མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལྕམ་ཨང་སིན་སུའུ་ཀཱེ་དང་བོད་པའི་བུ་མོ།

བོད་ཀྱི་དུས་བབ།
༢༠༡༠/༡༡/༡༨
Share on FacebookShare on TwitterShare on EmailShare on Whatsapp

བོད་དང་ཨང་སིན་སུའུ་ཀཱེ་བར་འབྲེལ་བ་གང་འདུག་ཟེར་ན། ཕྱོགས་གཉིས་ཀས་འཚེ་མེད་ཞི་བའི་ཐོག་ནས་འཐབ་རྩོད་བྱེད་ཀྱི་ཡོད་ལ། ཁོ་མོའི་བཟའ་ཟླ་མཱེ་ཀུ་ཨེརུ་སི་ལགས་ནི་བོད་རིག་པའི་ཆེད་མཁས་པ་ཞིག་ཡིན་པ་མ་ཟད། ཁོང་གཉིས་མཉམ་འབྲེལ་ཐོག་བོད་དོན་སྐོར་ལ་དཔེ་དེབ་ཅིག་ཀྱང་བྲིས་ཡོད་ཟེར།

ཁ་སང་ཕྱི་ཚེས་ ༡༧  ཉིན་གྱི་ཕྱིི་དྲོ་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་གོ་སྒྲིག་འོག ངྷ་ས་ཉིན་སློབ་རྒྱལ་ཡུལ་ཆེན་མོའི་ཚོགས་ཁང་དུ་༼ འབར་མའི་དམངས་གཙོ་དོན་གཉེར་བ་ལྕམ་ཨང་སིན་སུའུ་ཀཱེ་ལགས་ཀློད་གྲོལ་དང་ཨེ་ཤ་ཡའི་དམངས་གཙོའི་མདུན་ལམ༽ ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་འདུ་འཛོམས་ཤིག་ཚོགས་ཡོད་ཅིང་། བགྲོ་གླེང་གཏམ་བཤད་གནང་མཁན་་བོད་མི་མང་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་མཆོག་དང་དབུས་བུད་མེད་ལྷན་ཚོགས་ཀྱི་ཉམས་ཞིབ་པ་ཟླ་སྒྲོན་ཤར་གླིང་། དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་དྲུང་ཆེ་གངས་ལྷ་མོ་བཅས་ཀྱིས་ལྕམ་ཨང་སིན་སུའུ་ཀཱེ་ཡི་མི་རྒྱུད་དང་ཁོང་གི་མི་ཚེའི་འཐབ་རྩོད། དེ་བཞིན་ཨང་སིན་དང་བོད་རིགས་བར་གྱི་འབྲེལ་བ། འཛམ་གླིང་སྤྱི་དང་ཡང་སྒོས་ཨེ་ཤ་ཡ། ལྷག་པར་དུ་བོད་རིགས་བུད་མེད་ཚོས་ཁོང་ལ་མིག་དཔེ་བལྟ་ཡར་ལྟ་དང་། སློབ་སྦྱོང་དགོས་པའི་སྐོར་ལ་གཏམ་བཤད་གནང་ཡོད།

 

བགྲོ་གླེང་གི་ཐོག་མར་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཞོན་ཀླུ་མཁར་བྱམས་ལགས་ཀྱིས་བགྲོ་གླེང་ངོ་སྤྲོད་དང་འབྲེལ་གཏམ་བཤད་གནང་དོན། ཨང་སིན་སུའུ་ཀཱེ་ཀློད་གྲོལ་བཏང་བར་འབར་མ་དྲག་པོའི་གཞུང་ལ་ཐུགས་རྗེ་ཆེ་ནམ་ཡང་ཞུ་རྒྱུ་མིན། གང་ཡིན་ཟེར་ན། ཨང་སིན་སུའུ་ཀཱེ་འཛིན་བཟུང་བཀག་ཉར་བྱས་པའི་དྲག་པོའི་གཞུང་གི་བྱ་སྤྱོད་དེ་ཁྲིམས་མེད་ལུགས་མེད་དང་ནོར་འཁྲུལ་ཅན་ཞིག་ཡིན། དེ་རིང་སྡིངས་ཆ་འདིའི་སྟེང་ནས་ཨང་སིན་སུའུ་ཀཱེ་ལ་བོད་རིགས་བུད་མེད་ཚོས་སྐད་ཆ་ཞིག་བཤད་དགོས་པ་དང་ཁོང་ལ་མིག་དཔེ་བལྟ་དགོས་པ་གལ་ཆེན་རེད། ཨང་སིན་སུའུ་ཀཱེ་ཡིས་ང་ཚོ་ལ་དམིགས་བསལ་གྱི་བརྡ་ལན་ཞིག་སྤྲད་ཡོད་པ་ནི། ཁོ་མོ་རང་དབང་ལུང་པ་ནས་ཕྱིར་ལོག་ཏེ་དྲག་པོའི་གཞུང་ལ་ཁ་གཏད་བཅག་སྟེ་དམངས་གཙོའི་རང་དབང་ལ་འཐབ་རྩོད་བྱས་པ་དང་། འཛིན་བཟུང་བྱས་རྗེས་ཐེངས་མང་པོར་ཀློད་གྲོལ་གྱིས་ཕྱིའི་རང་དབང་ལུང་པར་བྲོས་བྱོལ་གྱི་གོ་སྐབས་བྱུང་ཡང་། མུ་མཐུད་དུ་རང་ས་རང་ཡུལ་ནས་མང་ཚོགས་དང་མཉམ་དུ་འཐབ་རྩོད་བྱས་པ་དེ་རླབས་ཆེན་རེད། ཅེས་གསུངས་སོང་།

 

དེའི་རྗེས་རང་བཙན་འཐབ་རྩོད་པ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་ཨང་སིན་སུའུ་ཀཱེ་སྐོར་གྱི་གློག་བརྙན་ཐུང་ངུ་ཞིག་གཟིགས་འབུལ་ཞུས་པ་དང་འབྲེལ་འབར་མའི་གནས་བབ་ཐད་འགྲེལ་བརྗོད་གནང་དོན། འབར་མ་དབྱིན་ཇིའི་དབང་སྒྱུར་འོག་ལོ་མང་པོའི་རིང་མྱངས་ཡོད་པ་དང་། ཕྱི་ལོ་ ༡༩༤༨ ལོའི་རྗེས་ལ་རང་དབང་ཐོབ་པ་ཞིག་དང་། འབར་མ་རང་བཙན་ཐོབ་ཀྱང་གྲངས་ཉུང་མི་རིགས་ཁག་ཆིག་སྒྲིལ་མ་བྱུང་སྟབས། སྲིད་གཞུང་བརྟན་པོ་ཞིག་མེད་པས་རིམ་བཞིན་འབར་མ་དམག་མིའི་དབང་ཤུགས་འོག་ཤོར་བ་རེད། ཨང་སིན་སུའུ་ཀཱེའི་ཕ་ཨང་སིན་ཞེས་པ་དེ་འབར་མའི་རང་བཙན་འཐབ་རྩོད་སྐབས་ཀྱི་མགོ་ཁྲིད་ཅིག་རེད། དེའི་རྗེས་ཁོང་གི་ཨ་མས་ཀྱང་འབར་མའི་དམངས་གཙོའི་རང་དབང་ལ་འཐབ་རྩོད་བྱས་འདུག ཨང་སིན་སུའུ་ཀཱེ་ལ་མཚོན་ན། དང་པོ་རྒྱ་གར་ནང་ལོ་གསུམ་རིང་སློབ་སྦྱོང་བྱས་རྗེས་དབྱིན་ཡུལ་དུ་ཕྱིན་ཏེ་མུ་མཐུད་སློབ་སྦྱོང་བྱས་འདུག རྗེས་སུ་ཁོ་མོས་མཉམ་འབྲེལ་རྒྱལ་ཚོགས་ནང་དུས་ཡུན་གང་ཙམ་རིང་ལས་ཀ་བྱས་རྗེས། ཕྱིར་འབར་མར་ལོག་སྟེ་ཕ་མ་གཉིས་ཀྱི་ལས་མཇུག་བསྐྱངས་ཤིང་། དངོས་སུ་མང་ཚོགས་ཀྱི་སྣེ་ཁྲིད་དེ་དམངས་གཙོའི་རང་དབང་ལ་འཐབ་རྩོད་བྱ་རྒྱུའི་དམ་བཅའ་བཞག་འདུག ཅེས་ངོ་སྤྲོད་གནང་སོང་།

 

དེའི་རྗེས་གངས་ལྷ་མོ་ལགས་ཀྱིས་བརྗོད་དོན། ཨང་སིན་སུའུ་ཀཱེ་ལ་ཁྱད་ཆོས་དང་རྒྱུ་རྐྱེན་གཉིས་ཀྱི་ཐོག་ནས་ཁོ་མོའི་འཐབ་རྩོད་ལ་ཤུགས་རྐྱེན་ཐེབས་འདུག དང་པོ། ཁོང་མོའི་མི་རྒྱུད་དེ་འབར་མའི་རང་བཙན་དང་དམངས་གཙོའི་འཐབ་རྩོད་པ་རྐྱང་ཡིན་པ་མ་ཟད། ཕ་ཨང་སིན་གཞན་གྱིས་ལྐོག་གསོད་བྱས་ཡོད་པ་རེད། གཉིས་པ། ཨང་སིན་སུའུ་ཀཱེ་ནང་པའི་རྗེས་འཇུག་པ་ཞིག་ཡིན་སྟབས། ཁོང་གི་འཐབ་རྩོད་འཚེ་མེད་ཞི་བའི་ངོ་བོར་བརྟེན་ཏེ། དྲག་པོའི་གཞུང་ལ་ཁ་གཏད་གཅོག་གི་ཡོད་པ་རེད། དེ་བཞིན། ཁོང་མོས་དམངས་གཙོའི་རང་དབང་ལ་འཐབ་རྩོད་བྱས་པ་ནས་མང་ཚོགས་ཀྱིས་རྒྱབ་སྐྱོར་ཆེན་པོ་ཐོབ་ཅིང་། ༡༩༩༠ ལོར་འོས་བསྡུ་བྱས་སྐབས། ཨང་སིན་སུའུ་ཀཱེའི་ཕྱོགས་གཏོགས་འབར་མ་རྒྱལ་ཡོངས་དམངས་གཙོའི་མཐུན་ཚོགས་ལ་རྒྱལ་ཁ་ཐོབ་ཡོད་རུང་། དྲག་པོས་གཞུང་གིས་སྐབས་དེའི་འོས་བསྡུ་རྩིས་མེད་བཏང་སྟེ་གཞུང་འཛིན་ཚོགས་པར་བསླེབས་བཅུག་མེད། དེ་ནས་ད་ལྟའི་བར་གྱི་མི་ལོ་ ༢༠ རིང་བཟང་བཙོན་བཀག་ཉར་བྱས་པ་ཞིག་རེད། ཅེས་བརྗོད་བྱུང་།

 

དེའི་རྗེས་ཟླ་སྒྲོན་ཤར་གླིང་གིས་གཏམ་བཤད་གནང་དོན། ང་ཚོའི་སྤྱི་ཚོགས་ནང་བུད་མེད་ཀྱི་རང་དབང་དང་ནུས་སྟོབས་སོགས་གང་ཅིའི་ཐད་ནུབ་ཕྱོགས་པར་ཁ་ཕྱོགས་པའི་ལུགས་སྲོལ་ཤུགས་ཆེན་པོ་རེད། འོན་ཀྱང་ང་རང་ཉིད་ཀྱི་ལྟ་ཚུལ་ཡིན་ན་ཨེ་ཤ་ཡའི་ནང་གི་བུད་མེད་དེ་ཚོས་དཀའ་ལས་བརྒྱབ་སྟེ་གྲུབ་འབྲས་བླངས་པ་དེ་འདྲ་ནུབ་ཕྱོགས་པའི་ནང་བྱུང་མི་འདུག དཔེར་ན། ཨིན་ཌི་ར་གྷན་ཏཱེ་ Indira Gandhi ལ་མཚོན་ན། དཀའ་ལས་ཆེན་པོ་བརྒྱབས་ཏེ་རྒྱ་གར་ཙམ་མ་ཡིན་པར་ཨེ་ཤ་ཡའི་མི་མང་གི་མིག་དཔེར་བལྟ་དགོས་པའི་རླབས་ཆེན་གྱི་བུད་མེད་ཅིག་ཆགས་ཡོད། ཁོང་གི་སྙིང་སྟོབས་དང་བུད་མེད་ལ་སྤྲད་པའི་སེམས་ཤུགས་ཀྱིས་དེང་སང་རྒྱ་གར་ནང་གཟེངས་སུ་ཐོན་པའི་བུད་མེད་མང་པོ་བྱུང་དང་འབྱུང་མུས་རེད། དེ་བཞིན། པ་ཀི་སི་ཐན་གྱི་སྲིད་བློན་ཟུར་པ་བྷེ་ན་ཛར་ Benazir Bhutto ལྟ་བུ་རེད། ད་ལྟའི་ཆར་ཨེ་ཤ་ཡའི་ནང་རང་དབང་དམངས་གཙོའི་འཐབ་རྩོད་ཁྲོད་ཡོངས་གྲགས་ཀྱི་གཟེངས་སུ་ཐོན་པའི་བུད་མེད་ནི་ཨང་སིན་སུའུ་ཀཱེ་ཆགས་ཡོད། ཁོང་ཀློད་གྲོལ་ཐོབ་པ་དེ་རྒྱལ་ཁ་ཆེན་པོ་ཞིག་རེད་ལ། ཁོང་མོས་ཨེ་ཤ་ཡའི་ནང་འོད་སྣང་ཆེན་པོ་ཞིག་སྤར་བ་རེད། ཅེས་དང་།

བོད་དང་ཨང་སིན་སུའུ་ཀཱེ་བར་འབྲེལ་བ་གང་འདུག་ཟེར་ན། ཕྱོགས་གཉིས་ཀས་འཚེ་མེད་ཞི་བའི་ཐོག་ནས་འཐབ་རྩོད་བྱེད་ཀྱི་ཡོད་ལ། ཁོ་མོའི་བཟའ་ཟླ་མཱེ་ཀུ་ཨེརུ་སི་ལགས་ནི་བོད་རིག་པའི་ཆེད་མཁས་པ་ཞིག་ཡིན་པ་མ་ཟད། ཁོང་གཉིས་མཉམ་འབྲེལ་ཐོག་བོད་དོན་སྐོར་ལ་དཔེ་དེབ་ཅིག་ཀྱང་བྲིས་ཡོད། གཉིས་པ། ཨང་སིན་སུའུ་ཀཱེ་བརྒྱུད་རྒྱ་ནག་ལ་ཤུགས་རྐྱེན་ག་རེ་ཐེབས་ཐུབ་མིན་དེ་རེད། ཨང་སིན་སུའུ་ཀཱེ་བཞིན་རྒྱ་ནག་ཏུ་དམངས་གཙོ་དོན་གཉེར་པ་མང་པོ་ཡོད། རྒྱ་ནག་དམངས་གཙོ་དོན་གཉེར་པ་ལིག་ཞོ་པའོ་ད་ལྟ་བཙོན་འོག་ཏུ་ཡོད་ཀྱང་རིམ་བཞིན་འགྱུར་བ་ཞིག་འགྲོ་ངེས་རེད། གསུམ་པ། རྒྱ་གར་ལ་མཚོན་ན། ད་ལྟའི་བར་གཞུང་ངོས་ནས་འབར་མ་དྲག་པོའི་གཞུང་ལ་ཚོང་འབྲེལ་དམིགས་བསལ་མེད་ཀྱང་། དམངས་གཙོ་དང་འབྲེལ་པའི་གནོན་ཤུགས་ཀྱང་སྤྲད་མྱོང་མེད་པར་ཟུར་པ་ཞིག་གི་ངོ་བོར་བསྡད་ཡོད་མོད། རིམ་བཞིན་རྒྱ་གར་དམངས་གཙོའི་རྒྱལ་ཁབ་ཆེ་ཤོས་དང་ཕྱོགས་གཞན་ཞིག་ནས་རྒྱ་གར་ནང་རླངས་རྫས་དང་སྣུམ་གྱི་དཀའ་ངལ་ཡོད་པར་བརྟེན། རྒྱ་གར་གྱིས་འབར་བའི་འབྲེལ་ལམ་ལ་འགྱུར་བ་ཞིག་མི་འགྲོ་རང་འགྲོ་ཆགས་ཡོད། ཅེས་གསུངས་སོང།

 

 

གཏམ་བཤད་ཀྱི་མཐའ་མར་བོད་མི་མང་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་མཆོག་གིས་གཏམ་བཤད་གནང་དོན། འབར་མ་དྲག་པོའི་གཞུང་གིས་ཨང་སན་སོ་ཀཱེ་ཀློད་གྲོལ་བཏང་བ་དེ་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ལ་ངོས་འཛིན་བྱེད་ཀྱི་མེད། དེ་ལས་ལྡོག་ཏེ་ཆབ་སྲིད་ཀྱི་དགོས་མཁོ་ཞིག་གི་ཆེད་དུ་ཡིན་པ་ཤེས་དགོས། འབར་མ་དྲག་པོའི་གཞུང་གི་སྲིད་ཇུས་འཛིན་སྟངས་ཀྱི་རྒྱབ་ལྗོངས་ན་རྒྱ་ནག་གཞུང་གི་བཀོད་འདོམས་ཡོད་སྟབས། གནས་བབ་འདི་ལ་བལྟས་གཞིགས་ཏེ། ང་ཚོས་ཀྱང་རྗེས་ཕྱོགས་ག་རེ་བྱ་དགོས་མིན་ཐད་གྲ་སྒྲིག་བྱ་རྒྱུ་གལ་ཆེན་པོར་མཐོང་གི་ཡོད། འབར་མའི་ནང་རྒྱ་ནག་གི་ཤུགས་རྐྱེན་ཆེན་པོ་བསླེབས་པ་དེས་རྒྱ་གར་གྱི་བདེ་འཇགས་ལའང་ཉེན་ཁ་ཞིག་ཡོང་གི་ཡོད་པ་རེད། གང་ལྟར་བར་ལམ་ཞིག་ནས་རྒྱལ་སྤྱིའི་སྟེང་གི་རྒྱལ་ཁབ་ཕལ་ཆེ་བས་འབར་མའི་དྲག་པོའི་གཞུང་དང་འབྲེལ་ལམ་བཅད་དེ། སྐུ་ཚབ་དོན་གཅོད་ཁག་ཕྱིར་བསྡུ་བྱས་པའི་གནས་ཚུལ་བྱུང་ཡོད།

 གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

ཆུ་ཚོད་ ༡༠ སྔོན་ལ།
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

ཆུ་ཚོད་ ༡༡ སྔོན་ལ།
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

མཆན། 14

  1. ངས་པོའི་ལྷ་སྲས། says:
    ལོ་ 15 སྔོན།

    དྲ་གྲོགས་རིན་ཆེན་ལགས་བཀྲིས་བདེ་ལེགས།
    ཁལ་བོང་བུས་འཁུར་རྒྱ་ལམ་འགྲུལ་པ་སྐེད་པ་ནད་ཞེས་པ་ལྟར་ཁྱེད་ཀྱི་སྐེད་པ་ཞེ་དྲགས་ན་འདུག་ཁག་མེད་ཡིན་ནའང་མིག་ན་བ་ལག་པས་བཟོས་པ་རེད་ཨེ་ཤེས་ཐལ།
    ཐོག་མར་ཁྱེད་ཀྱིས་ངའི་མཆན་དེ་རྣམས་ཡག་པོ་ཞིག་ཀློག་སྟེ་བར་འདུམ་བྱས་ན་ཡག་པོ་རེད། ད་ལྟ་ལྟར་གཡག་ཞྭ་རས་རྩ་ཟ་བ་ནང་བཞིན་བྱས་ན་ཡག་པོ་ཡོད་མ་རེད་མེད།
    ཡིན་ནའང་རྟ་བོར་རྒྱུག་ཤེད་ཡོད་ན་བྱང་ཐང་སྟོང་པ་རེད།

    Reply
  2. རིན་ཆེན་རིལ་བུ། says:
    ལོ་ 15 སྔོན།

    ངས་པོའི་ལྷ་སྲས་ལགས།ཧོར་བུ་དང་ཁྱེད་གཉིས་ཀྱིས་ནང་ནས།མཆན་ལ་གོ་བ་ལོག་ལེན་བྱས་ཡོད་མཁན་དེ་ཁྱོད་རང་རེད།མི་མང་ཁ་བརྒྱ་མིག་སྟོང་གིས་
    བལྟས་ཡོད་པ་རེད།ཧོར་བུས༼ངས་ཟེར་བ་དེ་བཙན་བྱོལ་ནང་དུ་ནང་མི་བུ་ཕྲུག་ཐམས་ཅད་བཞག་ནས་ཕྱི་རང་ཡུལ་ལོག་མཁན་ཁོང་གཅིག་བུ་རེད་ཟེར་
    གྱི་ཡོད་པས་གོ་ནོར་མ་ཐེབས་བ་གནང་རོགས།༽ཟེར་བ་དེ་ཁོ་རང་ལ་གོ་བ་
    ལས་ཁྱོད་ལ་གང་ལྟར་གོ་སོང་།ངོ་མ་ང་རྒྱལ་ཅན་ལ་ངོ་ཚ་མེད་ཟེར་བ་བདེན་པ་རེད། འབོད་བསྐུལ།ད་ཧོར་བུ་ལ་དགོངས་དག་ཞུས།

    Reply
  3. ནེ་ཤོད་གྲུ་ཁ། says:
    ལོ་ 15 སྔོན།

    ངོ་མ་ཡག་པོ་རེད། མིག་དཔེ་བལྟ་ཡར་ནོར་མི་འདུག མུ་མཐུད་དུ་ལས་འགུལ་དེ་རིགས་སྤེལ་ན་ལེགས་སྙམ།

    Reply
  4. ངས་པོའི་ལྷ་སྲས། says:
    ལོ་ 15 སྔོན།

    ཧོར་བུ་ལགས་ཁྱེད་ཀྱིས་ངའི་མཆན་གྱི་ནང་དོན་རྩ་བ་ནས་གོ་བ་ལེན་ཐུབ་ཀྱི་མིན་འདུག་ད་
    གང་གྲགས།
    དེ་ཡང་ལེགས་བཤད་ལས། མཁས་པ་བརྒྱ་ལ་ང་མི་སྐྲག བླུན་པོ་གཅིག་ལ་ང་སྐྲག ཞེས་གསུངས་པ་ལྟར་ང་བླུན་ཁྱོད་ལྟ་བུ་ལ་ཞེད་ཀྱིན་འདུག

    Reply
  5. ཧོར་བུ་ཡེ་ཤེས says:
    ལོ་ 15 སྔོན།

    ང་རྒྱལ་གྱིས་རློམ་པའི་ངས་པོའི་ལྷ་སྲས་ལགས།ང་སུམ་རྟགས་ལ་མཁས་པ་ཡིན་ལབ་མ་མྱོང་ལ་ཁྱོད་ཀྱིས་གསུངས་པ་བཞིན་ང་ནི་མི་ཤེས་མཁས་པ་ཞིག་ཡིན།
    ངས་བལྟས་ན་ཁྱོད་ཀྱི་མ་ཤེས་པ་ག་ལ་ཡིན་དོ་སྣང་མ་བྱས་པ་ཡིན་རྒྱུ་རེད།བྱས་ཙང་སོ་སོས་བྲིས་པ་རྣམས་ལ་བསྐྱར་དུ་ཐེངས་གཅིག་གཟིགས་རོགས་ཞུ་རྒྱུ་ཡིན།

    Reply
  6. ངས་པོའི་ལྷ་སྲས། says:
    ལོ་ 15 སྔོན།

    ཧོར་བུ་ལགས་ངས་ནམ་ཡང་ནམ་ཡང་༼བཙན་བྱོལ་ནང་དུ་ནང་མི་བུ་ཕྲུག་ཐམས་ཅད་བཞག་ནས་ཕྱི་རང་ཡུལ་ལོག་མཁན་ཁོང་གཅིག་བུ་རེད་ཟེར་༽གོ་བ་དང་སྐད་ཆ་ཇབ་ཆུང་དེ་འདྲ་བཤད་ནི་མ་རེད་ཨེ་གོ་ཐལ
    ཁྱེད་ཀྱིས་འདྲེ་ཤར་དུ་བཞག་ནས་བླུས་ནུབ་སྒོར་བཏང་ཞེས་པའི་དཔེ་་ལྟར་འགྱུར་མི་འདུག་གམ།
    ཧ་ལམ་ཁྱེད་སུམ་ཅུ་པ་ཡག་པོ་ཤེས་ཀྱི་ཡོད་ས་མ་རེད། རྒྱན་སྡུད་ཀྱི་ཕྲད་ཙམ་འགྲོ་སྟངས་ཧ་གོ་གི་མི་འདུག
    ཧི་ཧི་ཧི
    ཧ་ཧ་ཧ་

    Reply
  7. ཧོར་བུ་ཡེ་ཤེས says:
    ལོ་ 15 སྔོན།

    ངས་པོའི་ལྷ་སྲས་ལགས།ངས་ཟེར་བ་དེ་བཙན་བྱོལ་ནང་དུ་ནང་མི་བུ་ཕྲུག་ཐམས་ཅད་བཞག་ནས་ཕྱི་རང་ཡུལ་ལོག་མཁན་ཁོང་གཅིག་བུ་རེད་ཟེར་གྱི་ཡོད་པས་གོ་ནོར་མ་ཐེབས་བ་གནང་རོགས།

    Reply
  8. ངས་པོའི་ལྷ་སྲས། says:
    ལོ་ 15 སྔོན།

    དྲ་གྲོགས་ཧོར་བུ་ལགས་བློ་གཟུར་བུར་གནས་ནས་སྐད་ཆ་མི་བཟང་ངམ།
    དོན་དབང་ཡག་པོ་རེད་ཡིན་ནའང་ཁོང་གིས་ཕ་ལགས་དང་ཨ་ལགས་ད་དུང་གཟའ་ཟླ་དང་བུ་ཕྲུག་ཚང་མ་རྒྱ་གར་ཚུར་ལ་བསྐྱལ་ཏེ་དེ་ནས་བོད་ལ་ལོགས་ནས་འཁོར་རྟགས་དེ་པར་ལེན་བྱས་པ་ཞིག་མ་རེད་པས།

    དགྱ་ནག་དམར་པོའི་སྐར་ལྔའི་དར་དམར་འོག་ལ་ཚར་ལོངས་བའི་བོད་རང་བཙན་གྱི་ས་བོན་བསྐྲུན་མཁན་འབྲས་སྤུངས་བཙུན་པ་རྣམས་ཕོ་རྒོད་ངོ་མ་ཞིག་ཏུ་འདོད།
    ཁོང་ཚོས་ལོ་ངོ་ཉེར་གཉིས་གོང་ནས་བོད་ཀྱི་གནས་སྟངས་རྒྱལ་སྤྱི་ངོས་སྤྲོད་བྱས་ཡོད།

    Reply
  9. ཧོར་བུ་ཡེ་ཤེས says:
    ལོ་ 15 སྔོན།

    ང་ཚོ་བོད་པ་ལ་བུད་མེད་གཞན་ཡུལ་དོར་ནས་རང་ཡུལ་དུ་ཁ་ཕྱོགས་མཁན་ཕར་ཙམ་རེད།ཕོ་རྒོད་ང་ཡིན་ཟེར་མཁན་མང་པོ་ཡོད་ཀྱང་གྲི་ཁ་ནང་ལ་བསྐོར་བ་ལས་དགྲ་ལ་བསྐོར་ཐུབ་མཁན་ལོ་ལྔ་བཅུའི་ནང་ཐེངས་དང་པོ་ཕོ་རྒོད་ངོ་མ་དོན་འགྲུབ་དབང་ཆེན་ལས་སུ་གང་བྱུང་མེད།མ་འོངས་ཀྱང་ནང་མི་བློས་གཏང་མཁན་ཧ་ཅང་དཀའ།སྤྱིར་ཁྱོད་ཚོས་བགྲོ་གླེང་བྱས་པ་ཡག་པོ་རེད།

    Reply
  10. བྲག་འགོ་དཀོན་མཆོག་དར་རྒྱས། says:
    ལོ་ 15 སྔོན།

    བགྲོ་གླེང་འདི་ལ་དགའ་བསུ་ཡོད།

    ང་ཚོའི་ནང་ཁུལ་ལ་ཡག་ཉེས་ཕྲན་བུ་བརྗོད་པ་དང་། གང་ཟག་རེ་འགའ་བའི་ལག་དང་སེམས་བདག་པོ་རྒྱག་མི་ཐུབ་པར་དྲྭ་ངོས་གང་ས་གང་ལ་ཡོང་ནས་མཆན་བུ་ནང་སྐད་ཆ་འདྲ་མིན་བཤད་སྲིད་ཀྱང་།
    བོད་སྤྱི་པའི་ཐོག་ལ་སེམས་ཁུར་ཡོད་མཁན་ཚོས་བྱ་མིག་ཡར་ལ་བལྟ་རྒྱུ་ལས།
    ཁྱི་མིག་ཐུར་བལྟས་ཀྱི་དཔེ་མི་ལེན་རྒྱུ་གལ་ཆེ།
    མི་མང་པོ་ཚོགས་སར་སྐད་ཆ་འདྲ་མིན་སླེབ་སྲིད་ཀྱང་། མི་རིགས་ནང་ཁུལ་ལ་མགོ་སྟོང་ཁག་ཅིག་གིས་རང་རེ་ནང་ཁུལ་ཕན་ཚུན་མི་མཐུན་པའི་སྐད་ཆ་བཤད་མཁན་ཁ་ཤས་རེ་ཡོད་སྲིད་པའི་དེའི་རིགས་ལ་མཁྱེན་ལྡན་པ་ཚང་མའི་སྣང་མེད་འཇོག་རྒྱུ་དང་།
    ནང་ཁུལ་ལ་རྣམ་འགྱུར་མི་མཐུན་པ་ཕྲན་བུ་བྱུང་ན། དྲ་གྲོགས་ཚང་མའི་དེ་ལ་ཚོར་བ་ཟབ་ཟབ་བྱས་ཏེ་སྡང་ཞེན་སོགས་མི་སྤེལ་གྱིས་རེད་འབོད་ཡོད།

    Reply
  11. རིན་ཆེན་རིལ་བུ། says:
    ལོ་ 15 སྔོན།

    བགྲོ་གླེང་ཡག་པོ་ཚོགས་འདུག་་་་་་་་་་་དྲ་གྲོགས་ཚོ།དགེ་བཤེས་སྨོན་ལམ་
    མཐར་ཕྱིན་ལགས་ཀྱི་ཟིན་བྲིས།གཏོ་ཡི་བཀའ་སྒྲོམ་གྱི་་་ཁྲིམས་དྲུང་དང་་་
    ཞེས་པའི་ཟིན་བྲིས་དང་མཆན་ལ་གཟིགས་དང་གལ་ཆེན་མང་པོ་
    འདུག ཟིན་བྲིས་ངོ་ལེབ ༢ པའི་རྐེད་ཙམ་ན་འདུག

    Reply
  12. བཀྲ་ཤིས་དོན་གྲུབ། says:
    ལོ་ 15 སྔོན།

    མི་རིགས་གཞན་ལ་ཕོ་མོ་ཁྱད་མེད་ཀྱིས་མི་སྣ་ཁྱད་པར་ཅན་མང་པོ་ཡོད་ཀྱང། རང་རིགས་ལ་ཧ་ཅང་དཀོན་པོ་རེད། དེ་ལས་ཀྱང་བུད་མེད་ནི་མི་རིགས་འདིར་ལོ་རྒྱུས་ཡོད་པ་ནས་བཟུང་། གཅིག་གཉིས་ཤིག་ཀྱང་དཀོན་པོ་རེད། དེའི་ཕྱིར་བུད་མེད་འདི་ཚོའི་གཏམ་བཤད་ནི་བྲག་ཅ་ཙམ་ལས་ཡོད་མི་སྲིད། ད་དུང་ང་ལ་དོགས་པ་ཞིག་ཡོད་པ་ནི་རང་རེའི་བུད་མེད་དག་ནི་ལྷན་སྐྱེས་ཀྱི་ནུས་མེད་ཅིག་ཡིན་པར་འདོད་པ་དེ་ཡིན།

    Reply
  13. ངས་པོའི་ལྷ་སྲས། says:
    ལོ་ 15 སྔོན།

    ཨང་སིན་སུའུ་ཀེའི་སྐོར་ལ་བགྲོ་གླེང་ཚོགས་པ་ཡག་པོ་བྱུང་འདུག་ཐུགས་རྗེ་ཆེ།

    Reply
  14. ཨ་མྱེ says:
    ལོ་ 15 སྔོན།

    བུ་མེད་འདི་ཚོ་ལྟ་རྒྱུ་འདུག་ད་རྣམ་དཔྱོད་མཐོ་རུ་སོང་ནས་འཇོང་ཐང་ཆེ་རུ་སོང་འདུག་རེད་རེད་ཏག་ཏག་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese