མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

“ང་ཚོའི་འཛམ་གླིང” ཟེར་ནས་ཀུན་ཁྱབ་སློབ་གསོ་སྤྲོད་དགོས།

བོད་ཀྱི་དུས་བབ།
༢༠༡༠/༡༢/༢༤
Share on FacebookShare on TwitterShare on EmailShare on Whatsapp

རྒྱལ་ཁབ་ཁག་གི་སྲོལ་རྒྱུན་སློབ་སྦྱོང་སྤྲོད་སྟངས་དེ་དུས་ཚོད་ཡོལ་ཟིན་པ་རེད། ད་ཆ་སློབ་ཕྲུག་ཚོར་ང་ཚོའི་འཛམ་གླིང་ཞེས་ཀུན་ཁྱབ་སློབ་གསོའི་ཐོག་སློབ་སྦྱོང་སྤྲོད་རྒྱུ་གལ་ཆེན་རེད། ངོས་རང་ཚུད་པའི་མི་མང་པོ་ཞིག་གིས་ཚན་རིག་གིས་རྙེད་པའི་གྲུབ་དོན་ལ་ཡིད་ཆེས་བརྟན་པོ་བྱེད་ཀྱི་ཡོད། ཅེས་༧གོང་ས་མཆོག་གིས་གསུངས།

༧གོང་ས་མཆོག་གིས་འབྲས་ལྗོངས་སུ་མཛད་འཕྲིན་རྒྱ་ཆེར་སྐྱོང་བཞིན་ཡོད་པ་ལྟར། ཕྱི་ཚེས་ ༢༡ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༩ ཐོག་༧གོང་ས་མཆོག་གིས་སྒང་ཏོག་དཔལ་འབྱོར་རྣམ་རྒྱལ་རྩེད་ཐང་དུ་ཆོས་ཞུ་བ་ཁྲི་ ༢ ཙམ་ལ་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་བཀའ་ཁྲིད་གནང་ཡོད་འདུག་ལ། སྐབས་དེར་མངའ་སྡེ་གཞུང་མང་གཉིས་ནས་༧གོང་ས་མཆོག་བརྟན་བཞུགས་ཤིག་ཀྱང་ཕུལ་ཡོད་འདུག ཐོག་མར་༧གོང་ས་མཆོག་གིས་མང་ཚོགས་ལ་ནང་ཆོས་ངོ་སྤྲོད་བྱས་དོན། སངས་རྒྱས་པའི་ཆོས་ལ་སློབ་སློང་བྱ་དགོས་རྒྱུ་ལས་དད་པ་གཅིག་པུའི་འགྲིག་གི་མེད། བཅོམ་ལྡན་འདས་ཀྱིས་ཐར་པ་འཐོབ་དང་མ་འཐོབ་རང་ཉིད་ལ་རག་ལས་ཞེས་གསུངས་ཡོད། ཆོས་ལ་སློབ་སྦྱོང་མ་བྱས་པར་སྐྱབས་སུ་མཆི་ཞེས་བརྗོད་བསྡད་ན་འགྲིག་ཐབས་མེད། སྐྱབས་འགྲོ་ནི་ཆོས་ལུགས་གཞན་ལའང་ཡོད། སངས་རྒྱས་པའི་ཆོས་ནང་རྒྱུ་མཚན་ལ་བརྟག་དཔྱད་བྱས་ཏེ་ཆོས་ལ་དད་པ་འཐོབ་རྒྱུ་ལས་རྨོངས་པའི་ཐོག་སྐྱབས་སུ་མཆི་ཞེས་བརྗོད་ན་མི་འགྲིག་ཅེས་དང་། མིའི་སྤྱི་ཚོགས་ནང་བྱམས་བརྩེ་དགོས་པ་ལས་དངུལ་གཅིག་པུས་བདེ་སྐྱིད་སྤྲོད་ཐུབ་ཀྱི་མེད། ཁྱིམ་ཚང་སྤྱི་ཚོགས། རྒྱལ་ཁབ་གང་ཡིན་རུང་བྱམས་བརྩེ་ཡོད་ན་བདེ་སྐྱིད་རང་བཞིན་གྱིས་ཡོང་གི་རེད། ཆོས་ལ་དད་པ་ཡོད་མིན་ལ་མ་ལྟོས་པར་བྱམས་བརྩེ་དགོས་རྒྱུ་ཧ་ཅང་གལ་ཆེན་ཡིན་ཞེས་གསུངས།

ཉིན་དེར་༧གོང་ས་མཆོག་གིས་རྒྱ་བོད་ཤེས་རིག་ཉམས་ཞིབ་དཔེ་མཛོད་ཁང་དུ་སློབ་ཕྲུག་ཚོར་བཀའ་གནང་དོན། ལོ་རྒྱུས་སྨྲ་བ་ཚོས་བརྗོད་ན་དུས་རབས་༢༠ ནང་མི་ས་ཡ་ ༢༠༠ ཙམ་དམར་གསོད་བཏང་ཡོད། དམག་འཁྲུག་གིས་དཀའ་ངལ་སེལ་ཐུབ་ན་འགྲིག་གི་ཡོད་ཀྱང་དེ་ལྟར་བྱུང་མེད། དུས་རབས་ ༢༡ མགོ་སྟོད་ཀྱི་དཀའ་ངལ་ཁག་ཅིག་དུས་རབས་ ༢༠ པའི་རྐྱེན་བྱས་ནས་ཡོང་བ་ཞིག་རེད། དཔེར་ན། ཨི་རག་དང་ཨབ་གྷན། འཇིགས་སྐུལ་རིང་ལུགས་པའི་རྙོག་ཁྲ་སོགས་ནི་འདས་པའི་དུས་ཀྱི་ནོར་འཁྲུལ་གྱི་སྲིད་བྱུས་ལས་བྱུང་བའི་རྟགས་མཚན་རེད། ང་ཚོས་ཐབས་ཤེས་དང་འཆར་སྣང་། རྣམ་དཔྱོད་གསར་པ་ཞིག་ལག་བསྟར་བྱ་རྒྱུའི་བསམ་བློ་གཏོང་དགོས་ཀྱི་འདུག་ལ། མ་འོངས་པའི་འཛམ་གླིང་ཅི་འདྲ་ཞིག་ཆགས་མིན་གཞོན་སྐྱེས་ཚོའི་ལག་ཏུ་ཡོད། ཅེས་གསུངས།  

 

ཕྱི་ཚེས་ ༢༢ ཉིན་༧གོང་ས་མཆོག་གིས་འབྲས་ལྗོངས་སེར་སྐྱ་མང་ཚོགས་ལ་བཀའ་ཕེབས་དོན། ངོས་ཀྱི་གོ་ཐོས་ལ་འབྲས་ལྗོངས་སུ་མི་འདས་གྲོངས་ཕྱིན་ཚེ་ཤི་བོའི་རྗེས་འཇུག་ཡིན་ཞེས་དགོན་པ་ཁག་ལ་འགྲོ་སོང་ཆེན་པོ་གཏོང་དགོས་ཀྱི་ཡོད་ཚོད་འདུག དེ་ལྟར་བྱ་ཐུབ་ན་ཡག་པོ་ཡོད་ཀྱང་མ་ཐུབ་ནའང་ཁྲལ་ལྟ་བུ་བྱ་དགོས་དོན་མེད། ཆ་རྐྱེན་མེད་མཁན་ཚོར་བསྙེན་བཀུར་ཞུ་རྒྱུའི་དངུལ་མེད་པར་དཀའ་ངལ་འཕྲད་ཀྱིན་ཡོད་འདུག་ཟེར། རང་ཉིད་གསོན་པའི་སྐབས་བྱང་ཆུབ་སེམས་ལ་བསམ་བློ་གཏོང་ཐུབ་ན་ཞབས་བརྟན་ཚང་མ་དེའི་འགྲིག་པ་རེད། ངོས་ཀྱང་འཆི་ཁར་བྱང་ཆུབ་སེམས་ཀྱི་ཉམས་ལེན་མ་བརྗེད་པ་ཞིག་བྱ་དགོས་དྲན་བསྡད་ཡོད། ཅེས་གསུངས།

ཟླ་འདིའི་ཕྱི་ཚེས་ ༢༢ ཉིན་༧གོང་ས་མཆོག་འབྲས་ལྗོངས་སུ་འཚོགས་བཞིན་པའི་སེམས་དང་སྲོག་གི་བགྲོ་གླེང་མཇུག་སྡོམ་མཛད་སྒོའི་ཐོག་ཕེབས་ཏེ། སེམས་ཀྱི་རྣམ་གཞག་དང་ཚན་རིག་གི་འབྲེལ་ལམ་ཞེས་པའི་བརྗོད་གཞིའི་ཐོག་བཀའ་གནང་དོན། ལས་གཞི་གང་ཡིན་རུང་དེར་སྐྱོན་བརྗོད་བྱ་རྒྱུ་ལས་སླ་པོ་རེད། སེམས་ཁུར་ཡོད་མཁན་ཚོས་དེང་དུས་ཤེས་ཡོན་ལམ་ལུགས་ནང་མི་འདང་པའི་ཆ་ཡོད་པ་ཤེས་ཀྱི་ཡོད། ཡིན་ནའང་། དེར་འགྱུར་བ་ཇི་ལྟར་གཏོང་དགོས་མིན་ཐོག་དཀའ་ངལ་འཕྲད་ཀྱི་ཡོད། ངོས་ལ་རིག་པ་འདོན་རྒྱུ་གང་ཡང་མེད་ལ། ཤེས་ཡོན་མེད་ལ་ཉམས་མྱོང་ཡང་མེད། ངོས་ལ་དད་པ་བྱེད་མཁན་ཚོས་མཚམས་རེར་ངོས་ལ་ཐམས་ཅད་མཁྱེན་པ་ཞེས་བརྗོད་ཀྱི་ཡོད་ཀྱང་། ངོས་ཀྱིས་དེར་ངོས་ལན་བྱས་མྱོང་མེད་ལ་དོན་དངོས་ཐོག་གང་ཡང་ཤེས་ཀྱི་མེད། ངོས་ཀྱིས་སེམས་ཁུར་ཡོད་མཁན་ཚོར་ཐེངས་མང་ཐུག་སྟེ་དེང་དུས་ཤེས་ཡོན་ལམ་ལུགས་ནང་མི་འདང་པའི་ཆ་གང་ཡོད་པ་རྣམས་ཉམས་ཞིབ་བྱ་དགོས་ཞེས་བརྗོད་རྒྱུ་བྱུང་། ཞེས་གསུངས་འདུག  

 

ཁོང་གིས་མུ་མཐུད་དུ་གསུངས་དོན། རྒྱལ་ཁབ་ཁག་གི་སྲོལ་རྒྱུན་སློབ་སྦྱོང་སྤྲོད་སྟངས་དེ་དུས་ཚོད་ཡོལ་ཟིན་པ་རེད། ད་ཆ་སློབ་ཕྲུག་ཚོར་ང་ཚོའི་འཛམ་གླིང་ཞེས་ཀུན་ཁྱབ་སློབ་གསོའི་ཐོག་སློབ་སྦྱོང་སྤྲོད་རྒྱུ་གལ་ཆེན་རེད། ངོས་རང་ཚུད་པའི་མི་མང་པོ་ཞིག་གིས་ཚན་རིག་གིས་རྙེད་པའི་གྲུབ་དོན་ལ་ཡིད་ཆེས་བརྟན་པོ་བྱེད་ཀྱི་ཡོད། ཚན་རིག་གིས་དངོས་ཡོད་གནས་ཚུལ་འཚོལ་བསྒྲུབ་བྱ་རྒྱུ་ལས་ཡག་ཉེས་འབྱེད་ཀྱི་མེད། ནང་པའི་ཚན་རིག་ཏུའང་བཟང་ངན་རྣམ་བཞག་གང་ཡང་མི་འབྱེད་པར། དངོས་ཡོད་གནས་ཚུལ་འཚོལ་གྱི་ཡོད་པ་ཚན་རིག་གི་ལངས་ཕྱོགས་ཤིག་རེད། ལངས་ཕྱོགས་དེ་རྨང་གཞིར་བཞག་སྟེ། ཆོས་རྣམས་ཀྱི་བཟང་ངན་དང་ཁེ་གྱོང་གི་རྣམ་གཞག་གཏན་ལ་འབེབས་སྐབས་བཟང་སྤྱོད་ཀྱི་སྐད་ཆ་སླེབས་ཀྱི་ཡོད། བཟང་སྤྱོད་ནི་གཞི་རྩའི་འགྲོ་བ་མི་རིགས་ལ་གལ་ཆེན་པོ་ཡིན་ལ། དེ་ནི་ཚན་རིག་གི་ལངས་ཕྱོགས་ལྟར་དངོས་ཡོད་གནས་སྟངས་ཐོག་འགྲོ་བཞིན་ཡོད། མིའི་ལུས་ཕུང་གྲུབ་སྟངས་ལ་བལྟས་ཀྱང་བཟང་སྤྱོད་གལ་ཆེན་པོ་ཡིན། ཡིན་ནའང་། ང་ཚོས་བཟང་སྐོར་བཤད་སྐབས་ཆོས་ལུགས་སྐོར་ནམ་ཡང་བཤད་རྒྱུ་མེད། ཆོས་ལུགས་དང་འབྲེལ་ནས་བཤད་ན་རྙོག་དྲ་ཆེ་རུ་འགྲོ་གི་རེད། ཅེས་གསུངས།  

༧གོང་ས་མཆོག་གིས་འབྲས་ལྗོངས་མངའ་ཁུལ་གྱི་མཛད་འཕྲིན་ཁག་ལེགས་པར་གྲུབ་རྗེས་མངའ་སྡེ་བློན་ཆེན་སོགས་གནད་དོན་མི་སྣ་ཁག་གིས་ཕེབས་སྐྱེལ་འོག ཕྱི་ཚེས་ ༢༣ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༨།༤༥ ཐོག་ཐད་འཕུར་གནམ་གྲུ་བརྒྱུད་ས་ལུ་སྒར་དུ་ཞབས་སོར་འཁོད་ཡོད་འདུག་ལ། ས་གནས་དེའི་སེར་སྐྱ་མང་ཚོགས་ཀྱི་ཕེབས་བསུའི་འོག་རྟ་མང་དགོན་དུ་ཆིབས་བསྒྱུར་དང་། དེའི་རྗེས་སྲད་རྒྱུད་མ་དགོན་དུ་ཕེབས་ཏེ། བོད་རིགས་མང་ཚོགས་དང་རྟ་མང་། ས་གནས་ཡུལ་མི། དེ་བཞིན་འབྲུག་དང་འབྲས་ལྗོངས་སོགས་ནས་བཅར་བའི་དད་ལྡན་མང་པོར། རྒྱལ་སྲས་ཐོག་མེད་བཟང་པོས་མཛད་པའི་རྒྱལ་སྲས་ལག་ལེན་སོ་བདུན་མའི་བཀའ་ཆོས་གནང་ཡོད་པ་མ་ཟད། སྤྱན་རས་གཟིགས་ཀྱི་བཀའ་དབང་ཡང་གནང་རྒྱུུ་ཡིན་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

མཆན། 4

  1. ཁམས་སྨྱུག་གསར་པ། says:
    ལོ་ 15 སྔོན།

    གོང་ས་རྒྱལ་བ་ཐམས་ཅད་མཁྱེན་པ་ཞབས་པད་བསྐལ་བརྒྱར་བརྟན་པ་ཤོག

    Reply
  2. བེ་རུ་བཀྲ་ཤིས says:
    ལོ་ 15 སྔོན།

    ༸གོང་ས་མཆོག་སྐུ་ཚེ་ཁྲི་ལོར་ནས་ཁྲི་ལོར་བརྟན་པར་ཤོག

    Reply
  3. བཟོད་པ་ལྷ་རྩེ། says:
    ལོ་ 16 སྔོན།

    གོང་གི་མི་མང་འབངས་སྒྲིག་གི་འདྲ་པར་ནང་རྨ་བྱའི་སྒྲོ་ལས་བཟོས་པའི་དབུ་གདུགས་ཆེན་མོ་དེ་༸གོང་ས་མཆོག་ལ་འབུལ་ཡས་ཡིན་ངེས། དེ་ནི་༸གོང་ས་མཆོག་གི་བཀའ་སློབ་ལ་ཐུགས་སྣང་གཏན་ནས་མེད་པའི་རྣམ་པ་བསྟན་པ་ཞིག་ཡིན། དེར་རྨ་བྱ་ག་ཚོད་ཀྱི་ཚེ་སྲོག་ཤོར་ཡོད་དམ། གོ་སྒྲིག་པ་དག་གི་ཐུགས་སྣང་ངེས་པར་བྱ་དགོས།

    Reply
  4. བེ་རུ་བཀྲ་ཤིས says:
    ལོ་ 16 སྔོན།

    ༸གོང་ས་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese