མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྟ་ལམ་བོང་བུས་བཅད་འདུག པ་སངས།

བོད་ཀྱི་དུས་བབ།
༢༠༡༠/༡༡/༢༣
Share on FacebookShare on TwitterShare on EmailShare on Whatsapp

པ་སངས་(སེ་ར)

ལོ་འདིའི་སྤྱི་ཟླ་ ༡༡ པའི་ཚེས་ ༡༢ ཉིན་དབུས་སྤྱི་ཁྱབ་འོས་བསྡུ་ལྷན་ཁང་ནས་མི་མང་གིས་ཐད་ཀར་འོས་བསྡུ་བྱས་པའི་བཀའ་སྤྱིའི་སྔོན་འགྲོའི་འོས་མི་ཁག་དང་གྲངས་འབོར་གྱི་གྲུབ་འབྲས་ཁག་གསལ་བསྒྲགས་བྱས་སོང་། ཐེངས་འདིའི་འོས་བསྡུའི་བརྒྱུད་རིམ་ནང་། སྤྱི་ཡོངས་ནས་བལྟས་ན་དེ་སྔ་ལས་ཚགས་ཚུད་དང་གྲུབ་འབྲས་ཡག་ཏུ་ཕྱིན་ཡོད་ཀྱང་། སྟབས་མ་ལེགས་པ་ཞིག་ལ། ཆོལ་ཁ་སོ་སོའི་སྤྱི་འཐུས་ཀྱི་འོས་མིའི་ནང་དུ། རང་ཡུལ་བརྗེད་ཅིང་རང་སྐྱོན་མི་མཐོང་བའི་མི་དང་། རང་གཤིས་བརླག་ཅིང་རང་གི་སྐད་ཡིག་ཀ་མད་སུམ་ཅུ་ཀློག་མི་ཤེས་མཁན་ཡང་ཡང་བསླེབས་འདུག་ལ། ཁ་རྡོག་རྩ་ཆིག་སྒྲིལ་དང་ཁོག་ཆོལ་ཁ་ཕྱོགས་རིས་ཅན་གྱི་མི་དང་། ཁ་ཆོལ་ཁའི་བདེ་སྡུག་དང་ལག་ལེན་ཆོལ་ཁ་གཏོར་བཤིག་བཏང་བའི་མི་ཡང་དེ་བས་མང་པ་ཞིག་བསླེབས་འདུག །

 

དེ་དག་སྤྱི་འཐུས་ཀྱི་འོས་མིར་ཇི་ལྟར་བསླེབས་པ་དེ། རྒྱུ་ཤུགས་དང་དབང་ཤུགས། ཡང་ན། འོས་བླུགས་པའི་ཐོབ་ཁུངས་སོ་སོའི་མི་མང་ལ་དམངས་གཙོའི་གོ་རྟོགས་ཞན་དྲགས་པ་ཡིན་ནམ། ཕྱོགས་འཐེན་སྒེར་གཅོད་ཀྱི་ར་བཟི་ཐེབས་པ་ཡིན། གང་ལྟར་མདོར་བསྒྲིལ་ན། དེ་ནི་རྒྱབ་ལ་ཆོལ་ཁའི་ཕྱོགས་རིས་ལྗིད་ཏིག་གེ་བའི་འབོག་སྒྲིལ་ཁུར་ཏེ་དབུགས་ཧལ་ནས་འགྲོ་ཐུབ་ལ་མི་ཐུབ་ལའི་མི་མང་རྣམས། མི་ཤུགས་དང་རྒྱུ་ཤུགས། དབང་ཤུགས། ཡང་ན་གོང་ལ་སྐྱབས་རྟེན་ཕུལ་བ་དང་། འོག་ལ་རྔན་པ་སྤྲད་པར་དགའ་བའི་མི་ག་གེ་མོ་དག་གིས་རྒྱབ་ནས་དེད་དེ། ཆེས་རིན་ཐང་བྲལ་བའི་དུས་ཡུན་ལོ་ལྔ་དེ་ཡང་བསྐྱར་ཆུད་ཟོས་སུ་གཏོང་འདོད་པ་དེ་རེད།

 

སྤྱིར་ཡུལ་ལ་བདེ་སྐྱིད་བྱུང་ན། རྒྱལ་པོ་ཨ་ནེས་བྱས་ཀྱང་ཆོག་མོད། ལམ་འདི་ནི་རྩེད་མོ་རྩེ་ས་ཞིག་མ་རེད་ལ། མི་རྒྱུ་དབང་གསུམ་གྱི་ཤུགས་ཚད་ས་ཡང་མ་རེད། ཆེ་ཚུགས་དང་སྦམ་མདོག་སྟོན་ས་མ་རེད་ལ། ཁ་བདེ་པོ་དང་མགོ་བདེ་བོ་བྱེད་ས་དེ་བས་ཀྱང་མ་རེད། འདི་ནི་མི་མང་གི་སྐུ་ཚབ་མཚོན་ཐུབ་པར་བྱ་ས་དང་། མི་མང་གི་དངོས་ཤུགས་བརྒྱུད་གསུམ་གྱི་རེ་འདོད་གླེང་སའི་སྟེགས་བུ། རང་གི་སྤྱོད་ཡོན་འཇོན་གསུམ་རྩལ་དུ་བཏོན་ཏེ་བོད་སྤྱི་བའི་དོན་དུ་ལས་ཀ་བྱེད་ས་དང་། བོད་པའི་བདེན་མཐའ་སེལ་བའི་ཐབས་ལམ་བསྐྲུན་ས་ཞིག་ཆགས་ཡིན། ཁེ་ཕན་ཆུང་ཆུང་ཙམ་གྱི་དོན་དུ་སོ་སོ་དམག་མིའི་ལག་གི་མེ་མདའ་བཞིན་ཁ་གང་ལ་སྟོན་སྟོན་ཞིག་ཏུ་གྱུར་ན་མི་འགྲིགས། འགན་འདི་ནི་མཐོ་མགོ་པ་དང་། དམའ་མི་དམངས་བྱིངས་ཀྱི་ཡན་ཆད་ཚང་མར་གཅིག་མཚུངས་ཀྱིས་འཁྲི་བ་ཞིག་ཡིན།  

 

ང་ཚོས་དབུགས་རིང་ནར་ནར་གྱིས་མི་སྡོད་པར་བསླེབ་ལ་ཉེ་བའི་དངོས་གཞིའི་འོས་བསྡུའི་སྐབས། གཞན་གྱི་བཀོལ་བྱུས་དང་ལུང་ཚན་ཕྱོགས་འཐེན། དགའ་ཁ་འཁྱེར་ཕྱོགས་དང་བློ་གཉིས་ཐེ་ཚོམ་མི་བྱེད་པར། བློ་རྩེ་གཅིག་གིས་ཆོལ་ཁ་སོ་སོའི་སྔོན་འགྲོའི་གསལ་བསྒྲགས་སྤྱི་འཐུས་ཀྱི་འོས་མི་ལྔ་བཅུའི་ནང་ནས། ཡང་ན། ཉེར་ལྔའི་ནང་ནས་གོང་དུ་སྐྱོན་ཡོད་པ་དག་རྩལ་དུ་བཏོན་ནས་ཐེར་འདོན་ངེས་པར་དུ་བྱ་དགོས། དེ་ནི་མང་ཚོགས་ཚོས་རང་རང་གི་འཐུས་མི་འོས་འདེམས་ཀྱི་འགན་དབང་ཡིན། གལ་སྲིད་དེ་ལྟར་མ་བྱས་ན་འདས་ཟིན་པའི་སྐྱུག་བྲོ་བའི་ཟློས་གར་དེ་ལྟ་བུ། སྤྱི་འཐུས་ལྷན་ཁང་གི་གར་སྟེགས་སྟེང་ནས་སླར་ཡང་དགྲ་དགའ་གཉེན་སྡུག་གི་འཁྲབ་སྟོན་ཞིག་འབྱུང་མི་སྲིད་པའི་ངེས་པ་མེད། ད་ནི་དངོས་གཞིའི་འོས་བསྡུ་སྐབས་སུ་ང་ཚོས་ཟ་ཨེ་བློ་སྣ་དང་གྱོན་ཨེ་བློ་ལུས་ལ་བལྟ་ཆོག ཛ་དྲག་གི་དུས་ཚོད་ཐུང་ཐུང་ནང་མང་ཚོགས་མི་རེ་ངོ་རེ་ནས་དམངས་གཙོའི་ཁེ་དབང་ལོངས་སུ་སྤྱད་པ་དང་དུས་མཉམ། དམངས་གཙོའི་འགན་དབང་ཕྲག་ཏུ་བླངས་ཏེ། ཡར་རྒྱབ་སྐྱོར་དགོས་སར་རྒྱབ་རོགས་བྱ་རྒྱུ་དང་། མར་ཐེར་འདོན་དགོས་སར་ཟུར་འདོན་གནང་རྒྱུ་གལ་ཆེའོ།།

 

འབྲེལ་ཡོད་གསར་འགྱུར།

དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

སྐར་མ ༨ སྔོན་ལ།
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

ཆུ་ཚོད་ ༢ སྔོན་ལ།
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

ཆུ་ཚོད་ ༢༡ སྔོན་ལ།
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥
Mobile App

ཕ་སྤྲེའུ་དང་མ་བྲག་སྲིན་གྱི་གཏམ་རྒྱུད་ལས་མཆེད་པའི་མེས་པོའི་ཞལ་ཆེམས་གླེང་བ།

༢༠༢༦/༠༦/༠༤

མཆན། 8

  1. བསོད་ནམས says:
    ལོ་ 16 སྔོན།

    པ་སངས་ལེགས
    མི་ཁྱེད་རིང་ལྟ་བུས་སྤྱི་ཚོགས་ལ་རྙོགས་སྒྲ་བཟོས་པ་རེད་ དཀའ་ཤགས་དང་སྤྱི་ཐུས་ཆ་ཚངས་ཁྱེད་རིང་གིས་གང་གདམ་པ་དེ་ཡོང་གི་རེད་པེ?

    Reply
  2. དྲེལ། says:
    ལོ་ 16 སྔོན།

    ངས་བལྟས་ན། རྟ་སུ་ཡིན་མི་ཤེས་ཀྱང་། བོང་བུ་གཅིག་ནི་ཀིརྟི་སྒྲོལ་དཀར་ལྷ་མོ་ཞེས་རོང་ཆེན་བསྟན་པའི་སྒྲོན་མེ་ཀིརྟི་རིན་པོ་ཆེའི་མཚན་ཟུར་ཞིག་དྲངས་ནས་ད་བར་སྤྱི་ཚོགས་ནང་མགོ་སྐོར་གཏོང་མཁན་སྐབས་བཅུ་གཅིག་པ་ནས་སྤྱི་འཐུས་བྱས་ཏེ་སྡོད་མཁན་གྲོས་ཚོགས་ནང་སྔོན་ནས་བཤད་པ་རྗེས་སུ་བརྗེད་འདུག་མཁན་ཞིག་འདུག་པ་དེ་ཡིན་པ་ཆ་བཞག་ན་འགྲིག་སྙམ། ཡང་གཞན་པ་ཞིག་མི་རྒྱུའི་གནོན་ཤུགས་ལ་བརྟེན་ནས་སྐབས་བཅུ་གཉིས་པ་ནས་བཟུང་རྙིང་མའི་སྤྱི་འཐུས་ཀྱི་མིང་ཁུར་མཁན་ད་དུང་ཡང་འཐོབ་ངེས་ཅན་རྒྱ་རི་བུ་ཕྲུག་ཅེས་ཚིག་བདུན་གསོལ་འདེབས་ཀྱང་སྐྱོར་མི་ཤེས་ཤིང་། བཅའ་ཁྲིམས་དང་སྒྲིག་གཞི་ཀློག་མི་ཤེས་མཁན་དེ་ཡང་ཡིན་ཆོག་པར་སྙམ།

    Reply
  3. ཨ་ཕོ་མཐུ་ཆེན། says:
    ལོ་ 16 སྔོན།

    འཐེར་འདོན་གནང་རོགས་གནང་། ཞེས་ཁྱོད་ལ་རེ་བ་ཞུ་རྒྱུ་ཡིན། རྩོམ་ཡིག་འདི་རིགས་ལ་བསམ་ཚུལ་གསལ་པོ་དང་ཐབས་ལམ་གསལ་པོ་དགོས་པ་གཙོ་གནད་དུ་བཟུང་དགོས་པ་འདོད།

    Reply
  4. སྤོབས་པ་མཐའ་ཡས། says:
    ལོ་ 16 སྔོན།

    རྟ་སུ་ཡིན་དང་བོང་བུ་སུ་ཡིན་གསལ་ཁ་མེད་པས་ཕན་ཐོགས་ཅང་བྱུང་མ་སོང་།

    Reply
  5. གཟི་མིག་༣པ says:
    ལོ་ 16 སྔོན།

    རེད་རེད་བདེན་པ་རེད་བོད་ཀྱི་བསྟན་པ་མགོ་འཁྲིད་ཚོས་སྣུབ་ན་འབངས་མི་དམངས་ལ་ཁག་ཅི་ཡོད་།
    དཔེར་ན་སྤྱི་མཐུས་ཚོགས་ཞོན་ལ་ཆ་བཞག་ན་གངས་བསྐྱིད་ནང་མི་མང་འདུན་དུ་ཁ་མཁས་པོ་དང་ཡ་རབས་ཚ་མདོག་བྱེད་བཞིན་ཡོད་།
    དེ་བཞིན་ཁོང་མ་གཏོགས་དབྱིན་སྐད་ཤེས་ཀྱི་མེད་པ་འདྲཔོ་བྱེད་བཞིན་ཡོད་ལ་ཁོང་གི་སུབ་སུབ་ཏུ་འཐེན་པའི་ཐཱ་མག་འདི་བོད་ཀྱི་བུད་མེད་སྤྱི་འཐུས་ཀྱི་མིག་དཔེ་བཟང་ཤོས་དེ་མ་ཡིན་ནམ།་དེ་སྔོན་ཅཱ་དྷི་གཱར་ཁྱེད་རང་གི་མིའི་འདུན་དུ་ནད་པ་ལ་ཇི་ལྟར་བྱས་ཡོད་མི་དམངས་འགྲོ་ཚར་རྗེས་གང་བྱས་ཡོད་ཁྱེད་རང་རང་གི་ཤེས་ཀྱི་རེད་

    Reply
  6. Dawa says:
    ལོ་ 16 སྔོན།

    རྩོམ་ཡིག་འདི་ཚོར་བ་སྐྱེན་པོ་ཞིག་དང་། སེམས་འཁུར་ཆེན་པོ་ཞིག་གི་འོག་ནས་བྲིས་འདུག་མོད། འོན་ཀྱང་། དེ་ཙམ་གནད་དུ་འཁེལ་བ་ཞིག་མ་རེད། གལ་སྲིད་སྐུ་ཉིད་ལ་དེ་འདྲའི་སེམས་འཚབ་ཅིག་ཡོད་ན། ཐད་ཀར་མི་ལ་མཛུབ་མོ་བཙུགས་ཏེ། སྐྱོན་ལ་ཐེར་འདོན་བྱ་དགོས་པ་རེད།

    Reply
  7. སྤྲོ་ཚིགས་དགེ་འདུན says:
    ལོ་ 16 སྔོན།

    པ་སངས་ལགས
    བཤད་པ་བདེན་དུ་ཆོག་ཀྱང་།མིན་ནག་མདའ་འཕེན་རང་རེད།
    དེ་ལས་ཁ་གསལ་གཏིང་གསལ་ཞིག་བཤད་ན་མ་གཏོགས་མདུན་དངོས་ཀྱི་ས་མིག་ལ་བཀོད་རིན་མི་འདུག
    བཤད་རྒྱུ་ཡོད་ན་མདའ་འདེན་ཕུགས་འདེད་བྱས་ནས་གསུངས་རོགས
    དེ་མེད་ན་ད་བཟོད་རང་ཉིད་ལ་དག་ཐེར་བྱོས

    Reply
  8. རྭ་ལོ། says:
    ལོ་ 16 སྔོན།

    ཐེར་འདོན་བྱེད་རོགས། ཐོག་མར་སྐུ་ཉིད་ཀྱིས་ཁྱོད་རང་གིས་ཤེས་ཤིང་། འདོད་པ་མེད་མཁན་གྱི་འོས་མི་དེ་དག་གི་སྐྱོན་ཐེར་འདོན་བྱེད་རོགས། དེའི་སྟེང་དུ་ང་ཚོས་བསམ་ཚུལ་སྤུངས་ཆོག

    འོས་དྲང་པོ་མ་བྱུང་ན་བཤད་རྒྱུ་ཡོད་པ་རེད། མང་ཚོགས་ཀྱིས་འོས་བླུག་ནས་བསླེབས་པའི་མི་དེ་ཚོ་ཡོང་ཆོག་གི་མ་རེད་མདོག་མདོག་བཤད་ན། ད་ནི་གུང་ཁྲན་ཏང་གི་བྱེད་སྟངས་ལྟར་དམིགས་འཛུགས་བྱ་རྒྱུ་ལས་ཡོད་པ་མ་རེད། སྐབས་འདིར་མང་ཚོགས་ཀྱི་འོས་ཤོག་ལ་བརྩི་བཀུར་བྱ་དགོས་པ་རེད་འདོད། སུ་འདེམ་ན་འདོད་ན་རང་དབང་རེད། སུ་ལ་ཐོབ་ན་དེ་ལ་ཐོབ་པ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese