མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རོ་ན་ཅལ་མངའ་སྡེ་ནས་བོད་མི་ ༡༠༠༠ ཁེ་ན་ཌར་ལེན་རྒྱུ་ཡིན།

བོད་ཀྱི་དུས་བབ།
༢༠༡༠/༡༢/༡༩
Share on FacebookShare on TwitterShare on EmailShare on Whatsapp

 

ཁེ་ན་ཌ་གཞུང་གིས་འབྱུང་འགྱུར་གྱི་ལོ་ ༥ རིང་རྒྱ་གར་ཤར་ཕྱོགས་ཀྱི་ཨ་རོ་ན་ཅལ་མངའ་སྡེ་ནས་བོད་མི་ ༡༠༠༠ སྐྱབས་བཅོལ་ལ་ལེན་རྒྱུ་ཡིན་ཟེར།

ཕྱི་ཚེས་ ༡༨ ཉིན་ཁེ་ན་ཌའི་མི་སེར་དང་ཡུལ་མི་གནས་སྤོར་ལས་ཁུངས་ཀྱིས་གསར་འགོད་གསལ་བསྒྲགས་སྤེལ་བ་ལྟར་ན། ཁེ་ན་ཌ་གཞུང་གིས་ཨ་རོ་ན་ཅལ་མངའ་སྡེ་ཡི་བོད་མི་ ༡༠༠༠ སྐྱབས་བཅོལ་དུ་ལེན་རྒྱུ་ཡིན་སྐོར་མི་སེར་དང་ཡུལ་མི་གནས་སྤོར། རིག་གཞུང་སྣ་འཛོམས་རིང་ལུགས་ལྷན་ཁང་གི་བློན་ཆེན་རྗ་སོན་ཁེན་ནེ་ཡིས་བཤད་འདུག

ཁོང་གིས་བཤད་དོན། ༼ཁེ་ན་ཌ་གཞུང་གིས་བོད་མི་སྐྱབས་བཅོལ་བ་ཚོར་སྒོ་ཕྱེ་བ་འདི་ནི་ཁེ་ན་ཌ་ཡི་སྲོལ་རྒྱུན་གྱི་མི་ཆོས་རིང་ལུགས་ལ་འབྲེལ་བ་ཡོད། ང་ཚོས་རྒྱ་གར་གཞུང་དང་ཁེ་ན་ཌའི་བོད་རིགས་སྤྱི་ཚོགས་མཉམ་དུ་ལས་གཞི་འདིའི་ཐད་ལས་ཀ་སྒྲུབ་རྒྱུར་རེ་བ་བྱེད་ཀྱིན་ཡོད་ལ། བོད་མི་དེ་དག་ཁེ་ན་ཌ་ཕེབས་རྒྱུར་དགའ་བསུ་ཞུ་གིན་ཡོད་༽ཟེར།

ཁོང་གིས་མུ་མཐུད་ནས་གསུངས་དོན། ༼ངས་རྒྱ་གར་གཞུང་གིས་དུས་ཡུན་རིང་པོ་ཞིག་ལ་བོད་མི་ཚོར་རྒྱབ་སྐྱོར་བྱས་པར་ངོས་འཛིན་ཞུ་གིན་ཡོད་ལ། འདི་ནི་ཁེ་ན་ཌ་གཞུང་གིས་རྒྱ་གར་གཞུང་ལ་མི་རིགས་ཉམ་ཐག་འདིར་རྒྱབ་སྐྱོར་བྱས་པར་རོགས་རམ་བྱེད་རྒྱུའི་གོ་སྐབས་ཤིག་རེད།༽ཟེར།

འདི་ནི་ཁེ་ན་ཌ་གཞུང་གིས་བོད་མི་སྐྱབས་བཅོལ་བ་ཚོར་རོགས་རམ་བྱེད་ཐེངས་དང་པོ་དེ་མིན། ༡༩༧༢ ལོར་ཁེ་ན་ཌ་གཞུང་གིས་རྒྱ་གར་བྱང་ཕྱོགས་སུ་གཞིས་ཆགས་པའི་བོད་རིགས་ ༢༣༠ སྐྱབས་བཅོལ་དུ་བླངས་ཡོད། ཐེངས་འདིར་བོད་མི་ ༡༠༠༠ ཚུར་ལེན་རྒྱུ་འདི་ནི་ཁེ་ན་ཌ་གཞུང་གིས་བོད་པའི་སྤྱི་ཚོགས་ལ་འབྲེལ་བ་བྱེད་ཕྱོགས་ཀྱི་མིག་དཔེ་གཞན་ཞིག་ཡིན་ཟེར།

ལུང་རིགས་ཀྱིས།

 

 

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

མཆན། 12

  1. བུ་སྡུག་ཅག says:
    ལོ་ 15 སྔོན།

    དྲ་གྲོགས་ར྄ྣམ་པ་བཀྲིས་བདེ་ལེགས།

    Reply
  2. སརྒྱས། says:
    ལོ་ 15 སྔོན།

    དེང་སང་བཙན་བྱོལ་བོད་མིའི་ནང་།་་་་ཉེ་ཆར་ཁེ་ཎ་ཌ་གཞུང་ནས་གཞུང་འབྲེལ་འབྲེལ་ཡོད་བློན་ཆེན་ནས་གསར་འགོད་གསལ་བསྒྲགས་སྤེལ་དོན་རྒྱ་གར་བྱང་ཤར་ཨ་རུ་ཎ་ཅལ་ཁུལ་གནས་སྡོད་བཙན་བྱོལ་བོད་མི་༡༠༠༠་ཐམ་པ་ཁེ་ཎ་ཌར་འབྱུང་གྱུར་ལོ་ལྔའི་ནང་ལེན་རྒྱུ་ཞེས་གསལ་བར།་་་རང་རིགས་བཙན་འབྱོལ་ནང་བསམ་ཚུལ་འདྲ་མིན་ཡོང་བཞིན་འདུག་་་་ཐུགས་ཁ་མེད།
    ་་་་་གུས་པའི་བསམ་པར་ཁེ་ཎ་ཌའི་གཞུང་གི་དེ་དོན་ཐུགས་ཐག་མ་ཆོད་གོང་༧སྤྱི་ནོར་༧གོང་ས་སྐྱབས་མགོན་མཆོག་ལ་དགོངས་སྐོར་སོགས་ཞུས་ཡོད་ཤག་ཡིན།
    ་་་་་་༧གོང་ས་མཆོག་གི་ཐུགས་དགོངས་སུ་ཨ་རུ་ཎ་ཅལ་ཁུལ་གནས་སྡོད་བཙན་འབྱོལ་བོད་མི་རྣམས་ཀྱི་གནས་སྟངས་ཛ་དྲག་གཟིགས་ཡོད་ཚེ་དོན་སྨིན་ཡོང་རྒྱུར་སྨོན་འདུན་ཞུ་དགོས་པ་ལས།་་་་་ཕྱི་རྒྱལ་འགྲོ་རྒྱུའི་འདོད་ཧམ་ཀྱིས་རང་རིགས་ནང་ཁུལ་ཅ་ཅོག་སྒྲོགས་རེ་རྩེད་ནས་ཅི་ཕན།
    ་་་་་་་དེ་བས་(རང་ལས་གཞན་གལ་ཆེ་)ལྟ་སྤྱོད་བསྒོམས་དགོས།

    Reply
  3. ནད་པ says:
    ལོ་ 15 སྔོན།

    ཁ་ནཌས་བོད་མི་ཆིག་སྟོང་ལེན་རྒྱུའི་ཐག་གཅོད་བྱུང་བར་དེར་བཙན་བོད་གཞུང་གི་གནས་ཡོད་མི་སྣ་ཚོས་གོ་བསྡུར་དང་། འཆར་གཞི། ཕུགས་ཕན་སོགས་ཕྱོགས་མང་དག་གཅིག་ལ་དགོངས་པ་བཞེས་ནས་གོ་སྒྲིག་བྱེད་ཐུབ་པ་གལ་ཆེ་ཡིན།

    ཨ་རུ་ན་ཅལ་ས་ཁུལ་དུ་རྒྱ་གར་དང་བོད་པ་འདྲེས་མ། རྒྱ་གར་མི་སེར་ཡིན་པ། བོད་པའི་ཐོབ་ཐང་ལེན་མཁན། རྒྱ་གར་གྱི་ཐོ་ཐང་ཡོད་མཁན་སོགས་མང་དག་གཅིག་ཡོད།

    ལར་ནས་ཧི་མ་ལའི་རི་བརྒྱུད་ཀྱི་མི་རིགས་སྔར་བོད་བློས་བཏང་ནས་རྒྱ་གར་ཁམས་པ་བྱེད་ཐུབ་མཁན་དང་། རྒྱ་གར་གྱི་མི་སེར་ཡིན་མཁན། བོད་པའི་ཐོབ་ཐང་དང་གོ་སྐབས་ལེན་བསྡད་མཁན་དེའི་ཚོའི་རིགས་ལ་ད་དུང་གོ་སྐབས་སྤྲད་བསྡད་ན་ཡག་པོ་མེད།

    ཧི་མ་ལའི་རིགས་བརྒྱུད་ཀྱི་མི་དེའི་ཚོའི་གྲས་ཕྱི་རྒྱལ་དུ་བཏང་ཡང་མ་འོངས་པར་བོད་ཀྱི་རྩ་དོན་དང་། བོད་ཀྱི་རིག་གཞུང་། བོད་པའི་སྤྱི་ཚོགས་སོགས་ལ་ཕན་ཐོགས་ཡོང་རྒྱུའི་རེ་བ་ཅང་མེད།

    དེ་ལས་རྒྱ་བལ་འབྲུག་གསུམ་ཀ་ནས་བོད་པའི་མི་སེར་གཙང་མ་ཡིན་པ། སྐྱབས་བཅོལ་བོད་མིའི་ལག་དེབ་སེར་པོའི་ཁྲལ་འབུལ་བསྡད་མཁན། བོད་པའི་སྐད་དང་། བོད་ཀྱི་རིག་གཞུང་། བོད་པའི་གཤིས་ཀ་བཟང་པོ་ཡོད་བསྡད་མཁན། བོད་མའི་སྐྱབས་བཅོལ་བ་ཉམས་ཆུང་དངོས་ཡོད་ཀྱི་དཀའ་ངལ་ཡོད་མཁན། བུ་འཕྲུག་མང་པོ་ཡོད་བསྡད་མཁན། འགྲོ་ས་སྡོད་ས་མེད་པའི་གསར་འབྱོར་དང་། ཉམས་ཐག་གཞིས་ཆགས་ཅན་བོད་མའི་ལྷད་མེད་གཙང་མ་སྟོང་ཕྲག་གཅིག་དེ་སྟོང་ཐུབ་ན་བོད་མི་རང་ལ་ཕན་པ། བོད་པའི་སྤྱི་ཚོགས་ལ་ཕན་པ། མ་འོངས་པར་བོད་ཀྱི་རྩ་དོན་ལ་ཕན་པ། ཉེ་རིང་མེད་པ། སྤྱི་སྙོམས་པ། དྲང་བདེན་སོགས་ཕྱོགས་ཚང་མ་ནས་དགེ་མཚན་ལྡན་ཡོད་སྙམ།

    Reply
  4. ཁང་གསར་རྡོ་རྗེ། says:
    ལོ་ 15 སྔོན།

    དངོས་གནས་བྱས་ན། འགྲོ་ས་སྡོད་ས་མེད་པའི་གསར་འབྱོར་བ་མང་ཙམ་གཏོང་དགོས། མེའོ་དང་ཏེ་ཛུ་ཟེར་བ་དེ་ཚོ། ས་ཐག་རིང་ཙམ་དང་ལུང་ཁུག་རེད་མ་གཏོགས་གནས་མི་ཐུབ་པའི་དཀའ་ངལ་ཡོད་མ་རེད།

    Reply
  5. བསྟན་འཛིན་ཚེ་འཚོ། says:
    ལོ་ 15 སྔོན།

    ད་བོད་མི་མགོ་བདེ་བོ་ཚོ་ད་ལྟ་གཉིད་ཡག་པོ་ཞིག་ཀྱང་ཁུག་ཐུབ་ཀྱི་མེད་པའི་ཚོད་ཡིན། བླ་མའི་མཁྱེན་ད་ཡང་རྙོག་འཛིང་ཆེ། སྐྱོ་ཐག་ཆོད་ཚོ་ལྷག་ཐག་ཆོད་རེད།

    Reply
  6. སྐར་ཁྲི་བཙན། says:
    ལོ་ 15 སྔོན།

    དྲ་གྲོགས་རྒྱལ་བསྟན་ལགས་ཀྱིས་ཡག་པོ་གསུངས་སོང་།

    Reply
  7. རྒྱལ་བསྟན། says:
    ལོ་ 15 སྔོན།

    ལོ་ཤས་གོང་བལ་ཡུལ་ལ་བྱུང་བའི་རྙོགས་ཕྲ་དེ་འདྲ་ཞིག་ཨ་རོ་ན་ཅལ་ལ་སླེབས་ཀྱི་ཡོད་ཟོ་འདུག ད་རྙོགས་ཕྲ་ཡོད་པ་རེད།
    ཡག་ཤོས་བྱུང་ན་བོད་གཞུང་གི་བཀའ་སློབ་ལམ་སྟོན་ལ་ཉན་པ་ལས་མང་ཚོགས་ནང་ཁུལ་ཟིང་ཟིང་མང་པོ་བྱས་ན་དོན་གང་ཡང་འགྲུབ་ཁག་པོ་རེད། ལོ་ཤས་གོང་བལ་ཡུལ་ལ་བྱུང་བའི་གནས་ཚུལ་དེ་ནས་སློབ་སྐྱེད་ལེན་རྒྱུ་ཡོད་པ་རེད་།

    Reply
  8. Sangpo says:
    ལོ་ 15 སྔོན།

    ངས་གོ་ཐོས་ལྟས༔ར་ན་ཨ་རོ་ན་ཅལ་གཅིག་པོའི་བོད་པ་མ་ཡིན་པར་གསོག་སྒར་སློབ་གྲའི་སློབ་མ་ཚོར་ཐོ་རྒྱག་དགོས་བའི་གསར་བསྒྲགས་བྱས་ཡོད་པ་འདྲྲྲ
    ་

    Reply
  9. སྤྲོ་ཚིགས་དགེ་འདུན says:
    ལོ་ 15 སྔོན།

    ཧ་ཧ་ཧ་།་ངོ་མ་དགོད་སྤྲོ་བོ་ཞིག་རེད། ཕྱི་རྒྱལ་ཟེར་ཡོང་དུ་སྐ་རགས་བཅང་རྒྱུ་ཡང་བརྗེད་དེ་མདུར་རྒྱུག་དང་འཆར་བཀོད་བྱེད་བཞིན་འདུག

    ཉིན་ཞིག་རྒྱ་གུང་ཁྲན་གྱི་པེ་ཅེན་དུ་ཟ་ཁང་དང་མགྲོན་ཁང་ལ་ལས་མི་༡༠༠༠་ལེན་རྒྱུ་ཡིན་ཟེར་ན།
    མི་རྒྱུག་རྒྱུའི་ངེས་པ་མི་འདུག

    རྒྱུག་ཤིག་་་རྒྱུག་ཤིག་་་་་མི་གཡོག་ལ་རྒྱུག་ཤིག་་་་་་་་ལྟོ་དང་རྒྱབ་གྱི་ཆེད་དུ་རྒྱུག་ཤིག
    ༥༩་གོང་གི་བོད་མི་རྒྱུ་ཆེན་ཚོའི་བསོག་བསོག་པའི་མཐར་རྒྱ་གུང་ཁྲན་ལ་མགོ་འབུལ་རྒྱུ་འབུལ་བྱས་པ་རེད།
    ད་ཁྱེད་གི་ཀྱང་སྐྱབས་བཅོལ་ཡུལ་དེ་དང་དེར་ནས་བསོག་ཤིག
    མདིར་ཤིག་་་་ནམ་ཞིག་ལ་གང་ཞིག་རྟོགས་ཡོང་སྲིད།

    Reply
  10. གཅན་བཟོད་རྒྱམ། says:
    ལོ་ 15 སྔོན།

    དེ་དངོས་གནས་རེད་འདུག དེ་ལྟར་ན་ཡག་པོ་འདུག་མ་གཏོགས་མི་ཚང་གཅིག་གི་མི་ཚང་མ་རྒྱན་ཁོངས་སུ་འཛུལ་ན་ཡག་པོ་མི་འདུག ཁྱོད་བཤད་པ་བདེན་པར་འདུག

    Reply
  11. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 15 སྔོན།

    ད་དུང་ཊུ་གྲང་ཞེས་པའི་གཞིས་ཆགས་ཤིག་ཀྱང་ཡོད་པ་རེད།

    Reply
  12. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 15 སྔོན།

    ད་ཐེངས་བོད་པ་ཚོས་གོ་སྐབས་མ་ནོར་བ་ཞིག་ལེན་དགོས་ཀྱི་འདུག མེ་བོ་དང་ཏེ་ཛུ། བསྟན་འཛིན་སྒང་གསུམ་གར་བོད་མི་ ༣༠༠༠ ལྷག་ཨེ་ཡོད།

    ཁྱིམ་ཚང་རེ་ནས་མི་གཅིག་རེ་རྒྱན་ཁོངས་སུ་འཛུལ་བ་ཡིན་ན། ཕལ་ཆེར་གཞིས་ཆགས་འདི་གསུམ་ག་ཁེ་ན་ཌར་ཡོང་ཐུབ་པ་འདྲ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese