མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རང་གི་སྣ་ཐག་རང་མགོར་དཀྲིས། – རྣམ་རྒྱལ་འཕྲིན་ལས།

བོད་ཀྱི་དུས་བབ།
༢༠༡༠/༡༢/༢༠
Share on FacebookShare on TwitterShare on EmailShare on Whatsapp

ལྷོ་ཕྱོགས་འབྲས་སྤུངས་བློ་གླིང་། ཉང་པོ་སྐྱོར་དཔོན་དགེ་བཤེས་རྣམ་རྒྱལ་འཕྲིན་ལས།

དེང་སྐབས་རང་རེའི་སྤྱི་ཚོགས་ནང་སྐབས་གསུམ་པའི་བཀའ་བློན་ཁྲི་པ་དང་། སྐབས་བཅོ་ལྔ་པའི་བོད་མི་དམངས་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་བསྡུ་ཟིན་ཏེ་དངོས་གཞིའི་འོས་བསྡུ་སླེབས་ལ་ཉེ། བཀའ་བློན་ཁྲི་པ་ནི་སྔར་དང་མི་འདྲ་བར་ཡར་རྒྱས་ཀྱི་རྣམ་པས་འགྲོ་གླེང་རིམ་པ་མང་པོ་གནང་ཐུབ་ཡོད་སྟབས། མི་དམངས་ཀྱི་འདོད་དོན་ལེགས་གྲུབ་ཡོང་རྒྱུར་ཐེ་ཚོམ་མེད། དེ་ཡང་རང་གི་སྣ་ཐག་དེ་སྒྱུ་མ་མཁན་གཞན་གྱི་ལག་པར་སྤྲད་ནས་འོས་བླུགས་པ་ཡིན་ན། རང་དང་སྤྱི་གཉིས་ཀ་ལ་ཧ་ལས་པའི་གྱོང་གུན་ཆགས་ཀྱི་རེད། དེས་ན་བོད་མི་ཤེས་ཡོན་དང་སྤྱི་སེམས་གཉིས་ཀ་ཡོད་པ། བོད་གཞུང་གི་རྩ་དོན་ཁས་ལེན་ཅིང་རྒྱལ་བ་ཡིན་བཞིན་ནོར་བུས་ཅི་གསུང་བཀའ་བཞིན་སྒྲུབ་མཁན་ཞིག་ལ་རང་གི་ཐག་བཅད་ནས་འོས་ཤོག་བླུགས་ཏེ། ང་རང་ཚོ་བོད་འབངས་ཀྱི་གདུལ་བྱའི་ངོས་ནས་མ་འཕྱུག་པ་ཞིག་ངེས་པར་དུ་བྱ་དགོས།

རྒྱལ་བ་རིན་པོ་ཆེ་སྐུ་རབས་རིམ་བྱོན་དང་ལྷག་པར་དུ་རྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་འདི་ཡིས་དགུང་ལོ་ ༡༦ ནས་བོད་ཀྱི་གནས་ཚུལ་ཤིན་ཏུ་གཉན་འཕྲང་ཅན་དང་ཕྱི་ནང་སུ་གང་གི་ལག་པ་འཆང་མཁན་མེད་པའི་དུས་དེར་སྐུ་ངལ་གང་འདྲ་ཞིག་སྐྱོན་ཡོད་མེད། ངོས་ཀྱི་ཡུལ་དང་ངོས་ཀྱི་མི་དམངས་ཞེས་པའི་མཛད་རྣམ་ལ་གཟིགས་དང་གསལ་པོ་མཁྱེན་གྱི་རེད། དེ་ལྟ་བུའི་བཀའ་དྲིན་བསམ་ཤེས་དང་ལས་འབྲས་དཔང་པོར་བཞག་ནས་བཀའ་བཞིན་སྒྲུབ་པའི་མཆོད་པས་མཉེས་པར་བྱེད་རྒྱུ་དེ་ང་རང་ཚོར་ལེགས་ཚོགས་ཐམས་ཅད་འབྱུང་བའི་སྲོག་རྩ་ལྟ་བུ་ཤིན་ཏུ་གལ་ཆེན་ཞིག་ཡིན་པ་དེ་ཚང་མས་མཁྱེན་དགོས། ད་ལྟའི་སྐབས་སུ་ཡང་རང་ཡུལ་མི་རིགས་རིག་གཞུང་དང་བཅས་པ་ཆག་འཇིག་གི་འགག་རྩ་འདི་ལྟ་བུའི་དུས་ལ་ཡང་གང་དགའ་ཅི་ལེགས་ཀྱི་དགོངས་བཞེས་མཐའ་ཡས་པ་ཞིག་གནང་བའི་སྙིང་པོར་གཉིས་སྨན་དབུ་མའི་ལམ་ཞིག་གི་ཐོག་ནས་གདམ་བྱ་རང་སྲིད་རང་སྐྱོང་གི་ཐོབ་ཐང་མིང་དོན་མཚུངས་པ་ཞིག་ལས་ལྷག་མེད་པ་དེ། དུས་ཡུན་རིང་པོའི་གོང་ནས་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་གསལ་པོར་གཟིགས་ཡོད་རེད།

འོ་ན་ ༡༩༧༤  ལོའི་བར་༸གོང་ས་མཆོག་ནས་རང་བཙན་ཁོ་ན་མ་གཏོགས་གཞན་མ་གསུང་པ་གང་ཡིན་ནམ་ཞེ་ན་། དེ་ནི་གདུལ་བྱའི་དབང་གི་རེད། ༡༩༧༤ ལོར་སྐབས་སུ་བབ་མཚམས་གཉིས་སྨན་དབུ་མའི་ལམ་གྱི་དགོངས་འཆར་ལམ་སྟོན་མཛད་པ་རེད། དེ་ཡང་༸གོང་ས་མཆོག་ནས་བཀའ་རལ་གྲི་གནམ་གཡུག་ལྟ་བུ་མ་ཡིན་པར་རང་དབང་མང་གཙོའི་ལམ་ལུགས་དང་མཐུན་པར་བོད་མི་མང་ཀྱི་སྐུ་ཚབ་མཚོན་ནུས་པའི་བགྲོ་གླེང་ཚོགས་ཆེན་སྔ་ཕྱི་རིམ་པ་གསུམ་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་བཅས་ནས་མང་མོས་ཀྱི་རྒྱབ་སྐྱོར་ཆ་ཚང་ཐོབ་ནས་དབུ་མའི་ལམ་དེ་བོད་གཞུང་གི་ལྟ་གྲུབ་བམ་རྩ་བའི་སྲིད་བྱུས་སུ་གྱུར་པ་རེད། དེར་བརྟེན། བོད་སྤྱི་དོན་ཐོག་ཧ་ལས་པའི་གྲུབ་འབྲས་ཐོན་དང་འཐོན་བཞིན་པ་ནི། དཔེར་ན་འཛམ་གླིང་ནང་ལྷོ་བྱང་ཨ་རི་དང་། ཡུ་རོབ། ཨེ་ཤེ་ཡ་སོགས་ཡུལ་གྲུ་མང་པོ་ནས་གཞུང་དང་གྲོས་ཚོགས་དེ་མིན་གྱི་ཚོགས་པ་མེ་སྒེར་བཅས་ནས་རྒྱབ་སྐྱོར་གང་འདྲ་འཐོབ་བཞིན་འདུག་པ་ཚང་མས་མཐོང་ཆོས་སུ་ཡོད་པ་དང་། དེ་བཞིན་རྒྱལ་ཁབ་སོ་སོའི་སྲིད་བཛིན་དང་སྲིད་བློན་སོགས་གནད་ཡོད་མི་སྣ་མང་པོས་རྒྱ་མིའི་གནོན་ཤུགས་དང་སོ་སོའི་ཚོང་གི་ཁེ་ཕན་སོགས་བློས་བཏང་སྟེ། ༸གོང་ས་མཆོག་དང་མཇལ་འཕྲད་ཞུ་བཞིན་པ་དང་། དེ་བཞིན་ནོ་བྷེལ་འཛམ་གླིང་ཞི་བདེ་གཟེངས་རྟགས་དང་། ཨ་རིའི་གསེར་གྱི་གཟེངས་རྟགས་སོགས་འཛམ་གླིང་ནང་གི་གཟེངས་རྟགས་གྲངས་ཀྱི་མི་ལང་པ་འབུལ་དང་འབུལ་བཞིན་པ་འདི་དག་དབུ་མའི་ལམ་གྱི་གྲུབ་འབྲས་ལས་གཞན་གང་ཡིན།

འཛམ་གླིང་ནང་ཡུལ་གྲུ་གང་ས་ནས་རྒྱ་རིགས་སློབ་དཔོན་དང་མཁས་དབང་རྩོམ་པ་པོ་སོགས་སྟོང་ཕྲག་ལྷག་ནས་རྒྱ་ཡིག་ཐོག་བོད་ཀྱི་བདེན་དོན་ཆེད་རྒྱབ་སྐྱོར་གྱི་རྩོམ་ཡིག་བྲིས་པ་མཐོང་རྒྱུ་ཡོད་པ་དང་།  དེ་ལས་ཧ་ལས་པ་རྒྱ་ནག་སྐམ་ས་ཆེན་པོ་ནས་ཀྱང་མཁས་དབང་དང་རྩོམ་པ་པོ་སོགས་མི་གྲངས་ ༣༠༠ ཙམ་ནས་རང་གི་ལས་གནས་དང་སྲོག་གི་ཉེན་ཁ་སོགས་གང་ལ་མ་ལྟོས་པར་བོད་ཀྱི་བདེན་དོན་ཆེད་ཡི་གེ་བྲིས་ནས་རྒྱབ་སྐྱོར་བྱེད་པ་དང་། དེའི་ནང་ནས་ ༢༠༠༨ ཀྱི་རྩ་འཛིན་ཡིག་ཆ་ཞེས་པ་འབྲི་མཁན་མཁས་དབང་ལིག་ཞོ་པོ་ཁོང་ལྟའང་བཙོན་ཁང་ནང་དམར་པོའི་སྡུག་སྦྱོང་མྱོང་བཞིན་གནས་ཡོད། གཉིས་སྨན་དབུ་མའི་ལམ་གྱི་གྲུབ་འབྲས་ཆེ་ཤོས་ནི་ང་ཚོ་བོད་མི་ཡོངས་ཀྱི་མངོན་འདོད་གང་ཡོད་པ་དེ་ཡིག་ཐོག་ཏུ་བྲིས་ཏེ། རྒྱ་གཞུང་ལ་སྤྲད་ཐུབ་པ་དེ་ནི་གྲུབ་འབྲས་ཆེན་པོ་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད། འོ་ན་ཡིག་ཆ་དེ་སྤྲད་ནས་གྲུབ་འབྲས་གང་ཡང་ཐོན་མ་སོང་ཞེས་ན། བོད་དང་རྒྱ་ནག་དམར་གཞུང་བར་གྱི་རྩོད་པ་དེ་རྒྱལ་ཁབ་གཉིས་བར་གྱི་འཐབ་རྩོད་དེ་གཞི་རྒྱ་ཆུང་ཆུང་ཞིག་དང་ལས་སླ་བོར་སེལ་ཐུབ་པ་ཞིག་མིན།

ཐག་རིང་ས་ནས་ཨི་སི་རལ་དང་པི་ལི་སི་ཐན་ལྟ་བུ་དང་། ཐག་ཉེས་ས་ནས་རྒྱ་གར་དང་པ་ཀི་སི་ཐན་ལྟ་བུ། ཡང་ན་རྒྱ་གར་དང་རྒྱ་ནག་ལྟ་བུའི་བར་རྙོག་རྙོག་ལྷག་སྟེ་མི་ལོ་མང་པོ་ཕྱིན་ཡོད་ལ་གྲོས་མོལ་སྔ་ཕྱི་ཐེངས་མང་བྱས་ཡོད་ཀྱང་། གྲུབ་འབྲས་འདི་ཐོན་ཡོད་ཟེར་ན་བགྲང་ཆོག་ཆོག་ཅིག་སུ་ལ་ཡང་མེད། ང་ཚོ་ལ་བདེན་པ་གཅིག་པུ་དེའི་ཐོག་རྒྱ་ནག་ལ་ལོ་རེ་ནས་ལོ་རེར་ཆབ་སྲིད་ཀྱི་འགྱུར་བ་ཆེན་པོ་འགྲོ་བཞིན་པ་ལྟར། ཉིན་ཞིག་བདེན་པ་ལ་དགའ་བའི་རྒྱ་ནག་མི་དམངས་ཀྱིས་གཉིས་སྨན་དབུ་མའི་ལམ་ལ་རྒྱབ་སྐྱོར་གྱིས་ང་ཚོར་རྒྱལ་ཁ་ཐོབ་རྒྱུར་ཐེ་ཚོམ་མེད། གང་ཞེ་ན། ད་ལྟའི་གནས་སྐབས་སུ་རྒྱ་ནག་སྲིད་དབང་གཅིག་བསྡུས་ལམ་ལུགས་བཙན་པོ་འདི་འདྲ་ཞིག་གི་འོག་ནས་གཉིས་སྨན་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་མཁན་ཅི་ཙམ་ཡོད་མེད་འདིས་ང་ཚོས་སྤོབས་པ་ཆེན་པོས་ཚོད་དཔག་བྱས་ཆོག

༸གོང་ས་མཆོག་གིས་ལམ་སྟོན་དགོངས་འཆར་དེ་དག་དང་པོ་ཉིད་ནས་རྣམ་པ་ཐམས་ཅད་མཁྱེན་པའི་ཨེ་ཤེས་ཀྱི་གཟིགས་པའི་རྒྱུ་མཚན་ཅུང་ཟད་བྲིས་ན་ ༡༩༦༠ ལོར་བཀའ་རྩོམ་མཛད་པའི་བདེན་གསོལ་སྨོན་ཚིག་ལས། ༼ ཡོངས་རྫོགས་བོད་ལྗོངས་རང་དབང་གཙང་མའི་དཔལ།༽ ཞེས་པ་དང་། དེའི་རྗེས་ ༡༩༦༢ ལ་བཀའ་རྩོམ་གནས་ཆུང་འཕྲིན་བཀུལ་ལས། ༼ ཆོས་སྲིད་རང་དབང་དགའ་སྟོན་སྒྲུུབས་ཤིག་ཀྱེ། ༽ གསུངས་པ། ༡༩༧༣ ལོར་བཀའ་རྩོམ་མཛད་པའི་བོད་སྐྱོང་ལྷ་སྲུང་འཕྲིན་བསྐུལ་ལས། ༼ ཆོས་སྲིད་རང་དབང་གཙང་མའི་སྣང་བའི་དཔལ། ༽ ཞེས་གསུངས་པ། ༢༠༠༥ ལོར་བཀའ་རྩོམ་སྨོན་ཚིག་བདེན་པའི་རྔ་སྒྲ་ལས། ༼ ཆོས་སྲིད་རང་དབང་བདེ་སྐྱིད་གསར་པ་ཡི། ༽ ཞེས་གསུང་པ་ཚང་མར་རྗེ་ས་སྐྱ་ས་པན་གྱིས། དངོས་མིང་བརྗོད་ན་སྡེབ་སྦྱོར་ཉམས། ཞེས་གསུངས་པ་ལྟར་རང་དབང་དང་རང་བཙན་གང་གསུངས་ཀྱང་། སྡེབ་སྦྱོར་ཉམས་པའི་སྐྱོན་གཏན་ནས་མེད་ཀྱང་རང་དབང་གི་ཐུགས་སྨོན་ཁོ་ན་མཛད་པ་ལས་རང་བཙན་གསུངས་པ་ཚིག་གཅིག་ཀྱང་མེད་པ་དེས་གསལ་པོ་མཁྱེན་ངེས་རེད།

ཡང་མི་འགའ་ཤས་ནས་དབུ་མའི་ལམ་དེ་གཞིས་ལུས་བོད་རྒྱ་ཆེའི་མི་མང་གི་མངོན་འདོད་དང་འགལ་གྱི་འདུག་ཟེར་ན། གཞིས་ལུས་རྒྱ་ཆེའི་མི་དམངས་མང་ཆེ་བ་དམར་པོའི་བཙན་དབང་འོག་རང་བཙན་དང་དབུ་མའི་ལམ་གྱི་གནས་ཚུལ་གསལ་པོ་གང་ཡང་ཤེས་ཐུབ་ཀྱི་མེད། ནམ་ཞིག་གོ་སྐབས་དང་བསྟུན་ནས་དབུ་མའི་ལམ་གྱི་གོ་དོན་ལེགས་རྟོགས་མཚམས་དབུ་མའི་ལམ་ཁོ་ན་དང་། ༸གོང་ས་མཆོག་གི་ལམ་སྟོན་ལ་ཤར་སྐྱོད་བྱ་རྒྱུར་ཐེ་ཚོམ་ཡོད་མི་སྲིད། རང་རིགས་སྤུན་ཟླ་རྣམས་ལ་འབོད་བསྐུལ་ཞུ་རྒྱུ་ཞིག་ལ། སྐབས་གསུམ་པའི་བཀའ་བློན་ཁྲི་པ་དང་བོད་མི་མང་སྤྱི་འཐུས་ཀྱི་འོས་ཤོག་ཐོག་རང་དོན་རང་གཅེས་ཀྱི་དམ་དོན་གནང་རོགས་ཞུ་རྒྱུ་དང་། ཆེས་འགག་རྩའི་དུས་འདིར་འོས་ཤོག་གི་ཐོབ་ཐང་ཡོད་པའི་བོད་རྒྱལ་ཁབ་ཆེན་པོའི་སྤྱི་འབངས་ཤིག་ཡིན་ན། རང་གི་སྣ་ཐག་རང་མགོ་ལ་དཀྲིས་ཏེ་རང་ཉིད་ཀྱི་ཐོབ་སྐལ་འོས་ཤོག་གཅིག་པུ་དེ། ན་གཞོན་ཤེས་ཡོན་དང་སྤྱི་དོན་ལྷག་བསམ་ཅན། བོད་གཞུང་གི་ལྟ་གྲུབ་དབུ་མའི་ལམ་གྱི་ལྟ་བ་ཁས་ལེན་ཅིང་༸གོང་ས་ཡིད་བཞིན་ནོར་བུའི་བཀའ་གསུང་ཅི་སྒྲུབ་ཞུ་མཁན་ཞིག་ལ་བླུག་རྒྱུ་མཁྱེན།

འབྲེལ་ཡོད་གསར་འགྱུར།

A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

ཆུ་ཚོད་ ༦ སྔོན་ལ།
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

ཆུ་ཚོད་ ༦ སྔོན་ལ།
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡
དྷ་ས་ནས་ལྡི་ལི་བར་གྱི་ཞྭ་མོ་ནག་པོའི་གོམ་བགྲོད་ཀྱི་ལས་འགུལ་བ། ༢༠༢༦།༠༣།༣༡ དུས་བབ་ཀྱི་པར།
Mobile App

དྷ་རམ་ས་ལ་ནས་ལྡི་ལི་བར་ཞྭ་མོ་ནག་པོའི་གོམ་བགྲོད་མགོ་འཛུགས་གནང་།

༢༠༢༦/༠༣/༣༡
The new government led by Prime Minister Balendra Shah unveiled an ambitious 100-point work plan on Saturday, a signal of a break from the slow, plodding pace of past administrations. PHOTO: THE KATHMANDU POST
Mobile App

བལ་ཡུལ་གྱི་སྲིད་གཞུང་གསར་པའི་བསྒྱུར་བཅོས་དོན་ཚན་ ༡༠༠ ལག་བསྟར་བྱེད་ཀྱི་ཡོད་འདུག

༢༠༢༦/༠༣/༣༡

མཆན། 12

  1. ཨ་མའི་བུ། says:
    ལོ་ 15 སྔོན།

    གྲོགས་པོ་ཚོ་ཁྱེད་ཚོས་༼ང་རང་མི་གཅིག་ཡིན་པ་ཡིན་ནའང་འདིར་དཔུང་སྒྲིག་པ་སླེབས་པ་ཡིིན༽ཞེས་པ་དེ་ཐེངས་གཅིག་ཉོན་དང་དེ་ནས་ཨ་ཕོ་བློ་སེང་མི་གང་འདྲ་ཡིན་མིན་ལ་བསམས་གཞིགས་སམ་བློ་སྟོབས་གསར་བ་ཞིག་སྟེར་ངེས།
    དྲ་རྒྱའི་ཁ་བྱང་ནི་འདི་རེད། http://www.khabdha.org/?p=13559

    Reply
  2. ངས་པོའི་ལྷ་སྲས། says:
    ལོ་ 15 སྔོན།

    གྲོགས་མཆོག་རིག་རྒོད་ལགས།
    ངའི་མཆན་གྱི་ནང་དོན་ནི་སྐྱོན་བརྗོད་མི་ཆོག་ཞེས་པའི་དོན་མིན།
    དངོས་གནས་ད་བར་དྲ་གྲོགས་ཚོ་ཁོང་གཉིས་ལ་སྐྱོན་བརྗོད་མང་པོ་ཞིག་བྱས་ཚར་སོང། ང་ཚོས་ཁ་ཆགས་སྣ་རལ་གྱི་སྐོར་རྐྱང་རྐྱང་བཤད་ན་དགོས་པ་ཅི་ཨེ་ནམ།

    Reply
  3. མདོ་སྨད་པ་རིག་རྒོད། says:
    ལོ་ 15 སྔོན།

    གྲོགས་མཆོག་ལྷ་སྲས་ལགས།

    ང་ཚོ་རང་དབང་མང་གཙོ་ལུང་པའི་ནང་དུ་་་་དངོས་དོན་ཅི་ཞིག་་བརྗོད་ཀྱང་
    སུ་གང་ལ་སྐྲག་སྣང་བྱེད་དགོས་དོན་མི་འདུག།
    མཐོ་རིམ་དཔོན་པོ་ལ་སྐྱོན་བརྗོད་བྱེད་མི་ཆོགས་པའི་རྒྱ་གུང་བྲན་གྱི་ལམ་གསོལ་དང།
    སྤྱི་ཚོགས་བྲན་གཡོག་ལམ་ལུགས་ཅན་ཚོ་མ་གཏོགས་ཡོད་རེད།
    ང་ཚོས་དངོས་དོན་ཅི་ཞིག་གླེང་ཡང་རྒྱ་གཞུང་ལག་ཆར་བེད་སྤྱོད་བཏང་ནའང་འགྱོད་པ་ཡོད་མ་རེད།
    གཙོ་བོ་དངོས་དོན་གླེང་ཐུབ་དགོས་ཀྱི་འདུག།

    Reply
  4. ངས་པོའི་ལྷ་སྲས། says:
    ལོ་ 15 སྔོན།

    གྲོགས་མཆོག་རིག་རྒོད་ལགས་ཡང་བསྐྱར་གླེང་མོལ་བྱུང་བ་དགའ་སྤྲོ་ཆེ་ལགས།

    དྲ་གྲོགས་ཕལ་མོ་ཆེས་ད་བར་ཁོང་གཉིས་ཀྱི་གཞན་ཆ་དག་གླེང་སོང་སྙམ། གཞན་ཆ་ཁོ་ན་གླེང་ན་དེ་ནི་རྗེས་སུ་དགྱ་དམར་གུང་ཁྲན་ཏང་གིས་ལག་ཆར་འཁྱེར་ནས་ང་ཚོར་ཚུར་རྒོལ་བྱེད་ངེས་རེད་སྙམ། དེར་བརྟེན་ང་ཚོས་མ་འོངས་པར་དགོངས་པ་བཞེས་ན་དགེ་མཚན་ཆེ་བར་མི་འདུག་གམ།

    Reply
  5. མདོ་སྨད་པ་རིག་རྒོད། says:
    ལོ་ 15 སྔོན།

    གྲོགས་མཆོག་ལྷ་སྲས་ལགས།

    ཁྱེད་ཀྱིས་ང་ཡི་འདོད་ཕྱོགས་ཀྱི་བཀའ་ཁྲི་དེ་སུ་ཡིན་
    མིན་གྱི་སྐོར་དེ་ཐེ་མཚོམ་སྐྱེས་ཀྱི་ཡོད་པ་འདྲ་དེ་ནི་ཧ་ཅང་གིས་གསལ་པོ་རེད།
    ང་གཉིས་ཀྱིས་དགག་བྱ་བྱས་རེས་བྱེད་ན་སོ་སོའི་འདོད་ཕྱོགས་ད་གསལ་པོ་གོ་ཡོང་གི་རེད།

    Reply
  6. མདོ་སྨད་པ་རིག་རྒོད། says:
    ལོ་ 15 སྔོན།

    གྲོགས་མཆོག་ངས་པོའི་ལྷ་སྲས་ལགས་བདེ་མོ།

    མཁས་དབང་བློ་སེང་དང། བཀ་ཟུར་བཀྲས་མཐོང་གཉིས་ཀྱི་བྱས་རྗེས་བརྗོད་པ་ལས་དགག་བྱ་མང་བ་བྱེད་ན་དགེ་མཚན་ཆེ་བ་སེམས། གང་ཡིན་ཞེ་ན། ནང་དོན་རིག་པའི་གཞུང་ལུགས་ཀྱི་ནང་དུ་་་་་་གཞན་ལུགས་དགག་པ་དང། རྩོད་པ་སྤོང་བ་བཅས་གཉིས་སུ་བྱས་ཡོང་དུས་རང་ལུགས་ཀྱི་འཐད་ཕྱོགས་དེ་བདེ་བླགས་ངང་གོ་ཐུབ་ཀྱི་ཡོད་རེད།

    དེར་རྟེན་དབུ་མའི་གཞུང་ལ༧ུགས་ཆེན་པོ་དག་གི་ནང་དུ་་་དགག་པ་ཉིད་ཀྱིས་
    རྣལ་མ་བཏོན་པ་ཟེར་བ་ཞིག་ཡོད་རེད། དེ་ནི་ཧ་ཅང་གི་གོ་རྒྱུ་ཟབ་པོ་ཅན་གྱི་སྡོམ་ཚིག་ཅིག་རེད།

    དེས་ན་ཁོང་གཉིས་ལ་དགག་པ་ཉིད་ཀྱིས་ཡོན་ཏན་རྣལ་མ་དེ་བཏོན་དགོས་སོ།

    Reply
  7. ངས་པོའི་ལྷ་སྲས། says:
    ལོ་ 15 སྔོན།

    གྲོགས་མཆོག་རིག་རྒོད་ལགས་སུ་ཁམས་བདེའི་བཀྲིས་བདེ་ལེགས་ཞུ།
    ཉིན་ཤས་གོང་ཁྱེད་ཀྱིས་༼སྤྱི་སྟངས་ནས་ང་བློ་སེང་དགག་་བྱ་བྱེད་མཁན་ཞིག་ཡིན།༽
    ཞེས་བྲིས་སོང། ད་ལྟ་ཁྱེད་ཀྱིས་ཡང་༼བཀའ་ཁྲི་མཁས་དབང་བློ་བཟངསེངྒ་ལགས་ཐོབ་རྒྱུའི་སྨོན་འདུན་ཡོད།༽ཅེས་བྲིས་འདུག ངོ་མ་ཁྱེད་ཀྱི་བཀའ་ཁྲིའི་འོས་མི་སུ་ཡིན་ཕྲན་སོམ་ཉིའི་གནས་སུ་གྱར་སོང།

    ང་ཚོས་ཨ་རིའི་སུ་ཌན་ཕོ་ཌི་གཙུག་ལག་སློབ་གྲྭ་ཆེ་མོའི་བོད་ཀྱི་རྒྱལ་རབས་དང་ཆབ་སྲིད་སློབ་དཔོན་ཆེ་མོ་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་དང་ཧར་ལྦར་ཌ གཙུག་ལག་སློབ་གྲྭ་ཆེ་མོའི་ཁྲིམས་ལུགས་མཁས་དབང་བློ་བཟང་སེང་གེ་ལགས་རྣམ་གཉིས་ཀྱི་དགེ་མཚན་ནམ་བྱས་རྗེས་འགའ་སྤེལ་ན་ཕན་ཆེ་བར་མངོན་གྱི་འདུག

    Reply
  8. མདོ་སྨད་པ་རིག་རྒོད། says:
    ལོ་ 15 སྔོན།

    གྲོགས་མཆོག་ལྷ་སྲསལགས།
    ཁྱེད་ནི་ངོ་མ་སེམས་ཤུགས་ཅན་ཞིག་རེད།
    ད་དུང་ཡང་བཀའ་ཁྲིའི་སྐོར་གླེང་གི་འདུག།
    ང་ནི་ད་མགོ་ན་སོང། ཡིན་ནའང་མི་མང་གི་རེ་བ་བཞིན་་་་
    བཀའ་ཁྲི་མཁས་དབང་བློ་བཟངསེངྒ་ལགས་ཐོབ་རྒྱུའི་སྨོན་འདུན་ཡོད།
    ཁྱེད་ཀྱིས་སུ་ལ་རེ་བ་བྱེད་ཀྱི་ཡོད།

    Reply
  9. ངས་པོའི་ལྷ་སྲས། says:
    ལོ་ 15 སྔོན།

    དྲ་གྲོགས་ལགས་ཁྱེད་ཀྱིས་བོད་མཆན་སྤེལ་བ་བཟང་མོས་ཀྱང་། ཡིག་ནོར་མང་བས་ཡི་རེ་རྨུགས། ཁྱེད་ཀྱི་མཆན་ལ་ཡིག་ནོར་མང་བས་གོ་བ་ལེན་ཐུབ་ཀྱི་མི་འདུག དགོངས་དག

    ང་ན་ཚ་མེད། གཡག་ལྔ་ཀར་ཤི་སོང་ཟེར་བའི་དཔེ་ལྟར་རེད་མི་འདུག་གམ་་ཧི་ཧི།

    Reply
  10. བསྟན་འཛིན་འཕགས་པ། says:
    ལོ་ 15 སྔོན།

    དགེ་བཤེས་རྣམས་རྒྱལ་འཕྲིན་ལས་མཆོག་གིས་གསུངས་པ་ལྟར་མ་འོང་བཀའ་ཁྲི་དང་སྤྱི་འཐུས་ནི་ཤེས་འཇོན་གཉིས་ལྡན་གྱི་གཞོན་སྐྱེས་ཤིག་དགོས་གལ་ཆེ་མཐོང་ངོ་།

    མི་ངན་རེ་གཟུང་གིས་རང་གི་དགའ་ཕྱོགས་ལ་སྟོད་ར་དང་།
    མི་དགའ་འཁན་ལ་སྨད་ར་གཏང་བ་ཧ་ཅང་བློ་པམ་རེད་།
    གང་ལྟར་མ་འོང་བཀའ་ཁྲི་དེ་གཞིས་བྱིས་གཉིས་ཀའི་རེ་འདུན་བྱས་ས་ངན་པར་དུ་དགོས་།

    Reply
  11. ངས་པོའི་ལྷ་སྲས། says:
    ལོ་ 15 སྔོན།

    དྲ་གྲོགས་ད་ང་ཚོས་ཨ་རིའི་སུ་ཌན་ཕོ་ཌི་གཙུག་ལག་སློབ་གྲྭ་ཆེ་མོའི་བོད་ཀྱི་རྒྱལ་རབས་དང་ཆབ་སྲིད་སློབ་དཔོན་ཆེ་མོ་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་དང་ཧར་ལྦར་ཌ གཙུག་ལག་སློབ་གྲྭ་ཆེ་མོའི་ཁྲིམས་ལུགས་མཁས་དབང་བློ་བཟང་སེང་གེ་ལགས་རྣམ་གཉིས་ཀྱི་དགེ་མཚན་ནམ་བྱས་རྗེས་འགའ་སྤེལ་ན་དགེ་ཆེ་བར་མངོན་གྱི་འདུག

    དེ་མིན་ང་རང་ཚོ་བོད་པས་བོད་པའི་མ་འོངས་པའི་བཀའ་ཁྲི་ཞིག་ནག་པོ་བཟོས་ཐབས་ཁོ་ན་བྱས་ན་དེ་ནི་དགྱ་གུང་ཁྲན་ལ་མཁོ་བའི་གཏམ་ཞིག་མ་རེད་དམ། རྗེས་སུ་གུང་ཁྲན་ཏང་གིས་ལག་ཆ་དེ་འཁྱེར་ནས་ང་ཚོར་ཚུར་རྒོལ་བྱེད་ངེས་རེད་སྙམ།

    དེར་བརྟེན་དྲ་གྲོགས་ཚོས་མ་འོངས་པར་་་་་་་་་་་་་་་་་་་་་་་་་་་་་་་་་་།

    Reply
  12. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    ་་་་། ན་གཞོན་ཤེས་ཡོན་དང་སྤྱི་དོན་ལྷག་བསམ་ཅན། ་་་་་ཟེར་དུས་བློ་སེང་ལ་རྒྱབ་སྐྱོར་བྱས་འདུག བསྟན་རྣམ་མཆོག་ནི། མི་བྱེད་བརྗེས་ཅན་ཞིག་ཡིན་པས་འོས་འཕེན་སྟངས་ལ་དགོངས་པ་ཡག་པོ་བཞེས་རོགས་གནོངས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese