མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཤུག་གསེབ་བཙུན་དགོན་ཨོ་རྒྱན་རྫོང་ལེཊ་འགྲུབ་མཛད་སྒོ།

བོད་ཀྱི་དུས་བབ།
༢༠༡༠/༡༢/༠༨
Share on FacebookShare on TwitterShare on EmailShare on Whatsapp

ལུས་ལ་རབ་ཏུ་བྱུང་བའི་རྟགས་དང་ཆ་ལུགས་བཅངས་ཕྱིན་ཆད་ལ། ལུས་ངག་ཡིད་གསུམ་གྱི་སྤྱོད་ལམ་དག་ཀྱང་དེ་དང་མཐུན་པར་དང་བ་འདྲེན་པ་ཞིག་དགོས། རབ་ཏུ་བྱུང་བའི་རྟགས་དང་ཆ་ལུགས་བཅངས་ཀྱང་སྤྱོད་ལམ་ཐ་མལ་པ་ལྟ་བུར་ལུས་ན། བསྟན་པའི་ཞབས་འདེགས་སུ་མ་ཕྱིན་པར་བསྟན་པར་ཞབས་འདྲེན་བྱས་པ་རེད། ཅེས་༧གོང་ས་མཆོག་གིས་གསུངས་ཡོད།

ཁ་སང་ཕྱི་ཚེས་ ༧ ཉིན་གྱི་སྔ་དྲོར་བཞུགས་སྒར་ངྷ་རམ་ས་ལའི་ཉེ་འགྲམ་གྱི་སྔ་འགྱུར་བཙུན་དགོན་ཤུག་གསེབ་ཨོ་རྒྱན་རྫོང་གི་རྟེན་དང་བརྟེན་པ་གསར་བཞེངས་ལེགས་འགྲུབ་ཀྱི་དབུ་འབྱེད་མཛད་སྒོ་ཚོགས་ཡོད་ཅིང་། མཛད་སྒོའི་སྐུ་མགྲོན་གཙོ་བོར་༸གོང་ས་མཆོག་ཆིབས་བསྒྱུར་བསྐྱངས་ཡོད་ལ། དེ་བཞིན། ཁྲིམས་ཞིབ་པ་རྣམ་པ་དང་སྤྱི་འཐུས་ཚོགས་གཞོན། ལྷན་ཁང་ཁག་གི་བཀའ་བློན་སྤྱི་འཐུས་རྣམ་པ། གཞན། བླ་སྤྲུལ་དང་བཀའ་ཟུར་ཁག་ཅིག་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་ཚོགས་གཙོ།  ཕྱི་རྒྱལ་རོགས་ཚོགས་བཅས་འདུ་འཛོམས་བྱུང་ཡོད། མཛད་སྒོའི་ཐོག་མར་༸གོང་ས་མཆོག་གིས་དགོན་པའི་འདུ་ཁང་དབུ་འབྱེད་དང་སྣང་གསལ་མར་མེ་ཞལ་ཕྱེ། རྟེན་དང་བརྟེན་པར་རབ་གནས་གནང་ཡོད། དེའི་རྗེས་བཙུན་མའི་ལས་འཆར་གྱི་ངེས་སྟོན་པ་བཀའ་ཟུར་རིན་ཆེན་མཁའ་འགྲོ་ལགས་ཀྱིས་ལས་འཆར་ངོ་སྤྲོད་དང་འབྲེལ།  ༡༩༩༠ ལོར་ཐོག་མར་བཙུན་མའི་ལས་འཆར་གྱི་ལྟ་རྟོག་འོག་ཚུད་རྗེས་སྡོད་གནས་སོགས་ཀྱིས་གནས་སྟངས་ཡག་པོ་མེད་པར་མཐུན་རྐྱེན་མང་ཆེ་བ་སློབ་སྦྱོང་དང་དགེ་རྒན་གྱི་ཕྱོགས་ལ་བཏང་སྟེ་ད་ལྟའི་ཆར་བཙུན་མ་རྣམས་ཀྱིས་སློབ་སྦྱོང་གི་གནས་ཚད་གང་འཚམ་ཡག་པོ་བྱུང་ཡོད་ཚུལ་དང་། འདས་པའི་ལོ་ལྔའི་རིང་དགོན་པ་གསར་བཞེངས་ལེགས་པར་གྲུབ་སྟེ་ད་ལྟའི་ཆར་བཙུན་མ་ ༡༠༨ ལ་ཚོགས་ཁང་དང་འདུ་ཁང་། དཔེ་མཛོད། སྨན་ཁང་། སྡོད་ཤག ཡིག་ཚང་། སྐུ་མགྲོན་སྣེ་ལེན་བྱེད་ས་བཅས་ཀྱི་འཛུགས་སྐྲུན་ཐད་ཧིན་སྒོར་ས་ཡ་ ༧༢ ཙམ་བཏང་ཡོད་པར་མ་ཟད།  དགོན་པའི་ས་ཆ་ཡང་མངའ་སྡེ་གཞུང་ནས་ཁྲིམས་མཐུན་ཐོག་ཉོས་ཏེ། ས་ཆའི་ཆེ་ཆུང་ལ་ཨེ་ཀར་ ༣༣ དང་མལ་ལེ་ ༡༣  ཡོད། ཅེས་སྙན་སྒྲོན་གནང་བྱུང་།  

 

མཛད་སྒོའི་མཐའ་མར་༸གོང་ས་མཆོག་གིས་བཙན་མ་ཚོར་བླང་དོར་བཀའ་སློབ་བསྩལ་དོན། ལུང་རྟོགས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱ་དགོས་ན་བཤད་སྒྲུབ་གཉིས་ཀྱི་ཐོག་ནས་སྤེལ་དགོས་པ་རེད། དེ་སྔའི་བོད་ནང་དགོན་ཁག་ཚོར་མཚོན་ནའང་། དགོན་པ་རིགས་གཅིག་གིས་ཆོ་ག་ཕྱག་ལེན་ལས་སློབ་གཉེར་དེ་ཙམ་མེད་པ་དེ་འདྲ་ཡོང་གི་ཡོད་ལ། རིགས་གཅིག་གིས་རིས་སུ་མ་ཆད་པའི་ཆོས་སྒར་ཁག་གི་བཤད་གྲྭ་དང་སྒྲུབ་གྲྭའི་ཐོག་ལུང་རྟོགས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་ཐུབ་མཁན་དེ་འདྲ་ཡོང་གི་ཡོད་སྟབས། ད་ཆ་ང་ཚོ་བཙན་བྱོལ་བ་ཆགས་པའི་སྐབས་སུ་དགོན་པ་རང་རང་གིས་དེ་སྔ་བོད་ཀྱི་འགྲོ་སྟངས་གང་འདྲ་ཡིན་མིན་ལ་མ་ལྟོས་པར། ངོས་རང་གིས་ནམ་རྒྱུན་བོད་པ་ཙམ་མིན་པར་ཧི་མཱ་ལའི་རི་རྒྱུད་ཀྱི་མི་རིགས་ཡིན་ནའང་འདྲ། རྒྱ་མི་དང་ཉི་ཧོང་། ཀོ་རི་ཡ། ཝི་ཐི་ནམ་བཅས་ཀྱི་ཆོས་གྲོགས་ཚོར་དུས་རབས་ཉེར་གཅིག་པའི་ཆོས་པ་ཞིག་བྱ་དགོས་པ་རེད། ཅེས་བཤད་བསྡད་ཡོད། ང་ཚོས་དེང་དུས་ཀྱི་ཤེས་ཡོན་ཡོད་པའི་ཐོག་ནས་འཛམ་གླིང་གི་གནས་ཚུལ་ཚང་མ་ཤེས་མཁན། སངས་རྒྱས་ཀྱི་བསྟན་པའི་གཞི་རྩའི་རྣམ་གཞག་གང་ཡིན་ཤེས་པའི་ཐོག་ལུང་རྟོགས་ཀྱི་བསྟན་པ་བཤད་སྒྲུབ་གཉིས་ཀྱི་ཐོག་ནས་འཛིན་སྐྱོང་སྤེལ་གསུམ་བྱེད་ཐུབ་མཁན་ཞིག་བྱུང་ཚེ། དུས་རབས་ཉེར་གཅིག་པའི་སངས་རྒྱས་པའི་ཆོས་པ་ཞིག་ཆགས་ཀྱི་ཡོད། ང་ཚོ་རྒྱ་གར་དུ་བསླེབས་པའི་རྗེས་སུ་དེ་སྔ་བོད་དུ་དམིགས་བསལ་གྱིས་གཞུང་ཆེན་ལྟ་རྒྱུའི་སྲོལ་མེད་མཁན་ཚོས་ཀྱང་དཔེ་ཆ་ལྟ་དགོས་ཞེས་འབོད་སྐུལ་བྱེད་ཀྱི་ཡོད། ཅེས་དང་།

ཡང་ཁོང་གིས། ལོ་བརྒྱ་ཕྲག་ཁ་ཤས་རིང་བོད་དུ་བཙུན་དགོན་མང་པོ་ཡོད་ཀྱང་། གཞུང་ཆེན་སློབ་རྒྱུའི་སྲོལ་རྒྱ་ཆེན་པོ་མེད་པ་ལྟ་བུ་རེད། ཕྱོགས་གཅིག་ནས་ཕོ་མོ་འདྲ་མཉམ་རེད། ལྷག་པར་དུ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་བརྒྱུད་ནང་། ཆོས་ལུགས་གཞན་དང་ཕྲན་བུ་མི་འདྲ་བ་ཞིག་གི་བསྟན་པ་འཛིན་མཁན་རབ་བྱུང་གི་སྡེ་དང་། རབ་བྱུང་གི་སྡེའི་ནང་ནས་གཙོ་བོ་དེ་དགེ་སློང་གི་བསླབ་པ་འཐོན་མཁན་དེ་ཆགས་ཡོད། བཅོམ་ལྡན་འདས་ཀྱིས་དགེ་སློང་ཕ་དང་དགེ་སློང་མ་ཞེས་འདྲ་མཉམ་གསུངས་ཡོད། བོད་གངས་ཅན་གྱི་ལྗོངས་ལ་དེ་སྔ་དགེ་སློང་མའི་སྡོམ་རྒྱུན་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པའི་ཆོ་ག་དང་མཐུན་པ་ཞིག་ཕལ་ཆེར་བྱུང་མེད། འཁོར་རྣམ་བཞི་ཚང་བའི་གནས་དེ་ཡུལ་དབུས་སུ་རྩི་བཞིན་ཡོད་སྟབས། དགེ་སློང་མ་མེད་དུས་འཁོར་རྣམ་བཞིའི་གཙོ་བོ་གཅིག་མ་ཚང་བ་རེད། ང་ཚོ་འཁོར་རྣམ་བཞི་འདུས་པའི་ཡུལ་དབུས་སུ་འགྱུར་བ་བ་ཞིག་བྱེད་པ་ལ་དགེ་སློང་མ་དགོས་ཀྱི་ཡོད། དགེ་སློང་མ་སྒྲུབ་པར་རྒྱལ་བ་རིན་པོ་ཆེའི་མཚན་བེད་སྤྱོད་བྱས་ཏེ་ཐག་གཅོད་བྱ་ཐབས་མེད། མི་གཅིག་གིས་ཐག་གཅོད་བྱེད་ཐབས་མེད། ཡིན་ནའང་། བཙུན་མའི་ནང་ནས་དགེ་བཤེས་མ་ཐོན་པ་བཟོ་རྒྱུ་དེ་ང་ཚོས་ཐག་གཅོད་ཐུབ་པ་ཞིག་རེད། ཅེས་གསུངས་བྱུང་ལ།

 

མཐར་ཁོང་གིས་ལུས་ལ་རབ་བྱུང་གི་རྟགས་ཙམ་འཛིན་པ་ལས་བསྟན་པའི་ཞབས་འདྲེན་དུ་མ་སོང་བ་ཞིག་གནང་གལ་ཆེ་སྐོར་གསུངས་དོན། གཙུག་ལག་ཁང་བཞེངས་རྒྱུ་དེ་སློབ་གཉེར་བའི་སྡོད་ས་ཡིན་པ་མ་གཏོགས་སངས་རྒྱས་ཀྱི་བསྟན་པ་རྒྱས་པའི་སྐད་ཆ་མ་རེད། སངས་རྒྱས་ཀྱི་བསྟན་པ་ཞེས་པ་དེ་ནང་ལ་མཛུབ་མོ་འཛུགས་རྒྱུ་རེད་མ་གཏོགས་ཕྱི་ལ་མཛུབ་མོ་འཛུགས་ས་ཞིག་མེད། ནང་ལ་མཛུབ་མོ་འཛུགས་རྒྱུ་དེ་ཡང་ཀླད་པའི་ཆ་ནས་ལུང་གི་ཡོན་ཏན་དང་བསམ་བློའི་ཐོག་ནས་སྒྲུབ་པ་ཉམས་ལེན་བྱས་ཏེ། ལུང་རྟོགས་ཀྱི་ཡོན་ཏན་ཐོག་ནས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གྱི་བྱ་བ་བསྒྲུབ་དགོས་པ་ཞིག་ཡིན་ལ། ལུས་ལ་རབ་ཏུ་བྱུང་བའི་རྟགས་དང་ཆ་ལུགས་བཅངས་བའི་ཕྱིན་ཆད་ལ། ལུས་ངག་ཡིད་གསུམ་གྱི་སྤྱོད་ལམ་དག་ཀྱང་དེ་དང་མཐུན་པར་དང་བ་འདྲེན་པ་ཞིག་དགོས་པ་རེད། ལུས་ལ་རབ་ཏུ་བྱུང་བའི་རྟགས་དང་ཆ་ལུགས་བཅངས་ཀྱང་སྤྱོད་ལམ་དེ་ཐ་མལ་པ་ལྟ་བུར་ལུས་ན། བསྟན་པའི་ཞབས་འདེགས་སུ་མ་ཕྱིན་པར་བསྟན་པར་ཞབས་འདྲེན་བྱས་པ་རེད། ཅེས་གསུངས་བྱུང་།  

བཞུགས་སྒར་ཉེ་འགྲམ་དུ་ཡོད་པའི་བཙུན་མའི་འདུས་སྡེ་ཆེན་མོ་ཤུག་གསེབ་ཨོ་རྒྱན་རྫོང་ནི། ཕྱི་ལོ་ ༡༩༩༡ ལོར་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་དང་པོའི་ཚོགས་མི་རྣམས་ཀྱིས་མཐུན་འགྱུར་རོགས་རམ་དང་བཙུན་མའི་ལས་འཆར་གྱི་སྔ་ཕྱིར་བར་གསུམ་གྱི་འབད་བརྩོན་ལ་བརྟེན་ནས་སླར་གསོ་བྱས་པ་ཞིག་ཡིན་ཞིང་། ༢༠༠༤ ལོ་ནས་འདུ་ཁང་དང་དཔེ་མཛོད། ཡིག་ཚང་། སྨན་ཁང་ལེགས་འགྲུབ་བྱུང་ཡོད་པར་མ་ཟད། སློབ་སྦྱོང་གི་མཐུན་རྐྱེན་གྱི་ཕྱོགས་ནས་འཛིན་རིམ་དང་པོ་ནས་བཞི་བའི་བར་དབུ་མ་དང་ལྔ་པ་དྲུག་པའི་བར་ཕར་ཕྱིན། བདུན་པ་ནས་དགུ་བའི་བར་རྒྱུད་སྡེ་གོང་འོག་གི་རྒྱུགས་སྤྲོད་སོགས་ཡོད་འདུག་ལ། དེ་དག་ཐོན་རྗེས་མཐའ་བྲལ་སྨྲ་བའི་དབང་ཕྱུགས་དང་ཕར་ཕྱིན་རབ་འབྱམས་པ། ངེས་གསང་ལེགས་བཤད་མཛོད་འཆང་སོགས་ཀྱི་ཕྱག་འཁྱེར་འབུལ་གྱིན་ཡོད་པ་རེད།  བཙུན་དགོན་གསར་འཛུགས་གནང་བ་ནས་ད་ལྟའི་བར་འཛིན་གྲྭ་བཞི་བ་ཐོན་པའི་སློབ་མ་ ༣༠ དང་དྲུག་པ་ ༢༠ ། དགུ་བ་ ༨  དང་པོ་ནས་དགུ་བའི་བར་གྱི་སློབ་ཐོན་པ་ ༣༡ བཅས་བྱུང་ཡོད་ཅིང་། ད་ལྟའི་ཆར་བཙུན་དགོན་འདིར་བཙུན་མ་ ༡༠༨ ལྷག་ཡོད་འདུག  

 

གསར་འགོད་པ། དོན་གོ

 

འབྲེལ་ཡོད་གསར་འགྱུར།

NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

སྐར་མ ༡༣ སྔོན་ལ།
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡
དྷ་ས་ནས་ལྡི་ལི་བར་གྱི་ཞྭ་མོ་ནག་པོའི་གོམ་བགྲོད་ཀྱི་ལས་འགུལ་བ། ༢༠༢༦།༠༣།༣༡ དུས་བབ་ཀྱི་པར།
Mobile App

དྷ་རམ་ས་ལ་ནས་ལྡི་ལི་བར་ཞྭ་མོ་ནག་པོའི་གོམ་བགྲོད་མགོ་འཛུགས་གནང་།

༢༠༢༦/༠༣/༣༡
The new government led by Prime Minister Balendra Shah unveiled an ambitious 100-point work plan on Saturday, a signal of a break from the slow, plodding pace of past administrations. PHOTO: THE KATHMANDU POST
Mobile App

བལ་ཡུལ་གྱི་སྲིད་གཞུང་གསར་པའི་བསྒྱུར་བཅོས་དོན་ཚན་ ༡༠༠ ལག་བསྟར་བྱེད་ཀྱི་ཡོད་འདུག

༢༠༢༦/༠༣/༣༡
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༣༡
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། 

༢༠༢༦/༠༣/༣༡

མཆན། 5

  1. yeshi samdup says:
    ལོ་ 15 སྔོན།

    བཀྲིས་བདེ་ལེགས་ཡོད་།ཡིན་ན་ཡང་དགོན་པས་བསྟན་པ་སྐྱོང་ཐུབ་ཀྱི་མ་རེད་།།

    Reply
  2. yeshi samdup says:
    ལོ་ 15 སྔོན།

    ཡག་པོ་རེད་ཡིན་ན་ཡང་དགོན་པས་ནང་བསྟན་རྒྱུན་འཛིན་བྱེད་ཐུབ་ཀྱི་མ་རེད་།་བཀྲིས་བདེ་ལེགས་ཡོད་།།

    Reply
  3. འཇམ་དཔལ་རྣོན་པོ། says:
    ལོ་ 15 སྔོན།

    བཀྲ་ཤིས་བདེ་ལེགས་ཡོད། བཙུན་མ་རྣམ་པའི་སྡོམ་པ་དེ་ཡག་སྲུང་ཐུབ་པའི་སྨོན་འདུན་དང་བསྦྲགས། གྲ་པ་ཚོས་ག་དུས་ཡིན་ན་ཡང་བཙུན་མ་ཚོར་ཁ་པར་མ་གཏོངས་རོགས་། ཞེས་འབོད་སྐུལ་ཞུ་བཞིན་ཡོད།

    Reply
  4. བཀྲ་ཤིས་དོན་གྲུབ། says:
    ལོ་ 15 སྔོན།

    ཤུག་གསེབ་བཙུན་དགོན་ཨོ་རྒྱན་རྫོང་ལེཊ་འགྲུབ་མཛད་སྒོར་བཀྲ་ཤིས་བདེ་ལེགས་དང་། ཁྱེད་ཚང་གི་གཙུག་ལག་ཁང་དེ་ཡང་དོན་དམ་གྱི་དགེ་འདུན་པ་སྡོད་གནས་ཤིག་གི་ངོ་བོར་བཞེང་འདུག་པས་དེ་ཡང་དགའ་འོས་པ་ཞིག་རེད།

    Reply
  5. འདྲེ་མེ་འབུད། says:
    ལོ་ 15 སྔོན།

    ཁྱེད་དུས་བབ་ཚང་གི་གསར་འགྱུར་སྤེལ་ཚད་མགྱོགས་པ་དང་མང་དུ་འགྲོ་བཞིན་པར་ཀློག་པ་པོ་མང་བོའི་ཚབ་བྱས་ཏེ་ཐུགས་རྗེ་ཆེ་ཞུ་འདོད་བྱུང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese