མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཡིག་གི་བང་རྩལ།

བོད་ཀྱི་དུས་བབ།
༢༠༡༠/༡༡/༢༧
Share on FacebookShare on TwitterShare on EmailShare on Whatsapp

 

ཨ་རིའི་ཀུ་ཤུ་རྟགས་ཅན་གྱི་བཟོ་གྲྭས་གསར་ཏུ་བཟོས་པའི་ ios4.2.1 ཞེས་པའི་ནང་། ཕྱི་ཚེས་ ༢༣ ཉིན་༼ ཀེ་ལ་ཤ་བོད་ཡིག ༽གསར་སྣོན་བྱས་ཡོད་འདུག་ལ། ཐེངས་འདིར་ཀུ་ཤུ་རྟགས་ཅན་གྱི་བཟོ་གྲྭས་བོད་ཡིག་གསར་སྣོན་བྱས་པ་བརྒྱུད་དེ། བཟོ་གྲྭ་དེ་ནས་ཐོན་པའི་ལག་འཁྱེར་ཁ་པར་ Iphone དང་། གསར་ཐོན་རྩིས་འཁོར་ Ipad དེ་བཞིན་ Ipod སོགས་སུ་བོད་ཡིག་ཚགས་མེད་དུ་བེད་སྤྱོད་གཏོང་ཐུབ་པར་གྱུར་ཡོད་འདུག

བོད་ཡིག་དེ་རྒྱལ་སྤྱིའི་གཅིག་གྱུར་ཨང་རྟགས་ཅན་དུ་བསྒྱུར་བའི་ཚུན་ལ། ད་ཆར་བོད་ཡིག་འཛམ་གླིང་སྟེང་དངོས་སུ་བེད་སྤྱོད་བྱེད་ཀྱིན་པའི་ཡིག་རིགས་ ༡༠༠ ཡི་གྲས་སུ་བསླེབས་ཡོད་པ་མ་ཟད། དེང་གི་བརྡ་འཕྲིན་བརྒྱུད་ལམ་ཐོག་བེད་སྤྱོད་ཐུབ་པའི་ཡིག་རིགས་ ༥༠ གྲས་སུའང་ཚུད་ཡོད་འདུག

གོང་གི་གནས་ཚུལ་དེ་ཐོན་མ་ཐག་བོད་ཕྱི་ནང་གི་གསར་ལམ་ཁག་གཅིག་ཏུ། ཐེངས་འདིར་ཀུ་ཤུ་རྟགས་ཅན་གྱི་ཐོན་རྫས་ནང་བོད་ཡིག་གསར་སྣོན་བྱས་པ་དེ་༼ སྨོན་ལམ་བོད་ཡིག་གསུམ་པ ༽ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་པ་དེ་ནོར་འཁྲུལ་ཡིན་ཞིང་། ཕྱི་ཚེས་ ༢༣ ཉིན་ཨ་རིའི་ཀུ་ཤུ་རྟགས་ཅན་གྱི་ཐོན་རྫས་ནང་བོད་ཡིག་གསར་སྣོན་བྱས་པ་དེ་ནི་༼ ཀེ་ལ་ཤ་བོད་ཡིག ༽ཡིན།

དེ་རིང་གློག་ཀླད་ཆེད་མཁས་པ་གྲྭ་བློ་བཟང་སྨོན་ལམ་ལགས་ཀྱིས་གསལ་བཤད་གནང་དོན། སྤྱིར་བཏང་ཀུ་ཤུ་རྟགས་ཅན་གྱི་གློག་ཀླད་ནང་ལོ་ཤས་གོང་ནས་བོད་ཡིག་ཡོད། དེ་ནི་ཉི་ཧོང་གི་ཨོ་ཏ་ལེ་གཙུག་ལག་སློབ་གྲྭ་དང་ཨ་རིའི་ཀུ་ཤུ་རྟགས་ཅན་གྱི་བཟོ་གྲྭ་གཉིས་མཉམ་འབྲེལ་བྱས་ཏེ། ༼ ཀེ་ལ་ཤ་བོད་ཡིག ༽ དང་ ༼ ཀོ་ཀོ་ནོར་བོད་ཡིག ༽ ཟེར་བ་དེ་བཟོས་ཡོད། དེ་གཉིས་རྒྱལ་སྤྱིའི་གཅིག་གྱུར་ཨང་རྟགས་ཐོག་ཐོན་པའི་བོད་ཡིག་དང་པོ་རེད། དེའི་རྗེས་ཨོ་ཏ་ལེ་གཙུག་ལག་སློབ་གྲྭ་དང་ང་ཚོ་མཉམ་འབྲེལ་ཐོག་༼ སྨོན་ལམ་བོད་ཡིག་གསུམ་པ ༽ ཀུ་ཤུ་རྟགས་ཅན་གྱི་གློག་ཀླད་ནང་བཅུག་པ་ཡིན།

ཉེ་ཆར་ ༢༣ ཉིན་ ios4.2.1 ནང་གསར་སྣོན་བྱས་པ་དེ་ཉི་ཧོང་གི་ཨོ་ཏ་ལེའི་གཙུག་ལག་སློབ་གྲྭས་བཟོས་པའི་༼ ཀེ་ལ་ཤ་བོད་ཡིག  ༽ བོད་ཡིག་རེད། ཁ་ཤ་ཀྱིས་སྨོན་ལམ་བོད་ཡིག་གསུམ་པ་རེད་ཟེར་ནས་ཁྱབ་བསྒྲགས་བྱེད་ཀྱི་ཡོད་པ་དེ་ནོར་བ་རེད། འོན་ཀྱང་ཁོང་ཚོའི་ལས་གཞི་དེར་ང་ཚོས་རོགས་པ་བྱས་ཡོད་པ་རེད། ཐེངས་འདིར་རྒྱལ་སྤྱིའི་ནང་སྐད་གྲགས་ཡོད་པའི་ཀུ་ཤུ་རྟགས་ཅན་གྱི་ཐོན་རྫས་ནང་བོད་ཡིག་བཅུག་པ་དེ་དོན་དག་གལ་ཆེན་ཞིག་རེད། ཅེས་གསལ་བཤད་གནང་འདུག

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

མཆན། 19

  1. ར་ས་ཕོ་ཉ། says:
    ལོ་ 15 སྔོན།

    ད་ཡིན་ན་iPad སོགས་ཀྱི་ནང་བོད་ཡིག་བདེ་བླག་སྤྱད་ཐུབ་ཀྱི་འདུག ད་ལྟ་ངས་ipad ནས་བྲིས་པ་ཡིན།

    Reply
  2. སེར་ཏྲེ་མཁར་སྒང་བསོད་ནམས་དབང་ལྡན། says:
    ལོ་ 15 སྔོན།

    བོད་ཀྱི་སྐད་ཡིག་གི་ལས་དབང་ཇེ་དར་ཇེ་དར་དུ་འགྱུར་བ་ནི་དགའ་འོས་པའི་གནས་ཚུལ་ཞིག་རེད།

    Reply
  3. སེར་ཏྲེ་མཁར་སྒང་བསོད་ནམས་དབང་ལྡན། says:
    ལོ་ 15 སྔོན།

    ཡ་བཀྲ་ཤིས་པའི་གནས་ཚུལ་ཇེ་མང་ཇེ་མང་རེད། ངོ་མ་བོད་ཀྱི་སྐད་ཡིག་གཉིས་དུས་རབས་དང་མཐུན་པར་མདུན་སྐྱོད་ཀྱི་གོམ་སྒྲ་སྒྲོག་པ་ཐོས་སྐབས་ངའི་སེམས་ཁམས་སུ་དགའ་ལྷང་ལྷང་གི་ཚོར་བ་ཞིག་འཕྱུར་གྱིན་འདུག་པས། གྲོགས་པོ་བློ་བཟང་སྨོན་ལམ་མཆོག་ལ་སོགས་པ་སྐུ་ལས་སྐྱོན་མཁན་ཡོངས་རྫོགས་ལ་སྙིང་ནས་ཐུགས་རྗེ་ཆེ་ཞུ།

    Reply
  4. དྲང་བདེན་གི་གཏམ་ says:
    ལོ་ 15 སྔོན།

    དྲ་གྲོགས་ཇ་མ་ལགས་ དདདད རྟ་རྒྱུགས་བརྡུལ་ཡལ་ཚར་བ་རེད། རྒྱབ་པའི་མདའ་ལ་ལོགས་ཤོག་ཟེར་ཟ་ཡོད་མ་རེད་། དེ་ནི་དང་པོ་ནས་ནོར་བ་ཞིག་རེད། མ་གཞི་ནས་ང་ཚོ་བོད་པ་རྣམས་ཚིགས་གསར་བེད་སྤྱོད་བཏང་རྒྱུར་དགའ་དྲག་པའི་སྐྱོན་རེད།།།
    དྲ་གྲོགས་རྡོ་རྗེ་ཚེ་རིང་ལགས་ ཁྱེད་རང་དེ་འདྲའི་ཟུར་ཟ་གནང་དགོས་ཡོད་མ་རེད་། གང་ལྟར་རུང་བོད་ཡིག་དེ་ཡི་ང་དང་ང་འདྲ་བའི་བོད་རིགས་གཞོན་ནུ་མང་པོར་ཕན་པ་ཆེན་པོ་ཡོང་སྲིད། ཁྱེད་རང་ལ་དགོས་པའི་ཇོ་མོ་གླང་མའི་ཡིག་གཟུགས་དེ་འདི་ལ་གཟིགས་དང། http://www.yalasoo.com/Tibetan/docs/yalasoo_bo_font.php ཁྱེད་སྤྲོ་པོ་ཡོང་བ་ཤོག་།།
    དེེ་མིན་གྲོགས་པོ་ཚོ་གལ་སྲིད་ཁྱེད་རྣམས་ཀྱི་iphone ipod སོགས་ལ་བོད་ཡིག་འཇུག་འདོད་ན་ གུས་པས་ཡང་བསྐྱར་བཞུ་མི་དགོས་པར་ཁྱེད་རྣམས་ནས་ དྲ་གྲོགས་ར་ས་ཕོ་ཉ་ལགས་གི་གསུང་པ་བཞིན་བྱས་ན་འགྲིགས་གི་རེད་ དེ་ནི་ ཁྱེད་རང་ཁ་པར་དང་གློག་ཀླད་མཐུད་རྗེས་ new version update བྱས་རྗེས་སྐར་མ་25གཡས་གཡོན་ནང་རང་བཞིན་གྱི་ལེགས་འགྲུབ་ཡོང་གི་རེད། དེ་རྗེས་ཁྱེད་རང་གི་ཁ་པར་ནང་ཕྱིན་ཏེ་ 1,Setting 2,General 3,Keyboard 4,International keyboards 5,Add new keyboard དེ་རྗེས་ཁྱེད་རང་ནས་བོད་ཡིག་དེ་གདམས་ན་འགྲིགས་། ཧ་ཅང་ལས་སླ་པོ་རེད། གུས་པ་ཡང་བེད་སྤྱོད་མང་པོ་བཏང་གི་ཡོད། རང་ཉིད་ཀྱི་རིགས་གཞུང་དེ་དེང་དུས་ཀྱི་འཕྲུལ་ཆས་གསར་པའི་ནང་བེད་སྤྱོད་བཏང་དུས་ཧ་ཅང་དགའ་སྣང་ཆེན་པོ་འདུག། དེ་ནི་བྱུང་མྱོང་མེད་པའི་ཚོར་བ་གསར་པ་ཞིག་འདུག། རང་ཉིད་ཀྱི་རིགས་གཞུང་དེ་རྩ་ཆེན་ཡིན་པ་ཚོར་གི་འདུག།

    Reply
  5. ཇ་མ་ says:
    ལོ་ 15 སྔོན།

    ༼ པཎ་ཊ་ཏ་ ༽རྒྱ་གར་སྐད།༼ ཀེ་ལ་ཤ་བོད་ཡིག ༽ཟེར་ན་རྒྱ་གར་སྐད་དང་ ༼ ཀོ་ཀོ་ནོར་བོད་ཡིག ༽ཟེར་ན་སོག་སྐད་ཡིན་པས་བོད་ཀྱི་ཡི་གེར་བོད་རང་གི་མིང་ཞིག་བཏགས་ན་ག་འདྲ་མི་ཆོག་པ་རེད།

    Reply
  6. ཇ་མ་ says:
    ལོ་ 15 སྔོན།

    ཐོན་མི་སམ་པོ་དྲ་གཉིས་པ་བློ་བཟང་སྨོན་ལམ་ཁ་དྲོ་བཀྲ་ཤིས། བྱ་བ་ལམ་འགྲོ་ཡོང་བར་ཤོག

    Reply
  7. རྡོ་རྗེ་ཚེ་རིང་། says:
    ལོ་ 15 སྔོན།

    བོད་སྐད་མི་ཤེས་མཁན་ཇེ་མང་རེད། བོད་ཡིག་གི་ཚན་རྩལ་ཇེ་མགྱོགས་རེད། བོང་བུ་སྔོན་ལ་ཕྱིན་ས་ལམ་རྗེས་ལ་ཟེར་བའི་དཔེ་རང་རེད། འོན་ཀྱང་ཕྱི་གླིང་བ་ཨ་གསར་ཅན་རེ་ཟུང་དང་བོད་སྐད་ཚོང་བསྒྱུར་བ་རེ་ཟུང་ལ་ཏན་ཏན་ཕན་ཐོགས་རྒྱུ་རེད། དེ་ལས་དྲྭ་གྲོགས་ཚོས་ཇོ་མོ་གླང་མའི་ཡིག་གཟུགས་ཕབ་ལེན་གྱི་དྲྭ་འབྲེལ་ཤེས་ཀྱི་ཡོད་ན་གུས་པར་གནང་རོགས།

    Reply
  8. རྡོ་རྗེ་ཚེ་རིང་། says:
    ལོ་ 15 སྔོན།

    ད་ཡིན་ན་ལྟད་མོ་འདུག བོད་སྐད་མི་ཤེས་མཁན་ནི་ཇེ་མང་རེད། བོད་ཡིག་གི་ཚན་རྩལ་ཇེ་མགྱོགས་རེད། 

    Reply
  9. ར་ས་ཕོ་ཉ། says:
    ལོ་ 15 སྔོན།

    ཁོ་བོས་ཚོད་དཔག་བྱས་ན། ཁྱེད་རྣམ་པར་ iphone དང་ ipad་དང་ ipod touch སོགས་ཡོད་པ་ཡིན་ན། དེའི་ནང་གི་གཉེན་ཆས་དེ་ དེང་སང་གསར་དུ་འཐོན་པའི་གཉེན་ཆས་༤་༢་༡་ ios4.2.1 ཞེས་པ་དེ་དང་གོ་ས་བརྗེ་དགོས་པ་འདྲ། དེ་གོ་ས་བརྗེ་སྟངས་ནི་ཉིད་ཀྱི་iphone ལྟ་བུ་དེ་ གློག་གླད་ནང་གི་ iTUNE ལ་འཐུད་རྗེས་ new vesion update གནང་དགོས། འོན་ཀྱང་ཁོ་བོར་ད་ལྟ་དྲ་རྒྱ་མཐུན་རྐྱེན་མ་འདང་པས་ཚོད་ལྟ་ཐུབ་མ་སོང་། ཟླ་བ་རྗེས་མའི་ནང་ཚོད་ལྟ་བྱ་ངེས་ཡིན།

    Reply
  10. རྡོ་རྗེ་གྲོ་ལོད། says:
    ལོ་ 15 སྔོན།

    གྲྭ་བློ་བཟང་སྨོན་ལམ་ལགས་ཀྱིས་རྣམ་དཔྱོད་ལྡན་པའི་ལྷག་བསམ་འཁུར་ལེན་གྱི་བྱ་ལས་ལ་རྒྱབ་སྐྱོར་གཙང་མ་ཡོད།།

    Reply
  11. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 15 སྔོན།

    འཇམ་གྲགས་ལགས། ཀེ་ལ་ཤ་དང་ཁོ་ཁོ་ནོར་ཅེས་པའི་བོད་ཡིག་གི་མཐེབ་དང་ཡིག་གཟུགས་གཉིས་ནི་ཀུ་ཤུ་རྟགས་ཅན་གྱི་ནང་དུ་རང་ཆས་སུ་ཡོད་པ་རེད། འདི་གཉིས་ཕལ་ཆེར་ཧི་མ་ལ་ཡའི་བོད་ཡིག་ལས་ཀྱང་སྔ་ཙམ་ཡོད་པ་རེད། དེང་སྐབས་སྨོན་ལམ་བོད་ཡིག་ནི་ཀུ་ཤུ་རྟགས་ཅན་གྱི་གློག་ཀླད་དང་ཁ་པར། འབྲི་དེབ་བཅས་ཀྱི་ནང་དུ་ཆུ་བཞུར་བཞུར་བྱས་ནས་ཡོང་གི་འདུག

    Reply
  12. འཇམ་གྲགས says:
    ལོ་ 15 སྔོན།

    ཀེ་ལ་ཤ་བོད་ཡིག་ཀུ་ཤུའི་རྟགས་ཅན་ནང་རང་ཆས་སུ་ཡོད་པ་རེད་དམ། ཡང་ན་ཕབ་ལེན་དགོས་གསལ་བཤད་ཞིག་གནང་རོག་ཞུ།

    Reply
  13. དྲང་བདེན་གི་གཏམ་ says:
    ལོ་ 15 སྔོན།

    ཐུགས་རྗེ་ཆེ་།།།། ངའི་iphone ལག་ཐོག་ཁ་པར་ཐོག་བེད་སྤྱོད་ཧ་ཅང་སྟབས་བདེ་པོ་བཏང་ཐུབ་གི་འདུག།།།། གོང་གསལ་གྱི་ལས་མི་ཡོང་ལ་བཀའ་དྲིན་ཆེ་བཞུ་རྒྱུ་ཡིནནནནནནནནནན དེ་ནི་བོད་ཀྱི་རིགས་གཞུང་ཉམས་པ་གསོར་བཅུད་དང་མི་ཉམས་གོང་འཕེལ་ཡོང་བའི་གོམས་པ་ཆེན་པོ་ཞིག་རེད།།

    Reply
  14. བསང་ཆུ་འབྲུག་བྷེ། says:
    ལོ་ 15 སྔོན།

    མ་ཡུམ་གྱི་འོ་སྤྲི་ལས་ཞིམ་པའི་བོད་སྐད་ཡིག་གི་ཚེ་སྲོག་ཡུན་དུ་གནས་པར་མཛད་རྗེས་རླབས་ཆེན་བཞག་པའི་གྲྭ་བློ་བཟང་སྨོན་ལམ་ལ་སྙིང་ཐག་པ་ནས་རྗེས་སུ་ཡི་རངས་ཞུ།

    Reply
  15. འོད་ཡུག་པའི་འཁྱམས་པོ། says:
    ལོ་ 15 སྔོན།

    ཀེ་ལ་ཤ་བོད་ཡིག་ཟེར་བ་དེ་གང་ནས་ཕབ་ལེན་ཐུབ་རྒྱུ་ཡིན་ནམ།

    Reply
  16. ར་ས་ཕོ་ཉ། says:
    ལོ་ 15 སྔོན།

    གོང་གསལ་གནས་ཚུལ་དེར་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན་ཀྱང་། འདིར་ད་ལྟ་འཐོན་ཟིན་པའི་iPAD དང་iPhone སོགས་ལ་བོད་ཡིག་འཇུག་སྟངས་ཤིག་བསླབ་ན་ཅི་འདྲ་མི་ལེགས་སམ།

    Reply
  17. འོད་ཡུག་པའི་འཁྱམས་པོ། says:
    ལོ་ 15 སྔོན།

    གང་ལྟར་ཡར་རྒྱས་ཀྱི་རྣམ་པ་རེད། འོན་ཀྱང་སུས་བྱས་པ་དང་སུས་ལས་པ་དེར་འགྲེལ་བརྗོད་ཡག་པོ་ཡོད་དགོས་པ་ལས་ཤ་ཞིམ་པོ་ཝ་མོས་བཟས་མིང་ངན་པ་སྤྱང་ཀིར་ཟེར་བ་ལྟར་མ་ཡིན་པ་བྱུང་ན་ཡག་པོའདུག།

    ཞུ་སྙིང་།
    དྲ་གྲོགས་ཚོ་དེ་སྔོན་ཕྱི་ཟླ་བ་༡༠ པའི་ཚེས་༡༥ ཉིན་དུས་བབ་དྲ་རྒྱས་སྤེལ་གནས་ཚུལ་གོང་ས་མཆོག་པྱེད་བགྲེས་ཡོལ་སྐོར་ལ་ཀླུ་མཁར་བྱམས་ཟེར་བ་ཞིག་མཆན་བུ་བཏབ་བསུབ་པ་རྣམས་སུ་ལ་ཡོད་ཀྱང་གུས་པར་མཁོ་སྤྲོད་གནང་རོགས། གཤམ་དུ་ཡིག་ཟམ་བཀུར་ཡོད། ད་དུང་སྐབས་དེར་ནད་ཟེར་བ་ཞིག་གིས་ཀྱང་མཆན་བུ་བཏབ་པ་ད་དུང་མཐོང་རྒྱུ་འདུག་པས་ཤེས་ལྡན་པ་རྣམས་ཀྱིས་ཞིབ་དཔྱད་ཀྱིས་ལན་ཞིག་དགོས་པ་ཁ་ཚ་དགོས་གཏུགས་རེད་སྙམ། དེ་མིན་ཆོ་མེད་ཀྱི་རྩོམ་བྲིས་འདྲ་འདིར་སྤེལ་བ་ནི་དུས་ཚོས་འཕྲོ་བརླག་ཏུ་བསམ།

    གཟུ་ལས་བློ་ལྡན་ལགས་ཀླུ་མཁར་བྱམས་ཀྱི་མཆན་བུ་ཁོ་བོའི་ཡིག་ཟམ་དེར་གནང་རོགས་ཞུ། ttseten33@yahoo.com

    Reply
  18. བསེ་རུ། says:
    ལོ་ 15 སྔོན།

    བོད་མི་རིགས་ཀྱི་སྐད་ཡིག་འདི་བཞིན། འཛམ་གླིང་གི་སྤྱི་ནོར་ཞིག་ཏུ་འགྱུར་གྱིན་ཡོད་སྟབས། བོད་མི་ཚོས་ནོར་བུ་རང་ལག་ཏུ་ཡོད་སྐབས་ནོར་ངོ་ཆོད་པ་ཞིག་གནང་སྟེ། དུས་ཁོམ་ནམ་ཡོད་ལ་བོད་མི་རིགས་ཀྱི་ཚེ་སྲོག་དང་འབྲེལ་ཞིང་འཛམ་གླིང་གི་སྤྱི་ནོར་བོད་ཡིག་གི་རིན་ཐང་ཤེས་པར་བྱ་རྒྱུ་ནི། བོད་མི་ཚོའི་འཚོ་བའི་ཁྲོད་ཀྱི་གཡོལ་དུ་མེད་པའི་ལས་འགན་ཞིག་ཡིན།

    ད་དུང་བོད་ཡིག་གི་ཚེ་སྲོག་བསྲིང་རྒྱུར་ཐབས་ལམ་དང་། བརྒྱུད་ལམ་སོགས་ཀྱི་སྟོང་ཆ་མང་པོ་བསྐང་དགོས་སྟབས། བོད་མི་རང་རང་གི་རྣམ་དཔྱོད་ཀྱི་རྩལ་སྤྲུགས་ཏེ་ད་དུང་རིམ་པར་བསྐྱོད་དགོས།།

    Reply
  19. lhokha phuntsok says:
    ལོ་ 15 སྔོན།

    རླབས་ཆེན་གྱི་ལས་གཞི་ཞིག་ལེགས་གྲུབ་བྱུང་བར་སྙིང་དབུས་རྗེས་སུ་ཡི་རང་ཞུ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese