མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མཉམ་ལས་ཁང་གི“ཉུང་འཕྲི་གཉིས་དང་འཕར་སྣོན་གཉིས”

བོད་ཀྱི་དུས་བབ།
༢༠༡༠/༡༢/༠༥
Share on FacebookShare on TwitterShare on EmailShare on Whatsapp

 

རྒྱ་ནག་གཞུང་གིས་ལོ་འགའི་སྔོན་ནས་བོད་ཁུལ་གྱི་འབྲོག་པ་མང་ཚོགས་གཅིག་སྡུད་བྱས་ཏེ། གྲོང་ཁྱེར་ཅན་དུ་སྒྱུར་བཞིན་ཡོད་པ་ལྟར། ད་ཆར་ཕྱུགས་ཟོག་ཀྱང་སྡེབ་བཙོང་དང་གཅིག་སྡུད་དང་མཉམ་ལས་ཀྱི་ངོ་བར་བསྒྱུར་ཏེ། བོད་པའི་འབྲོག་དམངས་ཚོར་སྔར་རིག་གནས་གསར་བརྗེ་སྐབས་ཀྱི་གཞུང་གཅིག་ལམ་ལུགས་ཀྱི་སྲིད་བྱུས་དེ་བསྐྱར་ལོག་རྒྱག་རྒྱར་སེམས་འཚབ་ཆེན་པོ་སྐྱེ་བཞིན་ཡོད་འདུག 

ཕྱི་ལོ་ ༢༠༠༧ ལོའི་ཟླ་ ༥ ནས་བཟུང་མཚོ་སྔོན་ཞིང་ཆེན་མངའ་ཁུལ་གྱི་མཚོ་ནུབ་ཐེམ་ཆེན་རྫོང་མེ་ལོང་སྡེ་བ་དང་། རྨ་ལྷོ་སོག་རྫོང་ཀྱི་རིམ་སྡེ་བ་སོགས་འབྲོག་སྡེ་ས་ཁུལ་ ༧ ཙམ་ལ་མ་རྐང་མཉམ་ལས་ཁང་གསར་འཛུགས་ཀྱི་ཚོད་ལྟ་བྱས་ཡོད་པ་དང་། ད་ལོའི་ཕྱི་ཟླ་དང་པོ་ནས་བཟུང་མཚོ་སྔོན་ཕྱོགས་ཀྱི་འབྲོག་ཁུལ་ཚང་མར་མ་རྐང་མཉམ་ལས་ཁང་གསར་འཛུགས་དང་འབྲོག་སྡེ་གྲོང་རྡལ་ཅན་དུ་བསྒྱུར་མགོ་བརྩམས་ཏེ། གཞུང་ཞབས་མི་སྣ་མང་པོ་འབྲོག་ཁུལ་དུ་ཆེད་གཏོང་གིས་དེ་སྔ་འབྲོག་པ་མང་ཚོགས་རང་ཉིད་ལ་དབང་བའི་རྩྭ་ས་དང་ཕྱུགས་ཟོག་རྣམས་མཉམ་ལས་ཁང་གསར་འཛུགས་ཀྱི་མ་རྐང་དུ་བཞག་ཏེ། མི་དམངས་མཉམ་ལས་ཀྱི་སྒྲོམ་གཞི་འདིའི་ནང་ཞུགས་དགོས་པའི་སྐུལ་སློང་ཚོགས་འདུ་རབས་དང་རིམ་པ་སྐོང་བཞིན་ཡོད་འདུགསྲིད་ཇུས་འདིའི་ཐད་རྒྱལ་ཁབ་ཀྱིས་རོགས་དངུལ་ཕོན་ཆེན་གཏོང་རྒྱུ་ཡིན་ལུགས་དང་། གལ་སྲིད་ཐུན་མོང་གི་རྩ་འཛུགས་འདིར་མ་ཞུགས་ན་རྗེས་ཕྱོགས་མི་སྒེར་དང་ཁྱིམ་ཚང་སུ་ཡིན་ཡང་རྒྱལ་ཁབ་ཀྱི་རོགས་སྐྱོར་ལྟ་རྟོགས་གནང་རྒྱུ་མིན་ཚུལ་སོགས་ཀྱི་ཉེན་བརྡ་ཡང་གཏོང་བཞིན་ཡོད་འདུག ད་ཆར་འབྲོག་པ་མ་ཚོགས་ཚོས་ལོ་ངོ་བཅུ་ཕྲག་འགའི་རིང་རང་ཉིད་ཀྱི་འབད་འབུངས་ལ་བརྟེན་ཏེ་འཕེལ་རྒྱས་སུ་བཏང་བའི་ཕྱུགས་རང་ཉིད་ལ་དབང་རྒྱུ་མིན་པའི་བློ་འཚབ་ཆེན་པོ་སྐྱེས་བཞིན་ཡོད་པ་དང་། འབྲོག་ཁུལ་འགའ་ཞིག་གིས་ཕྱུགས་ཟོག་ཡོངས་རྫོགས་སྡེབ་བཙོང་བྱས་ཏེ་སྒོ་ཕྱུགས་རྩ་མེད་བཟོ་བཞིན་ཡོད་འདུག 

 

སྲིད་ཇུས་འདིའི་སྐོར་གྱི་རྒྱ་གཞུང་གི་ཡིག་ཆ་དག་ཏུ། “ཉུང་འཕྲི་གཉིས་དང་འཕར་སྣོན་གཉིས” ཟེར་བ་སྟེ། འབྲོག་ཁུལ་གྱི་མི་གྲངས་དང་ཕྱུགས་གྲངས་ཉུང་འཕྲི་དང་།  ཐོན་སྐྱེད་དང་ཡོང་འབབ་འཕར་སྣོན་བཅས་དམིགས་ཡུལ་དུ་བཟུང་ནས་སྐྱེས་ཁམས་ཕྱུག་ལས་འཛུགས་སྐྲུན་བྱས་ཏེ་རང་བྱུང་སྐྱེས་ཁམས་སྲུང་སྐྱོབ་བྱ་རྒྱུ་ནི་རྒྱལ་ཡོངས་རང་བཞིན་གྱི་སྲིད་ཇུས་ཤིག་ཡིན་ལུགས་གཞི་རིམ་མང་ཚོགས་ལ་འགྲེལ་བརྗོད་བྱེད་བཞིན་ཡོད་འདུག

འདི་གའི་གསར་འགོད་པས་གནད་དོན་དེའི་ཐད། བོད་མི་མང་སྤྱི་འཐུས་བསྟན་འཛིན་མགོན་པོ་ལགས་སུ་བཅར་འདྲི་ཞུས་པར་ཁོང་གིས་བརྗོད་དོན། བོད་མི་རིགས་ཀྱི་སྲོལ་རྒྱུན་འཚོ་བ་རོལ་སྟངས་ཀྱི་ཆ་ནས་བཤད་ན་སྐྱེས་ཁམས་ལ་གནོད་པའི་དཀའ་ངལ་ཡོད་པ་མ་རེད། རྒྱ་ནག་གཞུང་གིས་བོད་ཁུལ་འཛུགས་བསྐྲུན་བྱ་རྒྱུ་ཡིན་ལུགས་བརྗོད་དེ། བོད་མི་རིགས་ཀྱི་འཚོ་བའི་དགོས་མཁོ་དང་རང་བྱུང་ཁོར་ཡུག་གི་གནས་བབ་ལ་མ་བསྟུན་པར། བོད་ཀྱི་ས་ཐོག་ནས་རྒྱ་མི་རིགས་ལ་ཅི་ཞིག་དགོས་པ་དེར་དམིགས་ཏེ་གཏེར་ཁ་སྔོག་འདོན་དང་། ཆུ་གློག་འཛུགས་སྐྲུན་སོགས་བྱས་པ་འདིས་བོད་ཀྱི་སྐྱེས་ཁམས་ཉམས་ཆག་ཆེན་པོ་བཏང་ཡོད། ཐ་ན་ད་ལྟ་རྒྱ་ནག་གིས་ལག་བསྟར་བྱེད་བཞིན་པའི་མ་རྐང་མཉམ་ལས་ཁང་དང་འབྲོག་པ་གྲོང་རྡལ་ཅན་དུ་བསྒྱུར་བའི་སྲིད་ཇུས་དེའང་སྐྱེས་ཁམས་སྲུང་སྐྱོབ་དང་འགལ་བ་ལྟག་སྤྲོད་དུ་གྱུར་ཡོད་པ་རེད། འཛམ་གླིང་རང་བཞིན་གྱི་སྐྱེས་ཁམས་ཁོར་ཡུག་གི་དཀའ་ངལ་དེ་ཡང་། སྔར་གྱི་གྲོང་གསེབ་ཀྱི་རྣམ་པ་ཡལ་ཏེ་མི་ཚོགས་འདུས་སྡོད་ཀྱི་གྲོང་ཁྱེར་ཇེ་མང་དུ་གྱུར་བ་ལ་བརྟེན་ནས་བྱུང་པ་རེད། ད་ལྟ་རྒྱ་ནག་ནང་ལོགས་སུའང་མ་འོངས་པའི་ལོ་ལྔའི་ནང་གྲོང་ཁྱེར་ཉུང་དུ་གཏོང་འཆར་ཡོད་པ་རེད། བོད་ཁུལ་ནི་དེ་ལས་ལྡོག་སྟེ་གྲོང་ཁྱེར་ཅན་དུ་སྒྱུར་བཞིན་པར་མ་ཟད། རྒྱ་ནག་ནང་ལོགས་ནས་སྒོ་བརྒྱབ་ཟིན་པའི་དུག་རླངས་ཅན་གྱི་བཟོ་གྲྭ་མང་པོ་བོད་དང་སོག་པོ་ས་ཁུལ་དུ་སྤོར་བཞིན་ཡོད། འདི་ལས་ཀྱང་རྒྱ་ནག་གཞུང་གིས་བོད་ཀྱི་སྐྱེས་ཁམས་སྲུང་སྐྱོབ་ཐད་བསམ་བློ་གཏན་ནས་གཏོང་གི་མེད་པ་དེ་མངོན་གསལ་དོད་པོ་རེད། ཡིན་ནའང་། རྒྱ་ནག་གཞུང་གིས་སྐྱེས་ཁམས་སྲུང་སྐྱོབ་ཞེས་པའི་སྐད་ཆ་སྙན་པོ་དེ་འཛམ་གླིང་ལ་སྒྲོག་བཞིན་འབྲོག་པ་རྣམས་རི་ལས་ཕབ་སྟེ་གྲོང་རྡལ་ཅན་ལ་བསྒྱུར་དོན་ནི། འབྲོག་ཁུལ་ནི་བོད་མི་རིགས་རང་གི་ངོ་བོ་དང་འདུ་ཤེས་སྲུང་འཛིན་བྱེད་མཁན་གཙོ་གྲས་ཆགས་ཡོད་སྟབས། འབྲོག་སྡེ་རྣམས་རྩ་གཏོར་བྱས་ཏེ་དབང་བསྒྱུར་བྱ་རྒྱ་རྒྱུའི་འཆར་གཞི་འདིང་གི་ཡོད་པ་རེད་ཟེར། 

 

སྔོན་ཆད་ཀྱི་རིག་གནས་གསར་བརྗེ་དང་མཉམ་ལས་ཁང་གི་དཀའ་སྡུག་གི་འཚོ་བ་དངོས་སུ་བརྒྱུད་མྱོང་བའི་འབྲོག་ཁུལ་གྱི་རྒན་རབས་པ་མང་པོ་ཞིག་ལ་སྔར་གྱི་ལྟོག་སྐོམ་གྱི་སྲིད་ཇུས་དེ་བསྐྱར་ལོག་ཡོང་རྒྱུར་བློ་དོགས་ཆེན་པོ་སྐྱེས་བཞིན་ཡོད་པ་དང་། དེ་བཞིན་འབྲོག་ཁུལ་ཁ་ཤས་ལ་སྔ་ས་ནས་ཕྱུགས་ཟོག་རྣམས་རིན་གོང་དམའ་བོས་ཐོག་ནས་སྡེབ་འཚོང་བྱས་ཟིན་སྟབས། དེ་སྔ་མཉམ་ལས་ཁང་གི་སྲིད་ཇུས་ནང་དོན་ལྟར། མཉམ་ལས་ཁང་རེ་འགར་ས་མུ་ ༨ ཀྱི་སྟེང་ལུག་གཅིག་དང་། མུ་ ༣༢ གྱི་སྟེང་ནོར་གཅིག་རེ་འདང་གི་མེད་པའི་དཀའ་ངལ་བྱུང་ཡོད།

སྔར་གྱི་མཉམ་ལས་ཁང་དང་ད་ལྟའི་མ་རྐང་མཉམ་ལས་ཁང་གཉིས་ཀྱི་འདྲ་ས་དང་མི་འདྲ་ས་གང་ཡོད་སྐོར་ལ་སྤྱི་འཐུས་བསྟན་འཛིན་མགོན་པོ་ལགས་ཀྱིས་བརྗོད་དོན། འདི་གཉིས་ཀྱི་མི་འདྲ་བའི་ཆ་ནི་སྔར་གྱི་མི་དམངས་སྤྱི་ཁང་སྐབས་མི་དམངས་ལ་དཔལ་འབྱོར་གྱི་ཁེ་ཕན་ཅི་ཡང་ཡོད་པ་མ་རེད། དཀའ་ལས་ཅི་ལྟར་བརྒྱབ་ཀྱང་ཚང་མ་གཞུང་གི་རེད། ད་ལྟའི་མ་རྐང་མཉམ་ལས་ཁང་དེ་འབྲོག་པ་མི་མང་གི་དཔལ་འབྱོར་ཁེ་ཕན་དང་འབྲེལ་ནས་ཡོད་པ་རེད། མ་རྐང་དང་ངལ་རྩོལ་ལྟར་འབྲོག་པ་མང་ཚོགས་ལའང་དཔལ་འབྱོར་གྱི་ཡོང་འབབ་ཏོག་ཙམ་ཡོད་པ་རེད། དེ་གཉིས་ཀྱི་འདྲ་ས་ནི་བོད་མི་རིགས་ཀྱི་རིག་གཞུང་དང་འདུ་ཤེས་ལ་གནོད་ཚབས་ཆེན་པོ་ཡོད་པ་དེ་རེད། འབྲོག་པ་མང་ཚོགས་རྣམས་ཞེད་སྣང་སྐྱེ་བཞིན་པ་དང་། མཉམ་ལས་ཁང་འདིར་ཞུགས་འདོད་མེད་པའི་གནད་གཙོ་བོ་གཅིག་ཀྱང་འདི་རེད། མི་དམངས་སྤྱི་ཁང་གི་སྐབས་སུ་བོད་མི་རྣམས་ཀྱི་སེམས་སུ་ད་ནི་ཆོས་མེད་པ་ཆགས་འགྲོ་གི་རེད་བསམ་པའི་སེམས་ཁྲལ་ཡོད་པ་རེད། ད་ལྟའི་སྲིད་ཇུས་འདི་ལ་མཚོན་ནའང་ཁྲིམས་དང་སྒྲིག་གཞི་ཚང་མར་རྒྱ་ཡིག་རྒྱ་སྐད་གཙོ་བོར་སྤྱོད་ཀྱིན་ཡོད་པ་དང་། ཐ་ན་རྒྱ་ཡིག་གཅིག་ཀྱང་མི་ཤེས་པའི་འབྲོག་ཁུལ་གྱི་གྱང་ལྡེབས་སུའང་རྒྱ་ཡིག་སྦྱར་འགྲེམས་བྱས་ཡོད་པ་རེད། དེར་བརྟེན། བོད་མི་རིགས་ཀྱི་ཡུལ་སྲོལ་རིག་གནས་དང་འགལ་ཟླ་ཆགས་འོང་དུས་བོད་མི་རྣམས་ལ་རང་བཞིན་ཀྱིས་ཞེད་སྣང་ཞིག་འོང་གི་ཡོད་པ་རེད་ཟེར།

 

རྒྱ་གཞུང་ལ་སྲིད་ཇུས་གསར་པ་དེ་ལག་བསྟར་བྱེད་ཕྱོགས་ཐད། གཅིག་གྱུར་གྱི་ལམ་ལུགས་དང་སྒྲིག་གཞི་ཞིག་མེད་པར་ས་གནས་འབྲེལ་ཡོད་ཚོས་རང་འདོད་ལྟར་ལག་བསྟར་ཙམ་བྱེད་ཀྱི་ཡོད་སྟབས། འབྲོག་དམངས་ལ་དཀའ་ངལ་སྣ་ཚོགས་འཕྲད་བཞིན་ཡོད་འདུག དེའི་ཐད་སྤྱི་འཐུས་བསྟན་འཛིན་མགོན་པོ་ལགས་ཀྱིས་བརྗོད་རྒྱུར།  རྒྱ་ནག་གཞུང་ལ་དམིགས་ཡུལ་གཅིག་ཡོད་པ་རེད། དེ་ནི་བོད་མི་རིགས་ཀྱི་ངོ་བོ་བསྒྱུར་རྒྱུ་དེ་རེད། སྔོན་ཆད་བཙན་པོ་དབང་ཡོད་བྱས་ཏེ་ཐེངས་གཅིག་བསྒྱུར་ཐབས་བྱས་ཀྱང་མ་འགྱུར་བ་རེད། དེ་རྗེས་དཔལ་འབྱོར་གྱི་བསླུ་བྲིད་སྤྱད་དེ་བསྒྱུར་ཐབས་བྱས་པ་རེད། ཡིན་ནའང་། ༢༠༠༨ ལོར་དེས་ཀྱང་ནུས་བ་ཐོན་ཀྱིན་མེད་པ་ཧ་གོ་སོང་བ་རེད། ད་ཁོ་ཚོས་ལམ་ཁ་གསར་བ་ཞིག་བཙལ་གྱི་ཡོད་ཀྱང་། ལེགས་འགྲུབ་ཡོང་མིན་གྱི་གདང་ཚོད་བསླེབ་ཐུབ་ཀྱི་ཡོད་པ་མ་རེད། འོན་ཀྱང་། བོད་པ་ཚོ་དཔལ་འབྱོར་གྱི་ཁེ་ཕན་ཐོག་ལ་མགོ་འཁོར་ཏེ། རང་ཉིད་ཀྱི་སྐད་ཡིག་དང་རིག་གཞུང་། ཆོས་ལུགས་སོགས་ལ་ཞེན་ཁོག་དང་ཤ་ཚ་ཆུང་དུ་འགྲོ་མིན་ཚོད་ལྟ་བརྒྱུད་ཉམས་མྱོང་གསོག་གི་ཡོད་པ་རེད། བོད་ཁུལ་གྱི་ས་ཆ་གང་རུང་ཞིག་ཏུ་སྤྱད་པའི་ཐབས་ཤེས་དེར་བོད་མི་རྣམས་མགོ་འཁོར་བ་ཡིན་ན། ཐབས་ལམ་དེ་བོད་ཆོལ་ཁ་གསུམ་ལ་ཁྱབ་བརྡལ་དུ་བཏང་སྟེ། མཐར་བོད་མི་ཡོངས་ཀྱིས་རྒྱ་ཡིག་རྒྱ་སྐད་མ་བཤད་ན་མི་ཚེ་བསྐྱལ་ཐབས་མེད་པ་ཞིག་བཟོ་བསམ་པ་རེད། འོན་ཀྱང་ཐབས་ལམ་ཡག་པོ་ཞིག་དང་སྒྲིག་གཞི་ངེས་གཏན་ཞིག་ཡོང་གི་ཡོད་པ་མ་རེད། ཅེས་བརྗོད་བྱུང་། 

གསར་འགོད་པ། ཚེ་རིང་རྒྱལ།

 

འབྲེལ་ཡོད་གསར་འགྱུར།

Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

ཆུ་ཚོད་ ༡ སྔོན་ལ།
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༡ སྔོན་ལ།
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

ཆུ་ཚོད་ ༥ སྔོན་ལ།
State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

༢༠༢༦/༠༨/༡༠
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

༢༠༢༦/༠༨/༡༠
IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩

མཆན། 1

  1. སྤྲོ་ཚིགས་དགེ་འདུན says:
    ལོ་ 16 སྔོན།

    ལས་ལ་གང་བཀོད་ལས་་་་་་སྣང་བར་གང་དྲན་མིན་་་་ཞེས་པ་འདི་ང་ཚོ་བོད་ལ་བཤད་འདུག

    དེ་ལས་ལྡོག་དེ་་་་་་སྣང་བར་གང་དྲན་ལས་་་་་ལས་ལ་གང་བཀོད་མིན་ཞེས་པ་རྒྱ་ནག་པོ་ལ་ལུང་བསྟན་ཡོད་ཚོད་རེད

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese