མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མི་ ༦༤ ཡི་ཚེ་སྲོག་ཤོར།

བོད་ཀྱི་དུས་བབ།
༢༠༡༠/༡༡/༡༦
Share on FacebookShare on TwitterShare on EmailShare on Whatsapp

 

ཁ་སང་ཕྱི་ཚེས་ ༡༥ ཉིན་ལྡི་ལི་ལཱ་ལེ་ཊ་ Lalita Park ཉེ་འཁོར་གྱི་ཁང་བརྩེགས་ཆེན་པོ་ཞིག་རྡིབ་སྐྱོན་བྱུང་སྟེ། མི་ ༦༤ ལྷག་གི་ཚེ་སྲོག་ཤོར་ཡོད་ཅིང་། མི་སུམ་བཅུ་ལྷག་ཅིག་ཁང་པའི་ཞིག་རལ་འོག་ནས་བསྐྱབས་ཐུབ་པ་བྱུང་འདུག ཁང་བརྩེགས་འདིར་དེ་སྔ་ཐོར་ཞིག་དང་རྡིབ་སྐྱོན་འབྱུང་སྲིད་པའི་རྟགས་མཚན་གང་ཡང་མེད་པར་གློ་བུར་དུ་བརྡིབས་པ་ཞིག་ཡིན་འདུག་ལ། འབྲེལ་ཡོད་མགོ་ཁྲིད་ཚོས་བརྗོད་པ་ལྟར་ན། ད་ལོའི་ཆར་དུས་སྐབས་ལྡི་ལི་གྲོང་ཁྱེར་ཡོངས་ཆར་བ་ཤུགས་ཆེན་བབས་ཡོད་པ་དང་། ལྷག་པར་དུ་ལཱ་ལེ་ཊ་ས་གནས་སུ་ས་འོག་གི་ཆུ་ཤུགས་ཆེར་རྒྱས་ཏེ། ཁང་བརྩེགས་མང་པོ་ཞིག་གི་རྨང་གཞིར་སྐྱོན་ཤོར་ཡོད་ཚུལ་བཤད་འདུག

ས་གནས་མང་ཚོགས་ཀྱིས་བརྗོད་གསལ་ལྟར་ན། ཁང་བརྩེགས་དེ་སྐད་ཅིག་ཙམ་གྱི་དུས་ཡུན་ནང་བརྡིབས་ཏེ་མི་མང་པོར་སྲོག་སྐྱོན་བྱུང་ཞིང་། ད་དུང་ཧ་ཅང་མང་པོ་ཞིག་སྲོག་ཉེན་ལ་ཐུག་ཡོད་ཀྱང་། ཉེན་རྟོག་པ་དང་མྱུར་སྐྱོབ་རུ་ཁག་དུས་ལྟར་བསླེབས་མ་བྱུང་ཟེར། རང་ལོ་བཅོ་བརྒྱད་ཡིན་པ་ནེ་རན་ཇན་ Niranjan གྱིས་ཁོ་རང་གི་མཐོང་སྣང་བརྗོད་དོན། ང་སློབ་གྲྭ་ནས་ཕྱིར་ནང་ལ་ཡོང་བཞིན་པའི་སྐབས་སུ། ཁང་བརྩེགས་དེ་སྐད་ཅིག་ལ་བྱེ་མ་ཉིལ་བ་ལྟར་བརྡིབས་སོང་ཟེར་ཞིང་། སློབ་བུ་ནེ་རན་གྱི་ནང་མི་རྣམས་ཀྱང་ཁང་བརྩེགས་དེའི་ནང་ཡོད་འདུག

མི་མང་པོ་ཞིག་གིས་དོན་རྐྱེན་འདིའི་ཐད་ནས་རྒྱ་གར་གཞུང་ལ་སྐྱོན་བརྗོད་བྱེད་ཀྱིན་ཡོད་པ་ནི། རྒྱ་གར་གྱི་ཁང་པའི་འཛུགས་སྐྲུན་ཚང་མ་ཚོང་ལས་ཐོག་ཕྱིན་ཏེ་ཁེ་ལས་ཁོ་ནར་དམིགས་ཏེ་ཁང་པའི་རྨང་གཞིའི་འཛུགས་སྐྲུན་སྲ་བརྟན་མེད་པ་དང་། དེ་ལས་ཀྱང་ཚབས་ཆེ་བ་ནི་ཁང་པའི་འཛུགས་སྐྲུན་གྱི་མ་དངུལ་ལས་ལྐོག་ཟ་ཤུགས་ཆེན་བྱས་པའི་དབང་གིས་འཆར་འགོད་ལྟར་ཁང་པའི་སྤུས་ཚད་ལེགས་པོ་ཡོང་ཐུབ་ཀྱི་མེད་སྐོར་རྗོད་ཀྱི་ཡོད་འདུག

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་ཡིག བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༡༣ 
༧གོང་ས་མཆོག གསུང་འཕྲིན།

བོད་མི་ནང་ཁུལ་བོད་སྐད་ཡིག་སྦྱོང་སྤྱོད་དགོས་པའི་བཀའ་སློབ་ནན་པོ་ཕེབས་འདུག

ཆུ་ཚོད་ ༢ སྔོན་ལ།
Mobile App

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

ཆུ་ཚོད་ ༢༡ སྔོན་ལ།
རྟག་བརྟན་ལའི་བགྲོད་ལམ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༡༢
Mobile App

ཆར་དུས་བསླེབ་རྒྱུར་ཟླ་གསུམ་ལྷག་ལས་མེད་པས་གཙུག་ལག་ཁང་གི་གཤམ་འོག་གཞུང་ལམ་ཞིག་གསོ་མ་ཐུབ་ན་འགྲོ་ལམ་རྦད་དེ་ཆད་ཉེན་འདུག

ཆུ་ཚོད་ ༢༡ སྔོན་ལ།
བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༣།༡༢ དུས་བབ་གསར་ཁང་གི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གལ་སྲིད་འཛམ་གླིང་ནང་ཞི་བདེ་དགོས་ན་རྒྱ་ནག་ནང་ཞི་བདེ་ཡོང་དགོས་ཞེས་གསུངས།

ཆུ་ཚོད་ ༢༡ སྔོན་ལ།
གསུམ་བཅུའི་དུས་དྲན་ཉིན་ཨོ་གླིང་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་ཌི་ཝི་ཌི་སི་མི་ཐི་ལགས་ཀྱིས་བོད་དོན་ཐོག་གཏམ་བཤད་གནང་། པར་ཐད་གཏོང་ནས་བླངས།
Mobile App

ཨོ་གླིང་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་འཆར་བཏོན།

ཆུ་ཚོད་ ༢༢ སྔོན་ལ།
རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

༢༠༢༦/༠༣/༡༡

མཆན། 4

  1. ནད་པ says:
    ལོ་ 15 སྔོན།

    རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཁང་པ་རྡིབ་སྐྱོན་བྱུང་ཏེ་མི་ཤི་སྐྱོན་ཆག་དང་ནང་མི་བུ་ཕྲུག་མང་པོར་གོད་ཆག་ཆེན་པོ་ཕོག་པ་དེར་གདུང་སེམས་མཉམ་བསྐྱེད་ཞུ།

    བཙན་བྱོལ་བས་གསུངས་པ་ལྟར་འཛམ་གླིང་ཁྱོན་ཡོངས་ནས་རྒྱ་གར་རྒྱལ་ཁབ་དང་རྒྱ་གར་མི་རིགས་དེ་ལས་ལྷག་པའི་བཀའ་དྲིན་ཅན་ཞིག་སྔར་ནས་ད་བར་བོད་རྒྱལ་ཁབ་དང་བོད་མི་རིགས་འདིར་བྱུང་མྱོང་མེད།

    དེ་འདྲ་སོང་ཙང་༸ གོང་ས་སྐྱབས་མགོན་པོ་མཆོག་དང་། བཙན་བྱོལ་བོད་གཞུང་དང་། གཞུང་འབྲེལ་མིན་པའི་ཚོགས་པ་ཁག ལྷག་དོན་རྒྱ་གར་རྒྱལ་ས་ལྡི་ལིར་ཡོད་པའི་བོད་གཞུང་སྐུ་ཚབ་དོན་གཅོད་དང་། ལྡི་བོད་སྒར། ཁ་ཐོར་བོད་རིགས་སྤྱི་ཡོངས་ཀྱིས་གདུང་སེམས་མཉམ་བསྐྱེད་དང་འབྲེལ་ནས་གང་ཐུབ་ཀྱིས་བཅོས་མིན་སེམས་པ་མཚོན་བྱེད་འཚམས་འདྲི་དང་སེམས་གསོའི་རྒྱབ་སྐྱོར་གང་མགྱོགས་གནང་གལ་ཆེ་བ་ཞིག་ཡིན།

    གནད་དོན་དེའི་ཚོའི་རིགས་ནི་གློ་བུར་དུ་བྱུང་བའི་གོད་ཆག་ཡིན་སྟབས་མི་དམངས་ཚོ་སེམས་སྡུག་ཧ་ཅང་ཆེན་པོ་ཡོད་སྟབས་ང་ཚོས་འཕྲལ་མར་སྣང་ཆུང་དུ་མ་བཏང་བར་གཞུང་དང་མི་དམངས་ཡོངས་ཀྱིས་གདུང་སེམས་མཉམ་བསྐྱེད་དུས་ཐོག་ཏུ་བྱེད་ཐུབ་དགོས།

    གནད་དོན་དེ་ཚོས་མ་འོངས་བཙན་བྱོལ་བོད་གཞུང་དང་། གཞུང་འབྲེལ་མིན་པའི་ཚོགས་པ་ཁག སྐྱབས་བཅོལ་བོད་རིགས་སྤྱི་ཡོངས་ཀྱི་ཐོག་རྒྱ་གར་དབུས་གཞུང་དང་ལྷག་དོན་ས་གནས་རྒྱ་གར་མི་དམངས་ཀྱིས་བལྟ་ཚུལ་དང་མཐོང་སྣང་སོགས་ཕྱོགས་མང་པོར་དགེ་མཚན་ལྡན་ཡོད།

    Reply
  2. ཐ་ཧྭར་སྐལ་བཟང་། says:
    ལོ་ 15 སྔོན།

    རྒྱ་གར་གྱི་གནས་ཚུལ་སྡུག་པོ་འདི་གཅིག་པོ་མ་ཡིན་པར། ཁ་སང་ཁེ་ཉིན་ཞིག་ལ་རྒྱ་ནག་གི་གྲོང་ཁྱེར་ཧྲང་ཧེ་ནས་ཁང་བརྩེགས་མཐོ་བོ་ཞིག་ལ་མེ་ཤོར་ཞིང་། རྒྱ་རྒན་བཞི་བཅུ་ལྷག་གྲོངས་པ་དང་དྲུག་ཅུའི་ནང་རྨས་འདུག་ཟེར། གནས་ཚུལ་དེ་དུས་བབས་ཀྱི་ཟ་དང་ཟུར་ཞིག་ལ་བཀོད་ཐུབ་ན་ཡག་འདུག

    Reply
  3. ཨ་རིག་དགེ་མཐོང་། says:
    ལོ་ 15 སྔོན།

    ངའི་མཆན་འདི་འོག་ཏུ་འགོད་དོན་མ་མཆིས།་ཁ་བྱང་ནང་དུ་གཏགས་ནོར་ཤོར་འདུག་ལགས།

    Reply
  4. བཙན་བྱོལ་བ་ says:
    ལོ་ 15 སྔོན།

    ངོ་མ་སེམས་པ་སྐྱོ་དགོས་པ་ཞིག་རེད་ རྒྱ་གར་ནང་དུ་ཆག་སྒོ་གང་འདྲ་བྱུང་ན་ཡང་ང་ཚོ་བོད་རིགས་རྣམས་ལ་སེམས་འཕྲལ་ལོས་ཡོད་ དེ་ཡང་ཡོད་དགོས་པ་ཡིན་ ཁོ་བོས་བལྟས་ན་རྒྱལ་ཁབ་ཚང་མའི་ནང་ནས་རྒྱ་གར་དེ་ང་ཚོར་བཀའ་དྲིན་ཆེ་ཤོས་ཡིན་ འགའ་ཤས་ཀྱིས་རྒྱ་གར་སྡུག་ཅག་རེད་ཟེར་བ་དང་རྒྱ་གར་མཉམ་དུ་ལམ་སེང་རྒྱག་འདྲེས་རྒྱག་ཆོག་ཆོག་གནང་བ་ནི་མི་རུང་བ་ཡིན་ དྲིན་ལ་དྲིན་ལན་མི་ཤེས་པ་དེ་རྒྱུ་དག་མེད་པའི་རྟགས་རེད་ འགའ་ཤས་རྒྱ་གར་བ་འགའ་ཤས་ཀྱི་བྱ་སྤྱོད་ལ་བརྟེན་ནས་རྒྱ་གར་བ་འདི་ཚོ་སྤང་གོ་ སྤྲང་པོ་རེད་ཟེར་བ་དང་ ཡང་འགའ་ཤས་དེ་ལས་ཚབ་ཆེ་བ་ཞིག་ལ་རྒྱ་གར་བ་ལས་རྒྱ་ནག་པ་ཡག་གི་རེད་ཟེར་མཁན་ཡང་འདུག་ དེ་ནི་ངོ་མ་འགོད་བྲོ་བ་ཞིག་ཡིན་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese