མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཙལ་ཡང་མ་རྙེད་པའི་བརྩེ་དུང་། བརྒྱད།

བོད། ཤ་ཁྲག་རུས་གསུམ།
༢༠༡༠/༡༡/༡༧
Share on FacebookShare on TwitterShare on EmailShare on Whatsapp

                                                             བརྒྱད།

ཕྱི་རོལ་ནི་དངོས་ནས་ཁ་ཁུ་སིམ་པོ་ཡིན་པ་དེ་ཡིས་ཀྱང་། ངེད་གཉིས་ལ་ཁ་རོག་གེར་བསྡོད་ཅིག་ཟེར་བ་དང་མཚུངས་ན་ཡང་། བདེ་སྐྱིད་འཚོས། ང་ལ་ཁྱེད་རང་གི་མུ་མཐུད་དུ་ཉན་རྒྱུ་ཡིན་ནམ།

སྐད་ཆ་དེས་ང་རང་སྨན་ཁང་གི་སྒོ་འགྲམ་ནས་ཁོ་རང་གི་ཁྱོ་ག་དེ་ཡི་འགྲམ་དུ་སླེབས་རེག་བར་གྱི་སྣང་ཚུལ་དག་མིག་ལམ་དུ་གློག་བརྙན་བཞིན་ཤར་དུ་བཅུགས། ངས་ཁྱེད་རང་གི་སེམས་པ་སྐྱིད་པོ་མེད་ན། རེ་ཞིག་རིང་མ་གསུངས་ཀྱང་འགྲིག་གི རྗེས་ནས་ག་ལེར་སེམས་པ་ལྷོད་དུ་འབབ་ན་ང་ལ་གསུང་ན་འགྲིག་གི་རེད། ངས་ཀྱང་ཁྱེད་ཀྱི་སྐྱོ་གདུང་གི་མི་ཚེའི་ལོ་རྒྱུས་དེ་གང་ཐུབ་ཅི་ཐུབ་ཀྱིས་ཡིག་ཐོག་དུ་ཕབ་ནས། ང་ཚོའི་རྗེས་རབས་པ་དག་ལ་དྲན་རྟེན་དུ་འཇོག་འདོད་ཡོད།

བདེ་སྐྱིད་འཚོས། ལྷིང་འཇག་གི་མཚན་མོ་དེར། སླར་ཡང་མི་དམངས་སྨན་ཁང་ནང་གི་ཁོ་རང་གི་ཁྱོ་གའི་སྐོར་ནས་མུ་མཐུད་དུ། ང་རང་ཁོའི་འགྲམ་དུ་སླེབས་དུས། ཁོ་རང་དྲན་པ་འཐོར་འདུག དབུགས་ལེན་བཞིན་པ་མ་གཏོགས་རོ་ཞིག་དང་ཁྱད་པར་ཅུང་མི་འདུག ང་རང་དེ་ཡི་འགྲམ་དུ་བཙོག་ནས་ངུས་ཀྱང་། ཁོ་བོའི་ག་ལ་་རྟོགས། གཉེར་རྟོགས་པ་དེ་ཡིས་ང་ལ་བདེ་སྐྱིད་འཚོ། ད་མ་ངུ་། ཁོ་རང་གི་སྐད་ཆ་བཤད་མི་ཐུབ་པ་མ་གཏོགས། སྐད་ཆ་ཚང་མ་གོ་ནི་རེད།

ངས་ཉལ་ཁྲི་འགྲམ་དེར་རྐུབ་སྟེགས་ཤིག་ཡོད་པ་དེ་ཡི་སྟེང་ལ་བསྡད་ནས། གཉེར་རྟོགས་པ་དེར་ཁྱེད་རང་བཀའ་དྲིན་ཆེ་ལགས། ནམ་རྒྱུན་དུ་ཆང་ཁང་ནང་ནས་དོན་དག་དེ་འདྲ་བྱུང་གི་ཡོད་རབས་མེད་ལ། དོ་ནུབ་དོན་དག་དེ་འདྲ་བྱུང་འདོད་གང་ཡིན་ན། ཉིད་ནས་ཤེས་སོང་ངམ་ཞེས་དྲིས་དུས། ཁོ་རང་གིས་མཚན་མོ་དེར་ང་ལ་གང་ཡང་གསུངས་མ་སོང་། ཕྱིར་ཉིན་ཆང་ཁང་ནང་དུ་འགན་འཛིན་བསྟན་རྡོར་ཟེར་བའི་ཕོོ་གསར་ཞིག་ཡོད། ཁོ་རང་སླེབས་ནས་ང་རང་ལ་དོན་དག་ཚང་མ་གསལ་བོ་བཤད་། གཞི་ནས་དོན་དག་དེ་ཡི་སྣ་འདྲེན་ང་རང་ཆགས་ཡོད་པ་ཤེས་ཀྱང་། ངས་སྐད་ཆ་དེ་དག་སུ་ལ་གསལ་བཤད་བྱེད།

ངའི་ཁྱོ་ག་ཚེ་རིང་དོན་འགྲུབ་ཀྱིས་ངེད་གཉིས་མཉམ་དུ་བསྡད་པ་ནས་ཨ་རག་གཏན་ནས་འཐུང་གི་མེད། དོན་དག་དངོས་ནས་དེ། ཁོ་རང་གི་ཆང་ཁང་གི་སྐུ་མགྲོན་རྙིང་ཤོས་དང་། ཁོ་རང་གི་གྲོགས་པོ་རྡོར་བསྟན་གྱིས་ཁོ་རང་ལ་ངོ་འཚང་དྲིས་འདུག ཆང་འཐུང་རོགས་ཤིག་ཀྱང་མི་ཉན། རྒན་མོ་ནང་དུ་བཅུགས་ནས་མི་གཞན་དང་དགའ་རོགས་བསྒྲིགས་བཅུགས། ཁྱེད་རང་གིས་འདི་ནས་དཀའ་ལས་བརྒྱབས། ཆང་དེ་ལ་ཁག་བཞག་ནས་གླུ་བླངས་ཟེར་བ་ལྟར། ངའི་ཁྱོ་གའི་རྡོར་བསྟན་གྱིས་སྐད་ཆ་དེ་ཡི་ལན་འདེབས་ཆེད་དུ། ཁོ་དང་མཉམ་དུ་གཏམ་ངན་དེ་ལ་ཁག་བཞག་ནས་ཆང་འཐུང་འདུག ཁོ་གཉིས་ཀྱིས་ཆང་འཐུང་ནས་ལྷོད་ལྷོད་ཡོད་དུས། ཆང་ཁང་ནང་དུ་ཕོ་གསར་ཁ་ཤས་ཀྱིས་འཁྲིག་པ་བརྒྱབས་འདུག

ཚེ་རིང་དོན་འགྲུབ་ཀྱིས་རྡོར་བསྟན་བཞག་ནས་གོམ་ཁ་འཁྱོར་བཞིན། འཁྲིག་འཛིང་བྱེད་ཀྱིན་པའི་བར་དེར་སླེབས་དུས། ར་བཟི་ཞིག་གིས་གྲི་རིང་ཞིག་འཁུར་ནས་རྒྱུགས་ཡོང་གི་ཡོད་པ་དང་འཕྲད་ནས། མི་དེས་སྔོན་ལ་འགྲོ་བཞིན་པའི་ར་བཟི་དེ་ལ་མ་འཕོག་པར། ངའི་ཁྱོ་ག་ཚེ་རིང་དོན་འགྲུབ་འཁྱར་འཁྱོར་ཡོང་བཞིན་པ་དེ་ལ་བརྒྱབས་འདུག ནམ་རྒྱུན་དུ་ཁོ་རང་གཟུགས་པོ་མྱུར་མོ་ཞིག་ཡོད་ཀྱང་། དེ་ནུབ་ཆང་གི་བཟི་བའི་སྒང་ལ་རིགས་པ་ཡང་མི་གསལ་་བའི་སྒང་ཡིན་སྟབས། རྐྱེན་ངན་པ་དང་འཕྲད་ན་གཡོལ་ཐབས་མེད་ཟེར་བ་ཅིས་མི་བདེན།

གྲི་རིང་གཡུགས་ཐེངས་ཤིག་གིས་ངའི་ཁྱོ་ག་ཚེ་རིང་དོན་འགྲུབ་ཀླད་ལྟག་ལ་འཁེལ་ནས་དེ་རུ་འགྱེལ་འདུག འགན་འཛིན་བསྟན་རྡོར་གྭིས་དེ་མཐོང་མ་ཐག གཉེན་་རྟོགས་པ་འབོད་དུ་ཕྱིན་འདུག དེ་རུ་་སོང་བར་ཁྲག་མང་བོ་ཞིག་བཞུར་དུ་བཅུགས་མེད་རྒྱུ་ན། དེ་དུས་གང་ཙམ་ཕན་ཡོད་ས་རེད། གཉེན་རྟོགས་པ་དང་བསྟན་རྡོར་ཆང་ཁང་དུ་སླེབས་དུས་རྡོར་བསྟན་གྱིས་ངའི་ཁྱོ་ག་ཚེ་རིང་དོན་འགྲུབ་སྐྱོར་ནས་ངའི་གྲོགས་པོ་དགའ་བོ་ཟེར་ནས་ཀུ་འདེབས་ཀྱིན་ཡོད་ཀི་ཟེར།

དོན་དག་ཚང་མ་ཤེས་ན་ཡང་། ད་ནི་ཡོད་ཚད་འཕྱི་དྲགས་པ་ལའང་སྙམ་ནས་སེམས་པ་སྐྱོ་བཞིན། སྨན་པས་གང་གསུངས་པ་དེ་ལ་ན་པ་ཡིན། སྨན་པས་བཤད་ན་ཁོ་རང་གི་ཀླད་པའི་ནང་དུ་སྐྱོན་ཞུགས་འདུག གཅིག་བྱས་ན་སྐད་ཆ་བཤད་མི་ཐུབ་པའི་སྒང་ལ། ཉལ་སའི་ནང་དུ་ཡུན་རིང་ལས་ས་རེད། ཡག་ཤོས་ཡིན་ན་ཁོ་རང་གི་འགྲམ་ནས་མ་ངུ་། སྐད་ཆ་མ་བཤད། ཁོ་རང་ཁ་ཁུ་སིམ་པོར་ཞོག་དང་། ཕྱིར་དྲན་པ་རྙེད་ཀྱང་སྲིད།

རྫོང་མཁར་ནས་སྡེ་བའི་ནང་དུ་འགྲོ་མཁན་ཞིག་ལ་སྐད་བཏང་བ་ཡིན། ངའི་ཕ་མ་གཉིས་ང་རང་ལ་གང་མགྱོགས་མགྱོགས་ཤིག་བལྟ་བསྐོར་བྱེད་དུ་ཡོང་རོགས། ང་ལ་དོན་དག་འཚབ་ཆེན་ཞིག་བྱུང་འདུག་གསུངས་རོགས་ཞེས་སྐད་སྐུར་ནས་ངའི་ཕ་མ་གཉིས་མ་འབྱོར་གོང་དེར། ཚེ་རིང་དོན་འགྲུབ་ཀྱི་ཕ་མ་གཉིས་ཀ་སྔོན་དུ་སླེབས་སོང་། ཁོའི་ཨ་མས་ཁོ་རང་མཐོང་བ་དང་དྲན་པ་འཐོར་སོང་། བུ་གཅིག་པོ། གཅེས་ཕྲུག་ཟེར་བའི་ཚིག་བརྡབ་བརྡུབ་ཅིག་མ་གཏོགས་ཚིག་གཞན་གང་ཡང་གསུངས་མ་སོང་།

མུ་འགོད།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 3

  1. sha tak ri sim says:
    ལོ་ 16 སྔོན།

    ཁྱེད་གཉིས་ཀྱི་སྐད་ཆ་སེམས་སུ་བཟུང་ནས། ངས་ཤུ་རེ་གོ་རེ་བྱེད་ཡ་་་་

    མུ་མཐུད་དུ་ལམ་སྟོན་རེ་བྱེད་དུ་ཕེབས་ཀི་བསྡོད། ངེད་ཚང་གི་སྒོ་ཁ་ན་སྤུན་ཟླ་ཚང་མར་བསུ་བ་བྱེད་མཁན་གྱི་བདེ་སྐྱིད་འཚོ་ཡོད། ཁོ་མོ་དངོས་ནས་མགྲོན་ལ་བཟང་།

    Reply
  2. karmadentse says:
    ལོ་ 16 སྔོན།

    ངས་འདི་ལ་ཡོང་ནས་སྐད་ཆ་ཁ་ཤས་བཤད་ན་འདོད་ཡོད་མོད། ཨ་འཇིགས་འདྲ་བོ་འདི་ཡོང་ནས་ངའི་བཤད་རྒྱུ་ཚང་མ་བཤད་ཚར་འདུག ད་ང་ལ་བཤད་རྒྱུ་གཅིག་ལྷག་ཡོད་ནོ་ཨ་འཇིགས་ཀྱི་བསམ་ཚུལ་ལ་ཐད་པ་ཡོད་ཟེར་རྒྱུ་དེ་རེད། ཇོ་ལགས་བཞུར་གི་སྡོད།

    Reply
  3. jigme says:
    ལོ་ 16 སྔོན།

    ཡག་པོ་བྲིས་འདུག ཡར་རྒྱས་ངེས་པར་དུ་ཡོད་དགོས་པ་ནི་ཁྱོད་ཀྱིས་ལོས་ཤེས། མིང་ཚིག་གལ་ཆེ་ཤོས་ཤིག་ལ། ཉེན་རྟོག་པ། ནོར་དུ་མ་འཇུག སྨོན་ལམ་ཚིག་མཛོད་ཁྱོད་ཀྱི་རྩིས་འཁོར་ནང་དུ་ཡོད་དམ། མེད་ན་བླུགས་རོགས།

    དོན་གྱི་གནད་ཐམས་ཅད་ཚིག་གི་དག་དང་སྦྱོར་བས་སྟོན་གྱི་ཡོད་པ་ནི་སུས་ཀྱང་བསྙོན་དུ་མེད། དེར་བརྟེན། དག་ཆ་དང་ཚིག་སྦྱོར་ལ་གལ་ཆུང་དུ་ལྟ་བ་ནི་གཡང་ལ་མཆོངས་པའོ༎ ལེགས་པའི་ཕྱོགས་ངས་བཤད་དགོས་པ་མི་འདུག སྐྱོན་རེ་ཟུང་བཤད་རྒྱུ་ཡིན། རྒྱུ་མཚན་ནི་ངོ་ཤེས་པས་སོ། །

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese