མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ནང་ཆོས་དང་ཚན་རིག་བར་སེམས་དང་སྲོག་གི་བགྲོ་གླེང་།

བོད་ཀྱི་དུས་བབ།
༢༠༡༠/༡༡/༢༣
Share on FacebookShare on TwitterShare on EmailShare on Whatsapp

 

༧གོང་ས་མཆོག་གིས་ལྡི་ལི་ཁུལ་དུ་མཛད་འཕྲིན་སྐྱོང་གི་ཡོད་པ་ལྟར། ལྡི་ལིའི་ཏཱ་ལའི་བླ་མ་ཀུན་ཕན་བདེ་རྩ་ཚོགས་པ་དང་ཝར་ན་མཐོ་སློབ། བྷེང་ལོར་ནང་བརྟན་གཞི་བྱས་པའི་རྒྱལ་ཡོངས་ཆེས་མཐོའི་ཤེས་ཡོན་བསྟི་གནས་ཁང་བཅས་ཀྱི་གོ་སྒྲིག་འོག ཟླ་འདིའི་ཕྱི་ཚེས་ ༢༠ ནས་ ༢༣ བར་གྱི་ཉིན་བཞིའི་རིང་། ལྡི་ལིའི་ India Habitat Centre ཞེས་པའི་ཚོགས་ཁང་དུ་༼ སེམས་དང་སྲོག༽ ཅེས་པའི་ནང་ཆོས་དང་ཚན་རིག་བར་གྱི་བགྲོ་གླེང་ཚོགས་འདུ་ཐེངས་ ༢༢ པ་དེ་ཚོགས་ཡོད་ཅིང་།  ཐེངས་འདིའི་མཛད་སྒོའི་སྟེང་༧གོང་ས་མཆོག་དང་རྒྱ་གར་གྱི་སྲིད་འཛིན་ཟུར་བ་ཨེ་པི་ཇེ་ཨབྷ་དྷུལ་ཀ་ལཱམ་ (Dr. APJ Abdul Kalam) མཆོག ཇར་མན་གྱི་ཀླད་པའི་ཚན་རིག་པ་གཙུག་ལག་སློབ་དཔོན་ཝོལ་ཕི་སིང་གྷར་ (Prof.Wolf Singer) སོགས་ཞུགས་ཡོད་འདུག  

 

ཚོགས་ཐོག་ཏུ་༧གོང་ས་མཆོག་གིས་ནང་ཆོས་ཀྱི་ལྟ་གྲུབ་ལས་བསྟན་པའི་འགྲོ་བ་མིའི་ལུས་སེམས་ཀྱི་འབྲེལ་བ་དང་དེའི་བདེ་སྡུག་སྐོར་གསུངས་དོན། བོད་ཀྱི་ནང་པའི་ཆོས་ལུགས་སུ་མིིའི་ལུས་དང་སེམས་ཀྱི་འབྲེལ་བའི་སྐོར་ལ་འགྲེལ་བཤད་ཞིབ་ཚགས་བརྒྱབ་ཡོད་པ་དང་། མིའི་སེམས་སུ་དོན་དམ་གྱི་བདེ་སྐྱིད་ཅིག་བསྐྲུན་དགོས་ན་སྔོན་ལ་ཉོན་མོངས་སྤང་དགོས་ཀྱི་ཡོད།  ཉོན་མོངས་སྤང་དགོས་ན་ལམ་གྱི་རིམ་པ་མང་པོར་སྒོམ་སྒྲུབ་བྱེད་དགོས་ཚུལ་གསལ་པོར་བསྟན་ཡོད་ཅེས་གསུངས་འདུག སྐབས་དེར་རྒྱ་གར་མཁས་དབང་ཨེ་ཡུན་གྷིར་ལགས་ཀྱིས་ཀྱང་རྣལ་འབྱོར་བའི་གྲུབ་མཐའི་ལུགས་སུ་མིིའི་ལུས་སེམས་ཀྱི་འབྲེལ་བའི་ཐོག་ལུས་སྦྱོང་ལ་བརྟེན་ནས་སྒོམ་ཉམས་ལེན་བྱ་ཐབས་དང་། རྣལ་འབྱོར་བའི་ལྟ་གྲུབ་ནང་མིའི་ནང་སེམས་ཀྱི་རྣམ་གཞག་ཇི་ལྟར་འཇོག་དགོས་ཚུལ་སོགས་འགྲེལ་བཤད་བརྒྱབ་ཡོད་པ་རེད། 

 

ཉིན་བཞིའི་རིང་གི་བགྲོ་གླེང་ཚོགས་འདུ་དེའི་ཐོག་ནུབ་ཕྱོགས་དང་རྒྱ་གར་གྱི་ཚན་རིག་པ་དང་། གནའ་བོའི་རྒྱ་གར་གྱི་ལྟ་གྲུབ་སྨྲ་བ། རྣལ་འབྱོར་བ། ཕྱི་རོལ་བའི་ལྟ་གྲུབ་སྨྲ་བ། རིག་བྱེད་སྨྲ་བ། སྒོམ་ཉམས་ལེན་པ་སོགས་མཉམ་ཞུགས་བྱས་ཡོད་ཅིང་། ཚོགས་འདུར་ཕེབས་མཁན་ཝ་ཎཱ་མཐོ་སློབ་ཀྱི་ངེས་སྟོན་པ་དགེ་བཤེས་ངག་དབང་བསམ་གཏན་ལགས་ཀྱིས་བརྗོད་ན། སེམས་དང་སྲོག་གི་ཚོཊ་འདུའི་ཉིན་དང་པོར་མཁས་དབང་ཨེ་ཡུན་གྷིར་མཆོག་གིས་རྣལ་འབྱོར་བའི་ལྟ་གྲུབ་དང་ཉམས་ལེན་གྱི་རིམ་པའི་ནང་ལུས་སེམས་ཀྱི་འབྲེལ་བ་དང་ལུས་སྦྱོང་། སྒོམ་ཉམས་ལེན་བྱེད་སྟངས་དང་སེམས་ཀྱི་རྣམ་བཞག་སྐོར་གསུངས་ཡོད་ཚུལ་དང་། ༧གོང་ས་མཆོག་གིས་བོད་ཀྱི་ནང་ཆོས་དང་། ལྷག་པར་དུ་ནང་པའི་སྔགས་ལུགས་སུ་གསུངས་པའི་ལུས་སེམས་བར་གྱི་འབྲེལ་བ། དེ་བཞིན་མིའི་སེམས་སུ་བདེ་སྐྱིད་བསྐྲུན་རྒྱུར་ཉོན་མོངས་སྤང་ཐབས་དང་ཉོན་མོངས་སྤང་རྒྱུར་ཡང་ལམ་གྱི་རིམ་པ་བགྲོད་དགོས་ཚུལ་བཅས་གསུངས་བྱུང་ཅེས་ངོ་སྤྲོད་གནང་ཡོད། 

 

ཁ་སང་ཕྱི་ཚེས་ ༢༢ ཉིན་ལྡི་ལིའི་ཇཱ་མི་ཡ་ཁ་ཆེའི་གཙུག་ལག་སློབ་ཆེན་གྱི་གསལ་བསྒྲགས་ནང་། འདི་ལོའི་གཙུག་ལག་སློབ་ཆེན་དེའི་འབུམ་རམས་པའི་མཁས་དབང་གི་ཕྱག་འཁྱེར་དེ་༧གོང་ས་མཆོག་ལ་འབུལ་རྒྱུའི་ཐག་གཅོད་བྱས་པའི་སྐོར་དབུས་གཞུང་ལ་སྙན་གསེང་ཞུས་སྐབས། དབུས་གཞུང་ནས་དེང་སྐབས་རྒྱ་ནག་དང་ཆབ་སྲིད་ཀྱི་ཚོར་བ་རྣོ་རུ་འགྲོ་བའི་དུས་སྐབས་ཤིག་ཏུ་འཁེལ་ཡོད་སྟབས་ལས་གཞི་དེ་གནས་སྐབས་རིང་ཕྱིར་འགྱངས་དགོས་ཚུལ་བརྗོད་པ་སོགས་ཀྱི་འགོག་རྐྱེན་བྱུང་ཡོད་ཀྱང་མཐར་ཆོག་མཆན་རག་སྟེ།  དེ་རིང་ཕྱི་ཚེས་ ༢༣ ཉིན་མཁས་དབང་གི་ཕྱག་འཁྱེར་དེ་༧གོང་ས་མཆོག་ལ་དངོས་སུ་འབུལ་བཞེས་ཀྱི་མཛད་སྒོ་བསྡུ་རྒྱུ་གཏན་འཁེལ་ཡོད་པ་མ་ཟད། ཕྱག་འཁྱེར་འབུལ་བཞེས་ཀྱི་མཛད་སྒོའི་སྐུ་མགྲོན་གཙོ་བོར་རྒྱ་གར་དབུས་གཞུང་གི་མིའི་ནུས་ཤུགས་ལས་ཁུངས་ཀྱི་བློན་ཆེན་ཀ་བྷིལ་ལ་སི་སྦལ་མཆོག་ཕེབས་རྒྱུ་ཡིན་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

མཆན། 5

  1. བྱང་ཆུབ་སེམས་དཔལ། says:
    ལོ་ 15 སྔོན།

    འདི་ནི་ངའི་ཆེ་ཐོག་མའི་དྲ་ཚིག་ནང་སྤེལ་བའི་མཆན་ཡིན་པས།་་་་་་་་་༧གོང་ས་མཆོག་གིས་རྒྱ་ས་རྡི་ལིར་༼ སེམས་དང་སྲོག༽ ཅེས་པའི་ནང་ཆོས་དང་ཚན་རིག་བར་གྱི་བགྲོ་གླེང་ཚོགས་འདུ་ཐེངས་ ༢༢ པའི་ཐོག་བཀའ་སློབ་གནང་བར་བཀའ་དྲིན་བླ་མེད་དུ་ཆེ་ཞུ་རྒྱུ་དང་གང་ཉིད་ཀྱི་བཞེད་དོན་ལྷུན་གྱིས་འགྲུ་པར་སྨོན།

    Reply
  2. འཇམ་ཚུལ། says:
    ལོ་ 15 སྔོན།

    མིས་ཅི་ཞིག་བྱེད་ཀྱིན་ཡོད་མེད་ལ་མ་ལྟོས་པར་རང་ཉིད་ནས་འགོ་འཛིགས་དགོས།
    ལྷག་པར་ཏུ་མཚན་རིག་གི་བྱ་བཞག་འདི་ང་ཚོ་སུས་ཀྱང་འཚོ་བའི་ནང་དུ་གལ་ཆེན་ཞིག་ཏུ་མཐོང་བཞིན་ཡོད། འོན་ཀྱང་ནང་ཆོས་དང་མཉམ་འབྲེལ་བྱ་རྒྱུ་ཞིག་ད་དུང་བསམ་ཡུལ་ཏུ་མ་འཁོར་མཁན་རིགས་མཐུན་གང་མང་ཡོད་ངེས། ལྷག་པར་ཏུ་རྒན་པའི་ནང་དུ་ཡོད་འོན་ཀྱང་དེ་གནད་འགག་མ་རེད། གནད་འགག་ནི་ནང་ཚན་མཉམ་འབྲེལ་གྱི་ལས་སམ་ཚན་རིག་གི་རིགས་ལམ་ལ་སྦྱང་བརྩོན་མཁན་ཡོད་མེད་དང་། དེ་ཡང་གྲངས་སྦོར་དང་། ང་ཚོའི་སྤྱི་ཚོགས་ལྟ་བུ་ལ་མཚོན་ན་དེ་ཡང་རྒན་གཞོན་གཉིས་སྡུར་དགོས། དེང་སྐབས་༸གོང་ས་མཆོག་གིས་ལམ་སྟོན་ལས་ནང་ཚན་མཉམ་འབྲེལ་གྱི་གོ་རྟོགས་མཁན་གཞོན་སྐྱེས་མོང་པོ་ཡོད་པ་མ་ཟད་ལས་ལ་ངོས་སུ་ཞིག་མཁན་ཡང་ཡོད་པས་འདི་ནི་དཔེར་ན་ཨང་གྲངས་རྩི་སྐབས་གཅིག་ནས་འགོ་བཙུགས་པ་ལྟ་བུ་རེད། དེས་ན་རྒྱུན་མ་ཆད་པ་ཙམ་གྱིས་བོད་ཀྱི་རིགས་གཞུང་ལ་ཧ་ཅིང་གི་ཞབས་འདེགས་ཤིག་རེད་མི་འདུག་གམ།

    Reply
  3. མགར་ནེ་ཙོ། says:
    ལོ་ 15 སྔོན།

    འདི་ནི་ང་ཚོ་བོད་མི་ཡོངས་དང་ལྷག་པར་ནང་བའི་ཆོས་ལ་སྦྱངས་མཁན་སོགས་ཀྱིས་དམིགས་བསལ་གྱིས་༸གོང་ས་མཆོག་གཙོ་བྱས་བའི་ཚོགས་མི་ཡོངས་ལ་བཀའ་དྲིན་ཆེ་ཞུ་
    འོས་བ་མ་ཟད། ནང་སྒོས་སུ་ང་ཚོ་བོད་མི་ཡོངས་ཀྱིས༸གོང་ས་མཆོག་གི་འབུམ་རམས་པའི་ཕྱག་འཁྱེར་བཞེས་བ་དེར་དངོས་གནས་བཀྲ་ཤིས་བདེ་ལེགས་དང། མཛད་འཕྲིན་ཞབས་བརྒྱར་བསྟན་པའི་སྨོན་འདུན་ཞུ་འོས་བ་མ་ཟད། ད་དུང་རྒྱ་གར་གཞུང་གིས་རང་ཚུགས་ཐུབ་ཙམ་པའི་ངོས་ནས་༸ གོང་ས་མཆོག་ལ་འབུམ་རམས་པའི་ཕྱག་འཁྱེར་འབུལ་བར་ཆོག་མཆན་ཐོབ་པར་བཀའ་དྲིན་ཞུ་འོས།

    Reply
  4. གངས་མྱུག says:
    ལོ་ 15 སྔོན།

    གོང་ས་མཆོག་གིས་ནང་ཆོས་གོང་དུ་སྤེལ་བ་ལ་ཚན་རིག་དང་མཉམ་དུ་བགྲོད་དགོས་པར་དགོངས་མོད་གྲྭ་ས་ཁག་ཏུ་ཚན་རིག་ལ་ཕྱིའི་རྣམ་པ་སྟོན་པ་ཙམ་ལས་ཅི་ཡང་ནུས་ཀྱི་མེད་ལ་ལས་གནས་ཆེ་ཁག་དག་ལ་སེམས་གཏིང་ནས་དེར་རྒྱབ་སྐྱོར་དང་འདོད་པའང་དེ་ཙམ་མེད་པས་མགོན་པོ་གང་གིས་གྲྭ་སར་ཐུགས་རེ་ཆེན་པོས་ཚན་རིག་བཙུགས་པ་དེ་དེང་ཕྱིའི་རྣམ་པ་ཙམ་ལས་དོན་དུ་རྒྱུན་མ་ཆད་ཙམ་ཡིན་ནོ།

    Reply
  5. གཟི་མིག་༣པ says:
    ལོ་ 15 སྔོན།

    ཐོག་མར་༧་ས་མཆོག་ལ་འཚམས་འདྲི་དང་གོ་བསྒྲིགས་ཚོགས་པའི་མམི་སྣ་ཡོངས་དང་རྒྱ་གར་ནང་བོད་དོན་ལ་དོ་སྣང་གནང་བཞིན་པའི་ལས་མི་ཡོངས་ལ་ངས་བོད་མི་ཡོངས་ཀྱི་ཚབ་བྱས་ནས་ཐུགས་བརྗེ་ཆེ་ཞུ་བཞིན་ཡོད་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese