

ཆུ་ཚོད་ ༦ སྔོན་ལ།
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

མཆན། 1

  1. འཇམ་དབྱངས། says:
    ལོ་ 15 སྔོན།

    དབྱིན་ཇིའི་སྲིད་བློན་མཆོག་གིས་གནད་དུ་འཁེལ་བའི་གཏམ་བཤད་ཅིག་གནང་སོང་། ད་དུང་དཔོན་རིགས་གཞན་དག་གིས་ཀྱང་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་ཡར་རྒྱས་སྐོར་ལ་གནད་དུ་ཁེལ་བའི་གཏམ་བཤད་རེ་བྱེད་རྒྱུའི་སྤོབས་པ་དང་གནོན་ཤུགས་རེ་སྤྲོད་ཐུབ་པའི་བློ་ཁོག་སླེབས་ཐུབ་ན་ཅི་མ་རུང་བསམ་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese