མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ས་གནས་མགོ་འཛིན་འདེམ་མ་ཐུབ།

བོད་ཀྱི་དུས་བབ།
༢༠༡༠/༡༡/༢༧
Share on FacebookShare on TwitterShare on EmailShare on Whatsapp

 

བཞུགས་སྒར་ངྷ་རམ་ས་ལའི་ས་གནས་མགོ་འཛིན་དང་། ས་གནས་འཐུས་ཚོགས་ཀྱི་དངོས་གཞིའི་འོས་བསྡུ་དེ་ཟླ་འདིའི་ཕྱི་ཚེས་ ༢༥ ཉིན་གནང་གྲུབ་ཡོད་པ་དང་། ཁ་སང་ཕྱི་དྲོར་འོས་ཤོག་གྲངས་བཤེར་བྱས་པ་ལྟར་ན། ས་གནས་མགོ་འཛིན་གྱི་འོས་མི་དྲུག་ལ་བརྒྱ་ཆ་མ་ལོང་སྟབས་བདམས་ཐུབ་ཡོད་མི་འདུག་ལ། ས་གནས་འཐུས་མིའི་ཚོགས་འདུར་མི་ ༡༥ བདམས་ཐོན་ལེགས་པར་བྱུང་ཡོད་འདུག

དེ་སྔའི་ས་གནས་མགོ་འཛིན་དང་ས་གནས་འོས་བསྡུའི་འགན་འཛིན་གཅིག་གཅོག་ཚེ་རིང་ཕུན་ཚོགས་ལགས་ཐེངས་འདིར་བསྐྱར་དུ་ས་གནས་མགོ་འཛིན་གྱི་འོས་གཞིའི་ཁོངས་སུ་ཞུགས་ཡོད་སྟབས། འོས་བསྡུའི་སྒྲིག་གཞི་ལྟར་ཚེ་རིང་ཕུན་ཚགོས་ལས་གནས་ནས་ཟུར་དུ་བུད་དེ། ལས་ཚབ་ཏུ་ཤཱོ་སར་བསོད་ནམས་ཆོས་འཕེལ་ལགས་ཀྱིས་འོས་ཤོག་གྲངས་བཤེར་སོགས་ཀྱི་ལས་དོན་བསྒྲུབ་ཡོད་འདུག

དངོས་གཞིའི་འོས་མིའི་ཁོངས་སུ་མི་དྲུག་ཡོད་ཅིང་། ཉུང་མཐར་འོས་མི་གཅིག་ལ་འོས་ཤོག་རྩ་འབོར་གྱི་བརྒྱ་ཆ་ ༥༡ ཙམ་ལོང་དགོས་སྟབས། མི་དྲུག་ལས་སུ་གང་ལའང་བརྒྱ་ཆ་ལོང་མེད་སྟབས་ས་གནས་མགོ་འཛིན་བདམས་མ་ཐུབ་པར་དབུས་འོས་བསྡུ་ལས་ཁུངས་ལ་སྙན་གསེང་ཞུས་འདུག སྒྲིག་གཞི་ལྟར་ན། གནས་ཚུལ་འདི་རིགས་བྱུང་སྐབས། གནས་སྐབས་རིང་བོད་གཞུང་གིས་ས་གནས་མགོ་འཛིན་མངགས་གཏོང་བྱས་ཏེ། ས་གནས་འཐུས་ཚོགས་ཀྱིས་ས་གནས་མགོ་འཛིན་བོད་གཞུང་གིས་མངགས་གཏོང་བྱས་པར་ངོས་ལེན་བྱ་རྒྱུ་དང་། ཡང་ན་བསྐྱར་དུ་འོས་འདེམས་བྱ་རྒྱུའི་ཐད། ས་གནས་མི་མང་བསམ་ཚུལ་བསྡུས་ཏེ། འོས་འདེམས་བྱ་རྒྱུར་མང་མོས་ཐོབ་ཚེ་ཡང་བསྐྱར་འོས་བསྡུ་བྱ་རྒྱུ་ཡིན་འདུག

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

མཆན། 8

  1. delekp says:
    ལོ་ 15 སྔོན།

    འོས་གཞིར་མི་དྲུག་ཙམ་བཞག་པ་དེས་བརྒྱ་ཆ་ལོན་རྒྱུ་མིན་པ་ནི་ལོང་བས་བལྟས་ཀྱང་ཁམས་གསུམ་ཡིན། དེས་ཐོག་མ་ཉིད་ནས་བཅའ་ཁྲིམས་དགོངས་དོན་མི་མང་ནས་ཐད་ཀར་འོས་འདེམས་བགྱིས་པའི་ས་གནས་མགོ་འཛིན་ཡོང་རྒྱུའི་ལམ་ཁ་འགོག་ཕྱིར་འོས་བསྡུའི་ལས་རིམ་འགོ་འཛུགས་ཞུས་པ་ལྟ་བུར་མངོན།། །།

    Reply
  2. བཙན་བྱོལ་བ་ says:
    ལོ་ 15 སྔོན།

    དྲང་པོར་བཤད་ན་བདེ་དོན་ཟླ་བ་ཚེ་རིང་གིས་སྤྱི་རྫས་སྒེར་བདག་བྱས་པ་ཞིག་གཏན་ནས་བྱུང་མེད་ ཁྱེད་ཀྱིས་བཤད་ན་ཡོངས་གླིང་སློབ་གྲྭ་དེ་སྤྱི་རྫས་ཡིན་པ་བཤད་ཀྱིན་ཡོད་ས་རེད་
    དེ་ལྟ་ན་བོད་ཁྱིམ་སློབ་གྲྭ་དེ་ཡང་སྤྱི་རྫས་ཡིན་པར་ཐལ་ རྒྱུ་མཚན་མཚུངས་པའི་ཕྱིར་ དེ་ལྟ་ན་ཨ་མ་རྗེ་བཙུན་པདྨ་ཆོས་ཅན་ སྤྱི་རྫས་སྒེར་བདག་ཅན་གྱི་ནག་ཉེས་ཅན་ཡིན་པར་ཐལ་ དེའི་ཕྱིར་

    བྱས་ཙང་ཁོ་བོས་བལྟས་ན་བདེ་དོན་ཟླ་བ་ཚེ་རིང་རང་ཉིད་ཀྱིས་གཞན་ལ་རོགས་རམ་འབོད་བསྐུལ་གྱི་ཐོག་ནས་བྱིས་པ་སློབ་སྦྱོང་སྤྲོད་ས་ཡོངས་གླིང་སློབ་གྲྭ་ཞེས་པ་ཞིག་བཙུགས་ཐུབ་པ་རེད་ གལ་སྲིད་སློབ་གྲྭ་དེ་གཞུང་གིས་ཐོག་མར་བཙུགས་ནས་ཕྱིས་སུ་ཟླ་བ་ཚེ་རིང་གིས་ལྐོག་ཏུ་སྒེར་བདག་བྱས་ཡོད་པ་ཡིན་ན་ཁྱོད་ཀྱིས་བཤད་པ་བདེན་ དེ་ནི་དེ་ལྟ་མིན་ བྱས་ཙང་དགའ་མིན་དགའ་མདོག་དང་ཕྲག་མདོག་གི་དབང་གིས་གཏམ་བཤད་མ་བྱས་ན་ལེགས་ ང་ཚོའི་སྤྱི་ཚོགས་ཀྱི་སྐྱོན་ཆ་ཆེ་ཤོས་ནི་གལ་སྲིད་གང་ཟག་སྒེར་པ་ཞིག་སྤྱི་ཚོགས་ནང་སྙན་གྲགས་རྒྱས་པ་ན་མཚན་སྙན་ཕབ་ཡས་དང་འགོག་རྐྱེན་བཟོས་པ་འདི་ང་ཚོ་བོད་པ་ཚང་གི་སྐྱོན་ཆེ་ཤོས་ཡིན་པར་སྙམ་

    Reply
  3. མངའ་རིས་ཕོ་ཉ། says:
    ལོ་ 15 སྔོན།

    བཙན་བྱོལ་སྤྱི་ཚོགས་ནང་ཆབ་སྲིད་ཀྱི་གོ་རྟོགས་ཧ་ཅང་ཞན།
    སོ་སོའི་མགོ་ཁྲིད་ཀྱང་འདེམས་ཐུབ་ཀྱི་མེད།
    བསམ་རྒྱུ་ནི་ཨ་སྒོར་དང་ཕྱི་རྒྱལ་ལ་ག་དུས་འགྲོ་ཐུབ་ཡོང་བསམ་ནས་བསྡད་ཡོད། ཕྱི་རྒྱལ་ནི་བོད་མི་རིགས་ཀྱི་ལྷ་ཡུལ་དང་མཚུངས།
    ཐབས་ཤེས་ཡོད་ཚད་རྩལ་དུ་བཏོན་ནས་ཕྱི་རྒྱལ་ལ་འགྲོ་གང་ཐུབ་བྱས།
    དེ་འགྲོ་རྒྱུ་ནི་བཙན་བྱོལ་བོད་མིའི་རེ་བ་ཆེ་ཤོས་ཡིན།

    Reply
  4. མི་ཉག་སྐལ་བཟང་། says:
    ལོ་ 15 སྔོན།

    དྲང་པོ་བཤད་པ་ཡིན་ན། དེང་སང་རྡ་རམ་ས་ན་ཡང་གཤོག་པ་གཉིས་ལྡན་གྱི་ས་གནས་མགོ་འཛིན་དང་སྤྱི་འཐུས་སོགས་མི་སྣ་སྤུ་ཀ་ཡག་པོ་ཞིག་རེག་ཐབས་མེད་པ་དངོས་ཡོད་གནས་ཚུལ་རེད། གཤོག་ཟུང་ཅན་དང་ལྷག་བསམ་དང་འཇོན་ཐང་ཅན་གྱི་མི་སྣ་ཚོ་དེང་སང་ཕྱི་རྒྱལ་ཡུལ་གྲུ་ག་གེ་མོའི་འཚོ་བ་དང་ལྷན་དུ་རང་མི་རིགས་ཤིག་གི་སེམས་འཁུར་བྱེད་པར་ཆུ་ནང་རྡོ་གཡུག་པ་སྣང་བཞིན་རེད། མི་དེ་ཚོར་ཁག་ཡོད་པ་རེད། གཞུང་གི་མི་བདག་པོ་རྒྱག་ཤེས་མ་ཤེས་པ་དང་ནོར་བུ་ནོར་ཉར་མ་ཤེས་པའི་སྐྱོན་འབའ་ཞིག་རེད། གང་ལྟར་གོ་ལ་ཟླུམ་པོའི་འགྱུར་འགྲོ་དང་བསྟུན་པ་ཡིན་ན་བོད་གཞུང་གི་སློབ་གྲྭ་ཁག་ཕུད་པའི་བོད་མི་ཡོད་ཚད་ཕྱི་རྒྱལ་ལུང་པར་གཏོང་དགོས་པ་ནི་རྕ་བའི་དཔལ་འབྱོར་གྱི་དུས་རབས་དང་མཐུན་པའི་དགོས་མཁོ་ཞིག་རེད། གལ་ཏེ་ནམ་ཞིག་རྡ་སར་རང་བདེན་ཚོགས་ཆུང་གི་ཚོགས་མི་ཙམ་ཡང་རྙེད་དཀའི་དུས་ཤིག་ལ་སླེབས་ས་རེད། གོང་གི་དྲ་གྲོགས་བཙན་བྱོལ་བས་བཤད་པ་ལྟར་ན། སླར་ཡང་བདེ་དོན་ཟུར་པ་ཟླ་བ་ཚེ་རིང་ལགས་སྤྱི་རྗས་སྒེར་བདག་ཅན་གྱི་མི་སྣ་ཁོང་ལྟ་བུ་ཞིག་ཡོང་དགོས་པ་འདྲ། གལ་ཏེ་ཁོང་སླར་ཡང་ས་གནས་འགོ་འཛིན་དུ་འདེམ་པ་ཡིན་ན། ད་ནི་ཁོང་གི་༧གོང་ས་མཆོག་གི་ཕོ་བྲང་ཡས་ཆས་ཚང་མ་སྤྱི་རྫས་སྒེར་བདག་བྱ་རྒྱུར་ཐེ་ཚོམ་ཅི་ལ་དགོས།

    Reply
  5. ཁ་བའི་འདབ་མ། says:
    ལོ་ 15 སྔོན།

    ང་ཚོ་རྒྱལ་ས་གཉིས་བའི་མི་དམངས་ཚའི་ས་གནས་མགོ་འཛིན་ཞིག་ར་བསྐོ་མ་ཐུབ་པ་ངོ་མ་སེམས་སྐྱོ་གི་ཡ་་་་་་་་་་་འོས་བླུག་མཁན་རྣམས་ཡང་རྒན་པོ་རྒན་མོ་ཚོ་ཡིན་པ་འདྲ། སེམས་སྐྱོ་གི་ཡ་་་་་་་་ད་ཐེང་ཆད་སོང་།

    Reply
  6. བཙན་བྱོལ་བ་ says:
    ལོ་ 15 སྔོན།

    ས་གནས་འགོ་འཛིན་བསྐོ་མ་ཐུབ་པ་ལ་ཧང་སང་དགོས་པ་གང་ཡང་མ་རེད་ བརྒྱ་ཆ་མ་ལོང་ནས་གཞུང་འཛིན་བསྐོ་མ་ཐུབ་པ་དེ་འདྲ་རྒྱལ་ཁབ་མང་པོ་ནང་ལ་བྱུང་གིན་ཡོད་ ཁོ་བོས་བལྟས་ན་ས་གནས་འོས་བསྡུ་སླར་ཡང་གནང་ན་ལེགས་པར་སྙམ་ མདོར་ན་བདེ་དོན་ཟླ་བ་ཚེ་རིང་ལྟ་བུའི་སྐུ་ངོ་ཞིག་ཡོང་ཐབས་གནང་དགོས་ སྤྱི་ཚོགས་ལ་སེམས་ཚོར་ཡོད་པ་ ཞབས་ཕྱི་ཞུ་འདོད་ཀྱི་བསམ་པ་བརྟན་པོ་ཡོད་པ་ ས་གནས་དེའི་མི་ལ་ཕན་སེམས་ཡོད་པ་ དྲང་ཚུགས་དང་ཤེས་ཡོན་ལྡན་པ་བཅས་ཡིན་ དབུས་གཞུང་གི་སྤྱི་འཐུས་ཚད་ལྡན་ཡོང་མིན་ནི་ས་གནས་ཀྱི་འཐུས་མི་ཚད་ལྡན་ཡོང་མིན་ལ་རག་ལས་ཀྱི་ཡོད་ ས་གནས་འོས་བསྡུ་བླུགས་པ་འདིས་ས་གནས་དེར་མི་ཤེས་ཚད་ལྡན་པ་འཇོན་ཐང་ཅན་སུ་འདྲ་ཡོད་མིན་ཡང་ཤེས་ཐུབ་ དེ་མིན་གཞུང་གིས་ས་གནས་སུ་སྐུ་ངོ་གཏང་བ་ཁག་ནི་འཇོན་མཁན་ཧ་ལམ་ཡོང་གིན་མེད་

    Reply
  7. ཤེལ་དཀར་བློ་བཟང་། says:
    ལོ་ 15 སྔོན།

    རྡ་སའི་མི་དམངས་ཀྱི་ཁ་མདོག་འདི་རེད། ངོ་མ་ཐབས་སྐྱོ་བོ་རེད།

    Reply
  8. འཇམ་མགོན། says:
    ལོ་ 15 སྔོན།

    གྲོགས་ལགས། བརྒྱ་ཆ་ལོངས་སྟབས་མ་རེད། བརྒྱ་ཆ་མ་ལོགས་སྟབས་ཡིན་རྒྱུ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese