མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་རི་སྒྲོལ་མས་དགོངས་པ་ཞུས།

བོད་ཀྱི་དུས་བབ།
༢༠༡༠/༡༢/༡༦
Share on FacebookShare on TwitterShare on EmailShare on Whatsapp

 

ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་བོད་མི་སྤྱི་འཐུས་ཚོགས་གཞོན་རྒྱལ་རི་སྒྲོལ་མ་མཆོག་གིས་སྐབས་བཅོ་ལྔ་བའི་བཀའ་ཁྲིའི་དངོས་གཞིའི་འོས་ཁོངས་ནས་དགོངས་པ་ཞུས་འདུག མོ་རང་གི་དགོངས་ཞུའི་ཡི་གེ་ནང་བཀོད་དོན། བོད་མི་མང་སྤྱི་འཐུས་རྣམ་པ་དང་བཀའ་བློན་ཁྲི་པ་བཅས་བཙན་བྱོལ་བོད་མི་ལོ་ན་སོན་པ་ཡོངས་ཀྱིས་ཐད་ཀར་འོས་འདེམས་བྱ་རྒྱུ་ཡོད་པ་ནི། ༧གོང་ས་སྐྱབས་མཆོག་གི་ཡང་དག་པའི་དབུ་ཁྲིད་འོག་རང་རེ་བཙན་བྱོལ་སྤྱི་ཚོགས་སུ་མང་གཙོའི་འཕེལ་རིམ་གྱི་འབྲས་བཟང་གཡུར་དུ་ཟ་བ་ཞིག་ཡིན་པ་སྨོས་མ་དགོས་ཤིང། གུས་མོ་ལ་མཚོན་ན་ལོ་ན་ཧ་ཅང་ཕྲ་བའི་དུས་ནས་བོད་སྤྱིའི་རྩ་དོན་དང་། བོད་མིའི་སྤྱི་ཚོགས་ཀྱི་བདེ་ཐབས་བཅས་པར་ཞབས་ཞུ་སྒྲུབ་རྒྱུའི་གོ་སྐབས་བཟང་པོ་བྱུང་ཞིང་། ལྷག་པར་འདས་པའི་མི་ལོ་༢༠ ཙམ་རིང་ཐོབ་ཁོངས་འོས་འཕེན་མང་ཚོགས་ཀྱི་རྒྱབ་སྐྱོར་ལ་བརྟེན། རང་ཅག་བཙན་བྱོལ་བོད་མིའི་གཟི་བརྗིད་ལྡན་པའི་མང་གཙོའི་འཕེལ་རིམ་ཁྲོད་དངོས་སུ་མཉམ་ཞུགས་ཀྱིས། བརྒྱུད་རིམ་ནང་གནས་ཚུལ་ཇི་ལྟར་བྱུང་རུང་ལྷག་བསམ་དང་སེམས་ཤུགས་བསྐྱེད་དེ། ཆབ་སྲིད་དང་འཛིན་སྐྱོང་གང་ཅིའི་ཐད་ནས་ཉམས་མྱོང་མི་དམན་ཙམ་ཐོབ་ཡོད་པའི་རྒྱུ་མཚན་གྱིས། པྱི་ལོ་༢༠༡༠ ཟླ་༨ ཚེས་༤ ཉིན་གསར་འགོད་ལྷན་ཚོགས་ཆེད་བསྐོང་གིས་བཀའ་ཁྲིའི་སྔོན་འགྲོའི་འོས་ཁོངས་སུ་ཞུགས་རྒྱུའི་གསལ་བསྒྲགས་ཞུས་པ་དང། ངེད་རང་བཙན་བྱོལ་སྤྱི་ཚོགས་ནང་འཚར་ལོངས་བྱུང་བའི་བུད་མེད་ཅིག་ཡིན་པའི་ཆ་ནས། ཤེས་འཇོན་གཉིས་ལྡན་གྱི་རང་རིགས་བུད་མེད་ཚོར་བློ་སྤོབས་སྐྱེ་གཞིའི་མཐུན་རྐྱེན་དུ་འགྲོ་རྒྱུར་དམིགས་པའི་དུས་ཀྱི་དགོས་མཁོ་དང་ལས་འགན་ཞིག་ལ་ངོས་འཛིན་གྱིས་བློ་ཐག་བཅད་པ་ཞིག་ཡིན།  ཞེས་འཁོད་ཡོད་འདུག

 

ཡང་ཁོང་མོས།   ཉེ་སྔོན་འོས་བསྡུ་ལས་ཁང་ནས་བརྡ་ཐོ་གནང་འབྱོར་ནང། ཕྱི་ཟླ་༡༢ ཚེས་༡༥ ནང་ཚུད་དངོས་གཞིའི་འོས་གཞིར་ཞུགས་འདུན་ཡོད་མེད་ལན་གསལ་འབུལ་དགོས་གསུངས་པ་ལྟར། དུས་རྒྱུན་བོད་དོན་ཐོག་རྒྱབ་སྐྱོར་གནང་མཁན་དང་། རྒྱུས་ཡོད་གྲོགས་འདྲིས་མི་ཉུང་བ་ཞིག་གིས་ཐེངས་འདིར་བུད་མེད་ཅིག་བཀའ་ཁྲིའི་འོས་བསྡུ་ཆེན་མོའི་ནང་ཡོད་དགོས་པ་ཆབ་སྲིད་ཀྱི་གནད་འགག་ཡིན་ལུགས་རྒྱུ་མཚན་དང་བཅས་གུས་མོར་དགོངས་པ་མ་ཞུ་རོགས་ཞེས་གསུང་མཁན་འདུག་ཀྱང་། སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་སུ་ཐོག་མ་ནས་རེ་བ་བཅངས་པ་ནང་བཞིན་གྱི་འོས་ཤོག་འདང་ངེས་ཐོབ་མེད་སྟབས། འོས་འཕེན་པའི་མངོན་འདོད་ལ་གུས་བརྩི་ཞུ་རྒྱུ་དང། ད་དུང་མུ་མཐུད་དངོས་གཞིའི་འོས་ཁོངས་སུ་བསྡད་ན་འོས་ཤོག་ཁ་འཐོར་དུ་འགྲོ་ཉེན་དང་། སྤྱི་སྒེར་རྒྱབ་སྐྱོར་བ་ཚང་མར་སྐུ་ཚེགས་བཟོ་སྲིད་ལ། དེ་བས་ཀྱང་གུས་མོ་ལས་གནས་རྗེས་འབྲེལ་གྱི་ཐོག་ནས་རྒྱལ་ཁབ་ཕྱི་ནང་གང་སར་དྲིལ་བསྒྲགས་སུ་ངོ་བསྐྱོད་ཀྱི་དུས་ཁོམ་མེད་པ་དང་སྟབས་བདེ་མིན་ལ་བརྟེན། ད་ནངས་འོས་བསྡུ་ལྷན་ཁང་དུ་དགོངས་ཞུ་ཕུལ་ཟིན་པ་དང་བསྟུན་གསལ་བསྒྲགས་འདི་ཡོངས་ཁྱབ་ཏུ་སྤེལ་བ་ཡིན། ཞེས་དང་།  

མཐའ་མར་ཁོང་གིས། མ་འོངས་པར་གནས་དུས་ཀྱི་འགྱུར་བ་ཇི་ལྟར་ཕྱིན་རུང་། གུས་མོས་གཞུང་གི་ལས་གནས་ཡིན་མིན་ལ་མ་ལྟོས་པར་བོད་སྤྱི་པའི་ལས་དོན་ཕྲག་ཏུ་ལེན་རྒྱུའི་སྙིང་སྟོབས་དང་སེམས་ཤུགས་མུ་མཐུད་བསྐྱེད་དེ། ཇི་སྲིད་བོད་དོན་བདེན་མཐའ་མ་གསལ་བར་དེ་སྲིད་དུ་ཞབས་ཞུ་བསྒྲུབ་རྒྱུའི་དམ་བཅའ་བརྟན་པོ་ཡོད་ཅེས་ཞུ་རྒྱུ་དང་། གོ་སྐབས་འདི་བརྒྱུད་ནས་ད་བར་གུས་མོར་རེ་ལྟོས་དང་རྒྱབ་སྐྱོར་གནང་མཁན་ཡོངས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་སྦྲགས། ཐེངས་འདིར་རེ་འབྲས་དོན་ལ་འཁྱོལ་མ་ཐུབ་པར་བཟོད་གསོལ་ཞུ་རྒྱུ་དང་། དེ་བཞིན་འོས་ཁོངས་སུ་ཞུགས་མཁན་དང་། འོས་ཤོག་འཕེན་མཁན་གྱི་མང་ཚོགས་ཚང་མས་འགན་ཁུར་དང་མཉམ་ཞུགས་སྔར་ལྷག་གནང་སྐྱོང་ཡོང་བའི་རེ་བ་དང་འབོད་སྐུལ་ཡང་གནང་ཡོད་འདུག

 

གསར་འགོད་པ་དོན་གོས་བསྡུ་སྒྲིག་བྱས།

འབྲེལ་ཡོད་གསར་འགྱུར།

Mobile App

 མགོན་པོ་སྐྱིད་ལགས་ཀྱིས་སླར་ཡང་རང་སྲོག་བློས་གཏོང་གིས་ལས་འགུལ་སྤེལ།

ཆུ་ཚོད་ ༡༤ སྔོན་ལ།
ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་ཡེ་ཤུའི་ལྷ་ཁང་གྲགས་ཅན་ MONTSERRAT ནས་གདན་ཞུས་གནང་ལྟར་ཆོས་ཁང་དུ་ཕེབས་ཏེ་ཆོས་ལུགས་འཆམ་མཐུན་དང་འཛམ་གླིང་ཞི་བདེའི་སྐོར་ལ་བཀའ་མོལ་ལྷུག་པོ་གནང་། ༢༠༢༥།༡༡།༠༤ པར་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་ཀྱི་ངོ་དེབ་ནས་བླངས།
Mobile App

ཀུན་བདེ་གླིང་རྟ་ཚག་རྗེ་སྤྲུལ་རིན་པོ་ཆེ་མཆོག་གིས་ཡུ་རོབ་རྒྱལ་ཁབ་ཁག་ཅིག་ནང་མཛད་འཕྲིན་སྐྱོང་བཞིན་པ།  

༢༠༢༥/༡༡/༠༥
༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་སྐུ་ཚབ་ཞུས་ཏེ་བཀྲ་ཤིས་ལྷུན་པོའི་མཁན་པོ་གཟིག་རྒྱབ་རིན་པོ་ཆེ་མཆོག་གིས་དམངས་གཙོའི་གཟེངས་རྟགས་བཞེས་པ། ༢༠༢༥།༡༡།༤ དྲ་ལམ་གྱི་པར།
Mobile App

འདི་ལོའི་དམངས་གཙོའི་གཟེངས་རྟགས་༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་སོགས་ལ་ཕུལ།

༢༠༢༥/༡༡/༠༥
Aftab Pureval accepts congratulations following his reelection as Mayor of Cincinnati. Photo by Xiaojie Zavon
Mobile App

བོད་རིགས་ཀརྨ་ལགས་སླར་ཡང་ཨ་རིའི་སིན་སིན་ན་ཊི་གྲོང་ཁྱེར་སྤྱི་ཁྱབ་པར་བདམས་ཐོན་བྱུང་།

༢༠༢༥/༡༡/༠༥
Photo Credit: Global Peace Prayer Festival
Mobile App

འབྲུག་གི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་དངོས་སུ་དབུ་འཛུགས་གནང་།

༢༠༢༥/༡༡/༠༤
Setti Warren directed the Harvard Institute of Politics out of the Harvard Kennedy School since 2022. By Claire Yuan
Mobile App

སྲིད་སྐྱོང་མཆོག་གིས་ཧྭ་ཝར་ཌིའི་སྐུ་ཞབས་ཝ་རན་ལགས་འདས་གྲོངས་སུ་ཕྱིན་པར་ཐུགས་གསོ་གནང་།

༢༠༢༥/༡༡/༠༤

མཆན། 18

  1. ཕོ་རྒོད། says:
    ལོ་ 15 སྔོན།

    ད་དུང་ཡང་གཙན་འབྱོར་ནང་ཕྱོགས་རེས་གིས་རྣམས་པ་འདི་འདྲ་ཞིག་ཡོད་ན་བློ་འཕང་པ་ལ།ཧཧཧཧཧཧཧཧ

    Reply
  2. ངས་པོའི་ལྷ་སྲས། says:
    ལོ་ 15 སྔོན།

    དྲ་གྲོགས་ཞིག་གིས་བཀྲིས་དབང་འདུ་ལ་ཀླད་པའི་ན་ཚ་ཕོག་སྟེ་དྲན་པ་གསལ་པོ་མེད་པ་ཆགས་འདུག་ཟེར་་དེ་བརྟེན་ངའི་འོས་དེ་ཁྱེད་རང་ལ་བླུག་གི་མིན། ཞེས་བྲིས་འདུག་དྲ་གྲོགས་ཁག་གཅིག་དེ་མཐོང་ཡོད་ས་མ་རེད།

    ཀླད་པ་ཐང་ཐང་མེད་པའི་མི་ཞིག་གིས་བཀའ་ཁྲི་བྱ་རྒྱུའི་ནུས་པ་མེད།

    Reply
  3. སྐར་མདའ། says:
    ལོ་ 15 སྔོན།

    བསམ་ཚུལ་བརྗེ་རེས་ནི་སྤྱི་ཚོགས་ཡར་རྒྱས་འགྲོ་བྱེད་ཀྱི་ལག་ཆ་ཨང་དང་པོ་དེ་རེད། ང་ཚོ་ལ་མཐུན་རྐྱེན་འདི་འདྲའི་ཡག་པོ་དུས་བབ་དྲ་ཚུགས་ཁང་གིས་བཙུགས་ཡོད་པས་འདི་ལ་དགའ་བསུ་ཞུས་ཏེ་ཚང་མས་བསམ་ཚུལ་སྤྱི་ལ་ཕན་པའི་ལེགས་ཆ་མང་པོ་ཕན་ཚུན་བྱོ་ཐུབ་ན་ཅི་འདྲའི་མ་ིབཟང་ངམ།

    འདི་ནི་བསམ་ཚུལ་བརྗེ་རེས་བྱེད་པའི་ཁོར་ཡུག་ལེགས་ཤོས་ཤིག་ལས་ནང་དམེ་བྱེད་སའི་གཡུལ་ས་ཞིག་གི་ཚད་ལ་འཛིན་མི་འོས།
    ཡང་ཁ་ཤས་ཤིག་གིས་འཇིག་སྐུལ་རིང་ལུགས་ཀྱི་སྐད་ཆ་བཤད་ཀྱིན་འདུག་ཟེར་ན་དེ་ནི་ནོར་བ་རེད་བསམ་གྱིན་ཡོད།

    གང་ཡིན་ཟེར་ན། འཇིག་སྐུལ་བའི་བསམ་པ་མེད་མཁན་དག་ལ་རང་ཤུགས་ཀྱི་བསམ་པ་དེ་སླེབས་བྱས་པ་མ་ཡིན་ནམ། སྐད་ཆ་དེ་འདྲ་བཤད་ན་ཡག་པོ་མི་འདུག
    སྐད་ཆ་ཤོད་དུས་གཟབ་གཟབ་བྱས་ཏེ་བཤད་ན་ཡག་པོ་འདུག་ལབ་དེ་ཡིན།

    Reply
  4. ཨ་མའི་བུ། says:
    ལོ་ 15 སྔོན།

    བཙན་བྱོལ་ནང་ལ་འཇིག་སྐུལ་རིང་ལུག་གི་སྐད་ཆ་ད་དུང་མཚམས་ཆད་མི་འདུག་སྐྱོ་བ་ལ།
    དེ་ནང་ནས་གངས་ཆབ་ཟེར་བའི་མི་གཅིག

    Reply
  5. བསྟན་འཛིན་འཕགས་པ། says:
    ལོ་ 15 སྔོན།

    ཧཧཧོ་། དྲ་གྲོགས་ཚོ་གཟིགས་དང་ལྟས་མོ་འདུག་།
    འོས་མ་འཐོབ་ན་དགོངས་པ་རང་ཞུ་ལས་། དམིགས་སལ་ཞུ་དགོས་ག་ལ་ཡོད་ཧཧཧ།
    དང་པོ་ཡོདའདོག་་བྱས་ནས་གནམ་ལ་ཕུར་། མཐའ་མ་སྡུག་སྐད་རྒྱབ་ནས་ས་ལ་བབ་།
    ད་གང་དྲག་། ཨ་ཁ་སྙིང་རྗེ་ལོ་།
    དྲ་གྲོགས་འགའ་ཞིག་གིས་བཀྲ་ཤིས་དབང་འདུལ་ལ་མ་ཉེས་སྐྱོན་འཛུགས་བྱེད་པ་དགོས་དོན་མེད་།
    ཁོང་མ་འོང་བཀའ་ཁྲི་སླེབས་ན་འོས་ཚམས་ཡིན་། ཁྱེད་ཚོའི་མ་ཤེས་ན་ཁོང་གིས་ལོ་རྒྱུས་ལ་ཤེ་ཞིབ་བྱེད་ན་དགའ་། ཧཧཧ་། ཧམ་བཤད་མ་གནང་རོགས་ཐུགས་རྗེ་གཟིགས་།

    Reply
  6. ངས་པོའི་ལྷ་སྲས། says:
    ལོ་ 15 སྔོན།

    གངས་ཆབ་ལགས་ངོ་མ་དགོད་བྲོ་བ་རང་རེད་མི་འདུག་གམ།
    གཏམ་ཨ་ཕས་གཏོང་རྒྱུ་ཨ་མས། ཁྱི་བདག་པོ་བཀག་རྒྱུ་མགྲོན་པོ་ཞེས་པའི་དཔེ་ལྟར་འགྱུར་མི་འདུག་གམ། ཨ་སྒོར་གྱིས་བསླུས་པའི་གཡོ་སྒྱུ་ཁྲམ་གསུམ་ལ་བྱང་ཆུབ་པའི་ཁྱེད་ཚོའི་ཁ་ལ་ད་རེས་རྒྱ་རི་སྒྲོལ་མ་ལགས་ཀྱིས་རྡོ་རྗེ་འཕུར་བ་དེ་གནས་ལ་ཁེལ་པོ་བྱུང་མ་སོང་ངམ། ཧ་ཧ།

    ངོ་མ་ཁྱེད་གཡོ་སྒྱུ་ཁྲམ་གསུམ་ལ་བྱང་ཆུབ་པའི་མི་ཞིག་རེད་འདུག་སྙམ། ཁྱེད་ཀྱི་ཁྲམ་ཚིག་དེ་ལ༼ཁྱེད་རང་ལ་བཀྲིས་མཐོང་གི་ལགས་ནས་ཨ་སྒོར་འབྱོར་བསྡད་པ་དེ་ཚོ་འགྲེལ་བརྗོད་རེ་རེ་བཞིན་བྱ་མ་དགོས་ན་ཡག་གི་རེད་བསམ་གྱི་འདུག༽་ཁོ་བོ་ནམ་ཡང་ངོས་ལེན་བྱེད་ཐུབ་ས་མ་རེད།

    Reply
  7. གངས་ཆབ། says:
    ལོ་ 15 སྔོན།

    ངས་པོའི་ལྷ་སྲས་ལགས།དངོས་གཞིའི་འོས་བསྡུ་རུ་ཞུགས་དང་མ་ཞུགས་སྐུ་ངོ་བཀྲིས་དབང་འདུས་ལགས་ཀྱི་མང་གཙོའི་ཁེ་དབང་དང་།ཐོབ་ཐང་འདོད་མོས་རེད་མ་གཏོགས་རང་སྣང་གང་དྲིན་ཞིག་གཏན་ནས་མ་ཡིན།ཁྱེད་ཀྱི་སྐུ་ངོ་བཀྲིས་དབང་འདུས་ལགས་ལ་ངན་སྨད་བྱ་དགོས་དོན་ཅི་ཞིག་ལ་བརྟེན་ནས་བྱེད་ཀྱིས་ཡོད་མེད་ངས་མ་ཤེས་པ་དེ་འདྲ་རྩ་བ་ནས་མ་རེད།ཁྱེད་རང་ལ་བཀྲིས་མཐོང་གི་ལགས་ནས་ཨ་སྒོར་འབྱོར་བསྡད་པ་དེ་ཚོ་འགྲེལ་བརྗོད་རེ་རེ་བཞིན་བྱ་མ་དགོས་ན་ཡག་གི་རེད་བསམ་གྱི་འདུག
    ཁྱེད་རང་གི་དངོས་མིང་ནི་རྒྱལ་མཚན་རེད།
    དེ་དོན་དགོངས་འཇག་འཚལ།

    Reply
  8. ངས་པོའི་ལྷ་སྲས། says:
    ལོ་ 15 སྔོན།

    ཨ་རི་བོད་སྐད་བརྙན་འཕྲིན་བལྟས་པའི་རྗེས་སུ་སུའི་ཕྱོགས་གཏོགས་ཡིན་མིན་དང་སུས་སུ་ལ་གནོད་སྐྱེལ་རྩིས་ཡོད་མེད་བསལ་པོ་ཆགས་སོང་སྙམ། ངོ་མ་བཀྲ་ཤིས་དབང་འདུས་ཞེས་པའི་རྒས་པོ་ཤི་ཆོག་ཆོག་དེ་དགོངས་པ་མ་ཞུས་པ་ཡིན་ནམ། ངོ་མ་མི་དེ་ཀུན་དགའ་དོན་གྱིས་བསླུས་ཚར་འདུག ཀྱེ་མ།

    Reply
  9. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    ལགས་རེད། རྒྱ་རི་སྒྲོལ་མ་ལགས་ལ་ནང་སྲིད་བཀའ་བློན་ལྟ་བུ་ཞིག་གི་གོ་གནས་ཐོབ་པའི་སྨོན་འདུན་ཡོད།

    Reply
  10. ནད་པ says:
    ལོ་ 15 སྔོན།

    རྒྱ་རི་སྒྲོལ་མ་ལགས་ཀྱིས་འོས་ཤོག་ཁ་ཐོར་མི་འགྲོའི་ཆེད་དགོངས་ཞུ་གནང་བ་དེ་དངོས་འབྲེལ་ཡག་པོ་རེད། དེ་མཚུངས་སྤེན་པ་ཚེ་རིང་ལགས་དང་། བློ་བཟང་སྦྱིན་པ་ལགས།
    ད་དུང་དགོངས་ཞུ་གནང་དགོས་པའི་མི་སྣ་བཀའ་ཟུར་བཀྲིས་དབང་འདུས་ལགས་དང་། འཁོར་ལ་ཚང་བསོད་ནམས་སྟོབས་རྒྱས་ལགས་ཀྱིས་ཀྱང་ངེས་པར་དུའང་བཟང་སྤྱོད་ཀྱིས་ཐོག་གནས་དགོངས་ཞུ་གནང་དགོས།

    རྒྱ་རི་སྒྲོལ་མ་ལགས་ཀྱིས་བཀའ་ཁྲིའི་ཐུགས་འགན་བཞེས་ནའང་མི་ཆོག་པ་མེད་ཀྱང་མང་མོས་ཀྱིས་འོས་ཤོག་ཐོག་ནས་ཁྱད་པར་ཆེན་པོ་འགྲོ་བཞིན་ཡོད་སྟབས་དགོངས་ཞུ་གནང་བ་དེར་བསྔགས་བརྗོད་ཡོད།

    ལར་ནས་ལོ་མང་༸ གོང་ས་མཆོག་དང་། བཙན་བྱོལ་བོད་གཞུང་དང་། བོད་མི་རིགས་ཀྱི་རྩ་དོན་ཆེད་དུ་རང་གི་ཤེས་ཡོན་དང་། ལྷག་བསམ། འཇོན་ཐང་སོགས་ཕྱོགས་གང་ཐད་ནས་ཕྱག་ལས་མང་པོ་གནང་མྱོང་བའི་བུད་མེད་གཅིག་ཆགས་ཡོད་སྟབས་འབྱུང་འགྱུར་རྒྱ་རི་སྒྲོལ་མ་ལགས་ངེས་པར་དུའང་ལྷན་ཁང་ཞིག་གི་ནང་བཀའ་བློན་གྱི་ཐུགས་འགན་བཞེས་ཐུབ་ན་ཕན་རླབས་དང་དོན་སྙིང་ཆེན་པོ་ལྡན་ཡོད།

    དེ་ནི་ངས་ཆོས་ལུགས་དང་། ལུང་ཚན། ཆོལ་ཁའི་རིགས། ཉེ་འབྲེལ་སོགས་གང་གིས་སྒོ་ནས་བརྗོད་ཀྱིན་མེད་ལ་སེམས་གཏིང་ནས་བོད་སྤྱི་ལ་ཕན་པའི་ཆེད་དུ་ལབ་འདོད་བྱུང་བ་དགོངས་འཇགས་འཚལ།

    Reply
  11. སྐར་མདའ། says:
    ལོ་ 15 སྔོན།

    ཀ་རྨ་རྡོ་རྗེ་ལགས།
    ཁྱེད་རང་ངོས་ནས་མི་ཁྱད་མཚར་ཅན་ཞིག་ཡིན་ས་རེད།
    གང་ཡིན་ཟེར་ན། ༸གོང་ས་མཆོག་གིས་ད་ལོའི་བཀའ་ཁྲི་དེ་བུ་མེད་ཅིག་འཁེལ་ན་ཡག་པོ་འདུག་གསུངས་ཡོད་པ་བདེན་པ་རེད། ཡིན་ན་ཡང་། དེ་འཁེལ་དང་མ་འཁེལ་དེ་ནི་བོད་མི་དམངས་ཀྱི་དགོས་མཁོའི་ཆ་རྐྱེན་ལ་བསྟུན་མི་དགོས་སམ། བོད་མི་དམངས་ཀྱི་རྒྱལ་རི་སྒྲོལ་མ་བཀའ་ཁྲི་ལ་འདོད་པ་མེད་བཞིན་དུ་ཁྱེད་རང་གིས་ཨུ་ཚུགས་བརྒྱབ་ཀྱང་ཕན་ཐབས་བྲལ།

    འདིིའི་ཕྱོགས་ལ་ཁྱེད་ཀྱིས་སེམས་ཁྲལ་རྩ་བ་ནས་མ་གནང་རོགས་ཞུ་རྒྱུ་ཡིན།
    ངས་འདི་ལྟར་བཤད་པའི་རྒྱུ་མཚན་ནི་ཁྱེད་རང་བཀའ་ཁྲིའི་འོས་མིར་དོ་སྣང་ཤུགས་ཆེན་པོ་ཡོད་པ་ཞིག་དང་། ད་དུང་༸གོང་ས་མཆོག་གིས་གསུངས་པ་བཞིན་བུ་མེད་ཅིག་བཀའ་ཁྲི་ལ་འཇོག་རྒྱུའི་འདོད་པ་ཆེན་པོ་ཡོད་པ་དེའི་ཆེད་དུ་བྲིས་པ་ཡིན།

    ངས་བལྟས་ན་ད་ལྟ་རྒྱལ་རི་སྒྲོལ་མས་དགོངས་པ་ཞུས་པ་དེ་ནི་ཚད་ཐིགས་ཟིན་པའི་དཔའ་པོ་ཞིག་རེད་ཟེར་རྒྱུ་ཡོད། གང་ཡིན་ཟེར་ན། ད་ལོའི་བཀའ་ཁྲིའི་འོས་གཞི་དེ་ཁོ་ལ་མི་ཐོབ་པ་དེ་ནི་སྔོན་འགྲོའི་འོས་གཞི་ལས་གསལ་བོར་སྟོན་པ་རེད། རྒྱུ་མཚན་དེའི་རྐྱེན་པས་མོས་དགོངས་པ་སྔོན་ལ་ཞུས་པ་རེད། ཐབས་ལ་མཁས་པོ་འདུག ད་དུང་འགྲོ་སྟངས་ཤེས་པའི་བུ་མེད་གྲུང་ཤ་དོད་པོ་ཅན་ཞིག་ཀྱང་རེད་འདུག

    འཇིག་རྟེན་ཁ་རྒྱུན་ལ། རང་ཚོད་ཟིན་ན་མཁས་པ་དང་༎
    འཐབ་རྩོད་ཟིན་ན་དཔའ་པོ་ཡིན་ཞེས་པའི་དཔེ་ལྟ་བུ་རེད།

    Reply
  12. migyur says:
    ལོ་ 15 སྔོན།

    གལ་སྲིད་སྒྲོལ་མ་ལགས་འོས་མཐོ་ཤོས་དེ་ཁ་སྔོན་ཆགས་ཡོད་ན། དེ་རིང་དགོངས་པ་ཞུས་ན་དཔའ་མོ་རེད་མ་གཏོགས་ཅི་དྲན་གནང་ཚེ་ཀླད་ཆུང་གི་ངང་གཤིས་ཤིག་མངོན་གྱི་འདུག

    Reply
  13. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    ང་ལ་ནི། ༸གོང་ས་མཆོག་གི་དགོངས་ཚུལ་བཀའ་ཁྲི་བུད་མེད་ཅིག་བྱུང་ན། གསུངས་ཡོད་པ་ཅིག་དྲན། དེ་ད་རེས་མི་བྱུང་རྒྱུ་ངེས་པ་མ་གཏོགས། ད་ནས་སུས་བཀའ་བློན་ལངས་དང་སུས་བཀའ་བློན་ལངས་པ་ལས་བཤོལ་བ་དེ་དག་ཕྱེད་རང་དོན་དུ་ཡིན་པ་རྩིས་མཁན་ཞིག་ཡིན་པས་ཁྱད་པར་གང་ཡང་མི་འདུག འོན་ཀྱང་གཅིག་ཞུ་འདོད་པ་ནི། ད་ལྟའི་བར་རྒྱ་རི་སྒྲོལ་མ་ལགས་ཀྱིས་རྡ་སར་མུ་མཐུད་གཞུང་ཞབས་ཕྱག་ལས་གནང་བར་ཐུགས་རྗེ་ཆེ་ཞེས་ཞུའོ། ད་དུང་མུ་མཐུད་མི་ཚེ་དོན་ལྡན་ཡོངས་བའི་སྨོན་འདུན་བཅས། །

    Reply
  14. ཁང་གསར་རྡོ་རྗེ། says:
    ལོ་ 15 སྔོན།

    བཀའ་ཁྲིར་ལངས་པ་དང་། ད་ལྟ་དགོངས་ཞུ་བྱས་པ་གཉིས་ཀས་བློ་སྟོབས་ཤིག་མཚོན་གྱི་འདུག

    Reply
  15. རང་དབང་ཕོ་ཉ། says:
    ལོ་ 15 སྔོན།

    རྒྱ་རི་སྒྲོལ་དགོང་ཞུ་བྱས་པ་བློ་ཕམ་ཆེན་པོ་བྱུང༌། འོས་ཐོབ་ཤོར་གང་ཡང་ཡོང་སྲིད་པ་ཆོས་ཉིད་རེད། མོ་རང་ནང་ནི་བཙན་བྱོལ་ནང་བུད་མེད་ཤེས་འཇོན་དང་ཉམ་མྱོང་ཅན་གཅིག་པུར་དེ་ཡིན་པ་དང༌། མོ་རང་འོས་གཞིར་ལང་པ་ཙམ་གྱི་ང་ཚོའི་བཙན་བྱོལ་སྤྱི་ཚོགས་ཀྱི་མང་གཙོའི་གཟིག་བརྗེད་ཅིག་ཡིན་པ་བརྗོད་ག་ལ་དགོས། དོན་དངོས་ཐོག་མོ་རང་འོས་ཐོབ་པའི་རེ་བ་ཆེན་ཡོད་པ་ཡོད་ནའང༌། མི་ངན་གཡོ་རྒྱུ་དང་རང་ཚུགས་མི་ཟིན་པ་འགའ་ཤས་ཀྱིས་སྤྱི་ཚོགས་གཏམ་འཆལ་གང་སྤེལ་བའི་རྐྱེན་གྱིས་འོས་གྲངས་མང་པོ་མེད་པ་རེད། ཡིན་ཡང་ཨང་གསུམ་པ་སླེབས་པ་དེ་མོ་རང་ཙམ་མ་ཡིན་པར་བཙན་བྱོལ་སྤྱི་ཚོགས་ཀྱི་མང་གཙོའི་འཕེལ་རིམ་གྱི་གལ་གནད་གཅིག་ཆགས་ཡོད་པ་རེད། མ་འོངས་བཀའ་ཁྲིར་སུས་སླེབས་རུང་མོ་རང་བཀའ་བློན་གཅིག་ངེས་པར་འདེམ་དགོས་རེད། གལ་སྲིད་མོ་རང་བཀའ་བློན་གཅིག་ལ་མ་འདེམ་ན་ཡོང་ལ་ཉེ་བའི་བཀའ་ཁྲི་དེ་ལ་བློ་རྒྱ་མེད་པའི་ཅོལ་ཆུང་ཞིག་ཡིན་པ་མངོན་རྟགས་རེད།

    Reply
  16. གངས་རིའི་བུ says:
    ལོ་ 15 སྔོན།

    ཐོ་རེངས་ཀྱིས་གསུངས་པ་བདེན་ནི་རེད། འོས་ཤོག་མ་ཐོབ་ན་དགོང་པ་ཞུ་དགོས་དོན་མེད། སྒྲོལ་མས་བོད་མི་མགོ་བསྐོར་བཏང་བ་རེད།

    Reply
  17. ངས་པོའི་ལྷ་སྲས། says:
    ལོ་ 15 སྔོན།

    དེ་སྔོན་གཡོ་སྒྱུ་ཁྲམ་གསུམ་ལ་བྱང་ཆུབ་པའི་མི་སྣ་འགས་རང་གི་ཕྱོགས་གཏོགས་ཀྱི་འོས་མིར་རྒྱལ་ཁ་ཐོབ་ཆེད་རྒྱ་རི་སྒྲོལ་མ་བཀའ་ཁྲིར་ལངས་པ་དེ་བཀྲས་མཐོང་ལ་རྒྱབ་སྐྱོར་དང་བློ་བཟང་སེང་གེར་གནོད་སྐྱེལ་རྩིས་རེད་ཟེར་བ་སོགས་ཀྱི་གཏམ་འཆལ་གང་མང་སྤེལ་སོང། གལ་ཏེ་ ཁོང་ཚོའི་འཆལ་གཏམ་དེ་ དངོས་གནས་དེ་ལྟར་ཡིན་ན་ཁོ་མོ་ད་རེས་དགོངས་པ་ཞུ་མི་སྲིད། ཁོ་མོ་ད་རེས་དགོངས་པ་བཞུས་པ་དེས་མི་ཁྲམ་པ་དེ་ཚོའི་ཁ་ལ་རྡོ་རྗེའི་ཕུར་བ་བཏབ་པ་དང་གཉིས་སུ་མ་མཆིས།

    མི་མང་རྣམ་པས་རང་གི་བསམ་བློ་རང་གིས་བཏང་སྟེ་ཐག་གཅོད་བྱེད་དགོས་པ་ལས་མི་ཁྲམ་པ་དེ་ཚོའི་གཡོ་འོག་ཏུ་མི་ཚུད་པ་བྱེད་དགོས།
    ཁོང་ཚོས་ག་དུས་ཡིན་ཡང་བཙན་བྱོལ་སྤྱི་ཚོགས་ནང་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་།

    Reply
  18. ཐོ་རེངས། says:
    ལོ་ 15 སྔོན།

    འོས་ཤོག་མ་ཐོབ་ན་དགོང་པ་ཞུ་མི་དགོས། དགོང་པ་རང་ཤུགས་ཀྱིས་ཐོབ་འགྲོ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese