དེ་རིང་༧གོང་ས་མཆོག་གིས་ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་ཏེ་ལོ་ ༢༡ འཁོར་བ་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་བཅས་དུས་ཆེན་ཟུང་འབྲེལ་གྱི་ཉིན་མོ་དང་བསྟུན་ཏེ། བོད་ཀྱི་བུད་མེད་ལྷན་ཚོགས་དང་བོད་རྒྱལ་ཡོངས་དམངས་གཙོ་ཚོགས་པ། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ། བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་གཞུང་འབྲེལ་མིན་པའི་ཚོགས་པ་བཞིའི་གོ་སྒྲིག་འོག བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་སྒོ་འགྲམ་དུ། ” རྒྱ་དམངས་གཙོ་བོད་ཀློད་གྲོལ” ཞེས་པའི་འབོད་ཚིག་ཅིག་གི་འོག་མཉམ་འབྲེལ་བསྒྲགས་གཏམ་དང་མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་ཞིག་སྤེལ་ཡོད།
ཚོགས་པ་བཞི་མཉམ་རུབ་ཐོག་སྤེལ་བའི་བསྒྲགས་གཏམ་དེའི་ནང་། དེ་རིང་༸གོང་ས་མཆོག་ལ་ནོ་བྷེལ་ཞི་བདེ་གཟེངས་རྟགས་ཐོབ་པའི་ཉིན་མོ་དང་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་ཡིན་ཞིང་། དེ་འབྲེལ་གྱི་གླེང་གཞི་གལ་ཆེ་བ་ཞིག་ནི་སྐུ་ཞབས་ལིག་ཞོ་པའོ་ལ་ནོ་བྷེལ་ཞི་བདེའི་རྟགས་སྩོལ་བའི་ཉིན་མོ་ཡང་ཡིན། ང་ཚོ་བོད་མི་སྐྱབས་བཅོལ་བ་རྣམས་ཀྱང་ ” རྒྱ་དམངས་གཙོ་བོད་ཀློད་གྲོལ” ཞེས་པའི་འབོད་ཚིག་འོག ལིག་ཞོ་པོར་རྒྱབ་སྐྱོར་བྱེད་མཁན་གྱི་རྒྱལ་ཁོངས་སོ་སོའི་སྐྱེ་བོ་ཁྲི་ཕྲག་མང་པོ་དང་དང་མཉམ་དུ་དཔང་གདེང་སྤྲེལ་ནས་བྱེད་སྒོ་རྩ་ཆེན་འདིར་མཉམ་ཞུགས་བྱེད་ཀྱིན་ཡོད་ལ། ལིག་ཞོ་པའོ་ཡིས་ཚེ་སྲོག་གཏའ་མར་བཞག་ཏེ་རྒྱ་ནག་ལ་དམངས་གཙོ་རྩོད་ལེན་བྱས་པ་དང་མཉམ་དུ། ཁོང་གིས་བོད་ནང་གི་དཀའ་ངལ་ཡོད་ཚད་ཀྱི་རྩ་བ་ ” ཕྱིའི་དངོས་པོའི་ཁེ་ཕན་ཁོ་ནར་མགོ་འཐོམ་པའི་སྲིད་དབང་སྒེར་གཅོད་པ་ཚོས་བཟོས་པ་རེད ” ཅེས་སྐད་ཆ་དྲང་པོར་གསུངས་བ་དང་ ༢༠༠༨ ལོར་རྒྱ་རིགས་ཁག་ཅིག་དང་མཉམ་དུ་༼ བོད་དོན་རེ་སྐུལ་དོན་ཚན་བཅུ་གཉིས་ཅན༽ ཞེས་པའི་སྙན་ཞུའི་རྩོམ་ཡིག་དང་༼ སྟོང་ལོ་བརྒྱད་པའི་རྩ་ཁྲིམས ༽ སོགས་བོད་པ་ཞིག་ཡིན་ཕྱིན་དུ་སུས་ཀྱང་བརྗེད་མི་སྲིད།
གསར་འགོད་པ། དོན་གོ
དེ་རིང་༧གོང་ས་མཆོག་གིས་ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་ཏེ་ལོ་ ༢༡ འཁོར་བ་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་བཅས་དུས་ཆེན་ཟུང་འབྲེལ་གྱི་ཉིན་མོ་དང་བསྟུན་ཏེ། བལ་ཡུལ་མཆོད་རྟེན་ས་གནས་མགོ་འཛིན་གྱི་གོ་སྒྲིག་འོག་གཞུང་དགོན་བསམ་གཏན་གླིང་དུ་དུས་དྲན་སྲུང་རྩིས་བྱ་རྒྱུའི་བཀའ་ཡིག་ཁ་སྔོན་ནས་འབྱོར་བ་བཞིན་དེ་རིང་ཞོགས་པ་དུས་དྲན་སྲུང་བརྩིས་ཆེད་བཅར་སྐབས་བལ་གཞུང་གི་ཉེ་རྟོགས་མི་སྣ་གང་སར་སྐྲམས་ནས་འགྲུལ་གཞི་བཀག་སྡོམས་བྱས་ནས་བཅར་ཐུབ་མ་སོང་ལ་དུས་དྲན་སྲུང་བརྩིས་ཞུ་ཐུབ་ཡོད་མེད་ཀྱང་ཤེས་མ་སོང་།
སྟོན་པས། གཞན་དབང་ཐབས་ཅད་སྡུག་ངལ་དང་། རང་དབང་ཐམས་ཅད་བདེ་བ་ཡིན་ཞེས་པའི་གསུངས་ལ་ངེས་ཤེས་བརྟན་པོ་རྙེད་སོང་།