མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གྲྭ་བ་ཞིག་གིས་སོ་སོར་གྲི་བཙུགས་ཏེ་རང་ཤི་བརྒྱབ་སོང་།

བོད་ཀྱི་དུས་བབ།
༢༠༡༠/༡༢/༢༧
Share on FacebookShare on TwitterShare on EmailShare on Whatsapp

ས་བྱི་ཞི་རྒོལ་ཆེན་མོའི་སྐབས་ལྷ་སའི་ངོ་རྒོལ་ནང་ཞུགས་མྱོང་མཁན། ཁམས་སོག་རྫོང་ལྕམ་མདའ་ཞང་ནས་ཡིན་པའི་གྲྭ་ཐུབ་བསྟན་ནོར་བུ་ལགས་རྒྱའི་བཙོན་ཁང་ནས་བཙོན་གྲོལ་ཐོབ་སྟེ་རྒྱ་གར་ནང་སྐྱབས་བཅོལ་དུ་འབྱོར་ཡོད་ཅིང་། ཉེ་ལམ་འདི་གའི་གསར་འགོད་པས་ཁོང་ལ་ཐུག་འཕྲད་བྱས་ཏེ་ཞི་རྒོལ་ཆེན་མོའི་སྔ་ཕྱིའི་གནས་ཚུལ་སྐོར་ལ་རྒྱུས་ལོན་བྱས་ཡོད།

གྲྭ་ཐུབ་བསྟན་ནོར་བུ་ལགས་ཀྱིས་ཐོག་མར་ཁོས་འབྲས་སྤུངས་དགོན་པར་སློབ་གཉེར་དུ་ཡོང་བའི་སྐོར་ངོ་སྤྲོད་གནང་དོན། ༢༠༠༦ ལོར་ང་རང་ལྷ་ས་འབྲས་སྤུངས་དགོན་པར་སློབ་གཉེར་དུ་ཡོང་བ་ཡིན། འོན་ཀྱང་ཟུར་ཞུགས་ཐོག་སྡོད་པ་ལས་ཚོགས་སུ་ཚུད་ཀྱི་ཡོད་པ་མ་རེད། འབྲས་སྤུངས་ཀྱི་གྲྭ་བ་མང་དག་ཅིག་ང་དང་གཅིག་མཚུངས་རེད། ཆོས་ར་མ་གཏོགས་ཚོགས་སུ་འགྲོ་ཆོག་གི་མ་རེད། དགོན་པ་དེར་དང་ཐོག་གྲྭ་བ་ ༡༠༠༠ ཙམ་འདུག་ལ། དེ་དག་མང་ཆེ་བ་ཁམས་དང་ཨ་མདོ་ནས་ཕེབས་པ་རེད་འདུག དེ་སྔོན་དགོན་པར་དམ་དྲག་དེ་ཙམ་མེད་ཀྱང་། རིམ་བཞིན་རང་སྐྱོང་ལྗོངས་དང་རྫོང་གི་ཡིག་ཆ་མེད་ན་ཟུར་ཞུགས་གྲྭ་བ་དགོན་པར་ཉར་ཆོག་གི་མེད་ཅེས་བཙན་བཀའ་བཏང་སོང་། ཞེས་བརྗོད་བྱུང་།

ཞི་རྒོལ་སྐབས་ཀྱི་འབྲས་སྤུངས་དགོན་པའི་སྣང་ཚུལ་བརྗོད་དོན། ༢༠༠༨ ལོའི་ཕྱི་ཟླ་ ༣ པའི་ཚེས་ ༡༠ ནས་ ༡༢ བར་ཉིན་གསུམ་རིང་ང་ཚོས་ངོ་རྒོལ་བྱས་པ་ཡིན། ཕྱི་ཚེས་ ༡༤ ཉིན་ལྷ་ས་གྲོང་ཁྱེར་དུ་མང་ཚོགས་ཀྱིས་ངོ་རྒོལ་བྱས་སོང་། སྐབས་དེར་དམག་མིས་གསོད་དགོས་པ་བསད། རྡུང་དགོས་པ་བརྡུང་། འཛིན་དགོས་པ་རྣམས་བཟུང་རྗེས། པར་རིས་ནང་ཐོན་པའི་སེ་འབྲས་དགའ་གསུམ་གྱི་ལས་འགུལ་སྣེ་ཁྲིད་པ་དང་ཇུས་འདོན་པ་སོགས་རེ་རེ་བཞིན་བཟུང་བ་རེད། སེ་རའི་གྲྭ་བ་རྣམས་ལྷ་སའི་གུ་རུ་ཟམ་པ་ཕྱོགས་ཀྱི་བཙོན་ཁང་དུ་བཅུག་པ་དང་། འབྲས་སྤུངས་གྲྭ་བ་ཚོ་ལྷ་སའི་ལྷོ་ནུབ་ཕྱོགས་ཀྱི་སྙེ་ཐང་སྒྲོལ་མ་ལྷ་ཁང་གི་འཁྲིས་སུ་ཡོད་པའི་དམག་སྒར་ཞིག་ཏུ་བཅུག་སོང་། ང་ཚོ་དེར་འཇུག་དོན་ནི་ལྷ་སའི་བཙོན་ཁང་ཁག་ཏུ་བཙོན་པས་ཁེངས་ཡོད་པས་རེད། སྐབས་དེར་ལྷ་སར་མདོ་དབུས་ཁམས་གསུམ་ཀྱི་བོད་མི་མང་པོ་ཞིག་ཀྱང་བཙོན་འཇུག་བྱས་ཡོད། ཞིང་ཆེན་སོ་སོའི་གྲྭ་བ་རྣམས་སོ་སོར་བཙོན་བཅུག་བྱས་ཏེ། ཟླ་གཅིག་གི་རྗེས་སོ་སོའི་ཕ་ཡུལ་གྱི་བཙོན་ཁང་ཁག་ཏུ་རྩིས་སྤྲད་སོང་། ང་ཚོ་ལྷ་སའི་ཚལ་གུང་ཐང་དུ་ཡོད་པའི་བཙོན་ཁང་ཞིག་ཏུ་བཅུག་ཏེ། ཟླ་བ་ ༨ ཙམ་རིང་བཀག་ཉར་བྱས་སོང་། དེའི་རྗེས་ཆབ་མདོར་ཁྲིད་དེ་ཁུལ་དེའི་བཙོན་ཁང་ཞིག་ཏུ་ཟླ་ ༡ རིང་བསྡད་པ་ཡིན། བཙོན་གྲོལ་ཐོབ་རྗེས་ཀྱང་བདུན་ཕྲག་རེར་ས་གནས་ལས་ཁུངས་སུ་ངོ་བཅར་གྱིས་ཐོ་འགོད་བྱ་དགོས་ཤིང་། ང་ཚོ་མི་འདྲ་མིན་ལ་ཐུག་མི་ཆོག་པ་དང་ཐག་རིང་དུ་འགྲོ་མི་ཆོག་པ། ས་གནས་དགོན་པར་ཡང་འགྲོ་མི་ཆོག་པ་མ་ཟད། གྲྭ་ཆས་ཀྱང་གྱོན་ཆོག་གི་མེད་ཟེར།

འབྲས་སྤུངས་དགོན་པ་དམག་མིས་བཙན་བཟུང་བྱས་པའི་ཐད་ལ་ཁོང་གིས་མུ་མཐུད་དོན། ཕྱི་ཚེས་ ༡༣ གྱི་དགོང་མོར་རྒྱ་དམག་སྟོང་ཕྲག་དུ་མ་འབྲས་སྤུངས་སུ་ཡོང་སྟེ། དགོན་པའི་མཐའ་བསྐོར་ཏེ་ཟླ་གཅིག་རིང་དམ་དྲག་ཤུགས་ཆེན་བྱས་པ་རེད། དམ་དྲག་བྱས་པའི་དབང་གིས་གྲྭ་བ་ཞིག་འུ་ཐུག་སྟེ་སོ་སོར་གྲིས་བཙུགས་ཏེ་རང་ཤི་བརྒྱབ་ཡོད། གྲྭ་བ་ཚོས་ངོ་རྒོལ་རིམ་པར་བྱས་ཀྱང་རྒྱ་དམག་གིས་དགོན་པའི་མཐའ་བསྐོར་ཏེ་གྲྭ་བ་གཅིག་ཀྱང་ཕྱིར་ཐོན་བཅུག་མེད་སྟབས། གྲྭ་མང་ལ་ཟ་མ་དང་འཐུང་ཆུའི་དཀའ་ངལ་འཕྲད་པ་རེད། དེ་ལྟར་ཟླ་བ་གཅིག་ཙམ་ཕྱིན་པའི་མཚན་མོ་ཞིག་ལ་གྲྭ་བ་ཚོ་གཉིད་ཁུག་པའི་སྐབས་དང་བསྟུན་ཏེ། རྒྱ་དམག་གིས་དུས་གཅིག་ཏུ་དགོན་པའི་གྲྭ་ཤག་རེ་རེར་འཇབ་རྒོལ་བྱས་ཏེ། ང་ཚོ་ངོ་རྒོལ་བྱེད་མཁན་རྣམས་འཛིན་བཟུང་བྱས་ཤིང་། མགོ་ལ་མེ་མདའ་བཙུགས་ཏེ་གྲྭ་བ་རྫུན་མ་ཞེས་འཇིགས་སྣང་སྐུལ་ཞོར་མེ་མདའི་རྒྱབ་ཤིང་གིས་ཚོད་མེད་དུ་མགོ་དང་སྒལ་བར་བཞུས་པ་དང་རྐང་པས་རྡོག་རྫུས་བཏང་བ་སོགས་བྱས་བྱུང་། ཞེས་བརྗོད།

ད་ལྟའི་འབྲས་སྤུངས་དགོན་པའི་གནས་སྟངས་ཐད་ཁོང་གིས་བརྗོད་དོན། གོ་ཐོས་ལྟར་ན། ཞི་རྒོལ་རྗེས་འབྲས་སྤུངས་སུ་གྲྭ་བ་ ༡༠༠ ཙམ་ཡང་ལོང་གི་མེད་པ་དང་། ཆོས་ར་འགྲོ་མཁན་གྲྭ་བ་ ༢༠ ལྷག་ལས་མི་འདུག་ཟེར། ང་ཚོ་དགོན་པར་འགྲོ་མི་ཆོག་པ་དང་གལ་ཏེ་ཕྱིན་ན་ནང་མི་ཚོར་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད། སློབ་གྲྭ་འགྲོ་བསམ་ཡང་རྫོང་དང་ཞིང་ཆེན་གྱི་ཆོག་མཆན་མེད་ན་ལམ་ཁ་མེད། འབྲས་སྤུངས་འདབས་ཀྱི་ལྷ་མོ་འཁྲབ་ས་ཞིག་ཡོད་པ་དེ་དམག་སྒར་དུ་བསྒྱུར་འདུག་པ་མ་ཟད། སྨན་ཁང་དེ་ཚོའང་དམག་མིའི་སྡོད་གནས་བཟོས་ཚར་འདུག  ༢༠༠༩ ལོའི་ ༣།༡༤ གྱི་ཉིན་བཙན་ཚུགས་ཀྱིས་ང་ཚོར་ནག་ཉེས་ངོས་ལེན་དང་རྒྱལ་གཅེས་ཆོས་ཀྱི་སློབ་གསོ་སྤེལ་ཏེ་སུན་གཙེར་ཡང་ཡང་བཟོས་བྱུང་། དཀའ་ངལ་དེ་དག་ལ་གཡོལ་ཆེད་འདི་ལོའི་ལོ་མགོར་ང་རང་གིས་ནང་མིར་གྲོས་བྱས་ཏེ། རི་ཁྲོད་ལ་སྒོམ་རྒྱག་ཏུ་འགྲོ་རྒྱུ་ཡིན་ལབ་སྟེ་ལྷ་སར་ཡོང་བ་ཡིན། ལྷ་ས་ནས་ལམ་ཁྲིད་པ་ཞིག་ལ་རྒྱ་སྒོར་ ༡༥༠༠༠ ཙམ་སྤྲད་དེ་འགྲམ་བརྒྱུད་བལ་ཡུལ་དུ་ཡོང་བ་ཡིན། བརྗོད་བྱུང་།

ཆབ་སྲིད་བཙོན་པའི་གནས་སྟངས་སྐོར་ལ་ཁོང་གིས།  བལ་ཡུལ་སྣེ་ལེན་ཁང་དུ་འབྱོར་མཚམས་ཆབ་སྲིད་བཙོན་པ་ཡིན་ཟེར་མཁན་མང་པོ་ཞིག་འབྱོར་འདུག ཁོང་ཚོར་ཟུར་ནས་ཁང་པ་དང་མཐུན་རྐྱེན་གཞན་ལས་ལྷག་ཅིག་སྤྲོད་བཞིན་འདུག་ལ་ཁོང་ཚོར་རོགས་རམ་བྱེད་མཁན་མང་པོ་འདུག དེའི་ནང་དཀར་མཛེས་ཕྱོགས་ནས་མང་པོ་ཡོད་པ་མ་ཟད། ནང་མི་ཆ་ཚང་འབྱོར་བསྡད་མཁན་ཡང་འདུག ང་ལ་ངོ་ཤེས་སོགས་གང་ཡང་མེད་དུས་བཙོན་ཁང་ཡིག་ཆ་དང་གཟུགས་པོའི་རྨ་ཁ་སོགས་བསྟན་ཀྱང་ཁ་ཡ་བྱེད་མཁན་དེ་ཙམ་མི་འདུག ཡིན་ནའང་། ངའི་སེམས་སུ་ང་རང་རྒྱ་གར་ལ་ལྟོ་གོས་ཆེད་ཡོང་བ་ཞིག་མིན་སྟབས། སློབ་སྦྱོང་ཡག་པོ་ཞིག་ཐོབ་ན་འགྲིག་སོང་བ་རེད་བསམ་བྱུང་། ཅེས་བརྗོད།

གསར་འགོད་པས་ཁོང་ལ་གནས་ཚུལ་དེ་དག་བོད་གཞུང་ལ་སྙན་གསེང་ཞུས་ཡོད་མེད་དྲིས་པར། བདེ་སྲུང་ལས་ཁུངས་ལ་ང་རང་འཛིན་བཟུང་ཡིག་ཆའི་ངོ་བཤུས་ཤིག་ཕུལ་ཡོད། ཟླ་གསུམ་པའི་ཚེས་ ༡༤ ཉིན་གྱི་ལྷ་སའི་ངོ་རྒོལ་སྐབས་ང་རང་འབྲས་སྤུངས་དགོན་པའི་གྲྭ་བ་རྣམས་དང་མཉམ་དུ་ཡོད་པ། རྒྱ་གཞུང་གི་བརྙན་འཕྲིན་ནང་ཐེངས་ཁ་ཤས་ལ་བསྟན་ཡོད་པ་སོགས་བཤད་ཡོད། འོན་ཀྱང་ང་རང་ཆབ་སྲིད་བཙོན་པ་ཡིན། ང་ལ་ཐོབ་ཐང་དགོས་ཞེས་གང་ཡང་བཤད་མེད། དེར་ཨུ་ཚུགས་རྒྱག་འདོད་ཀྱང་མི་འདུག ཅེས་བརྗོད།

ཕ་ཡུལ་དུ་ཡོད་པའི་ཆབ་སྲིད་བཙོན་པའི་གནས་སྟངས་སྐོར་དྲིས་པར། ཕ་ཡུལ་དུ་ང་དང་མཉམ་དུ་བཙོན་ཁང་དུ་བསྡད་མྱོང་མཁན་གྲྭ་བ་ ༥ ཡོད་ཅིང་། ཁོང་ཚོ་ད་ལྟ་དགོན་པར་འགྲོ་ཆོག་གི་མེད་དུས། ཁ་ཤས་ཆབ་མདོ་སློབ་གྲྭར་འགྲོ་བཞིོན་ཡོད་པ་དང་། ཁ་ཤས་ལྷ་སར་དུང་དཀར་སློབ་གྲྭ་སོགས་སུ་འགྲོ་བཞིན་འདུག ང་ཚོ་ཚང་མར་མ་འོངས་པར་ཆབ་སྲིད་ཀྱི་ཐོག་ནས་བོད་མི་རིགས་ལ་ཕན་པ་བསྒྲུབ་རྒྱུའི་དམ་བཅའ་ཡོད། ཅེས་དང་། མཐར་ཁོང་ལ་མ་འོངས་པར་དམིགས་ཡུལ་ཅི་ཡོད་དྲིས་པར། ང་རང་ཆུང་དུས་ནས་ཨ་མ་ལགས་གྲོངས་པ་རེད། ༢༠༠༧ ལོར་པ་ལགས་ཀྱང་འདས་གྲོངས་སུ་ཕྱིན་སོང་། ལྷག་ལུས་གཅེན་མོ་རྣམས་མནའ་མར་ཕྱིན་ཡོད་སྟབས་ད་ཆར་ང་ལ་བོད་དུ་སེམས་པ་ཆགས་ས་གང་ཡང་མེད་ཅེས་བརྗོད་བྱུང་།

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Mobile App

གྲྭ་མཛེས་དགའ་རྒྱ་མཚོ་ལགས་ཀློད་འདུག་ཀྱང་ལྟ་རྟོག་ནན་པོ་བྱེད་ཀྱི་འདུག

ཆུ་ཚོད་ ༢ སྔོན་ལ།
སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

༢༠༢༦/༠༣/༢༡
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

༢༠༢༦/༠༣/༢༡
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

༢༠༢༦/༠༣/༢༡
Penny Wong, Richard Marles, Judith Collins KC, Winston Peters
Mobile App

བོད་ནང་གི་ཆོས་དང་རིག་གཞུང་སོགས་ཉམས་རྒུད་དུ་འགྲོ་བཞིན་པར་བློ་འཚབ་བསྟན།

༢༠༢༦/༠༣/༢༠
TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

༢༠༢༦/༠༣/༡༨

མཆན། 3

  1. ནོར། says:
    ལོ་ 15 སྔོན།

    གསར་འགྱུར་འདིའི་ཁ་བྱང་ངམ་འགོ་བརྗོད་ལ་གཞིགས་ན། དགེ་འདུན་པ་དེའི་མིང་སོགས་ལོ་རྒྱུས་ཀྱང་ཁ་གསལ་ཞིག་འགོད་དགོས་པ་འདྲ།

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    གྲྭ་བ་ཞིག་གིས་སོ་སོར་གྲི་བཙུགས་ཏེ་རང་ཤི་བརྒྱབ་སོང་། ཞེས་པའི་འགོ་བརྗོད་འདི་གོ་ནོར་ཤིན་ཏུ་ཆེ། རྒྱ་གཞུང་གདུག་རྩུབ་རྐྱེན་གྱི་གྲྭ་པ་ཞིག་རང་ཉིད་ལ་གྲི་བཙུགས་ཏེ་རང་ཤི་བརྒྱབ་སོང་། ལྟ་བུ་མེད་ན་ད་སངས་རྒྱས་བསྟན་པ་ཉམས་ཚར་སོང་ཉམས་པའི་ཚོར་སྣང་མི་བདེ་ཡོང་སྲིད་པ་དང་། མང་པོ་ཞིག་གསར་ཤོག་སོགས་ཀྱི་འགོ་བརྗོད་མ་གཏོགས་ཀློག་ཁོམ་མེད་པ་མི་མང་པོ་ཡོད་པས་གཟབ་དགོས་འདུག

    Reply
  3. tseringdorjee says:
    ལོ་ 15 སྔོན།

    གསར་འགོད་པ་ཚོས་རྩད་གཅོག་ཅིག་གནོངས་དང་། ས་བྱི་ཞི་རྒོལ་ཆེན་མོའི་ཁྲོད་འབྲས་སྤུངས་དགོན་པའི་དགེ་འདུན་པ་འགའ་རེར་གཅར་རྡུང་གིས་བསད་པ་དང་། འགའ་རེ་ཟས་བཀག་ཆུ་བཀག་གིས་གྲོངས་པ། འཇིགས་སྣང་དང་སེམས་སྡུག་གིས་གྲོངས་པ་རེ་མང་པོ་ཞིག་གསར་ལམ་དུ་བསླེབས་ཡོད་ཀྱང་། སོ་སོར་གྲིས་བཙུགས་ཏེ་རང་ཤི་བརྒྱབ་པ་ཞིག་གོ་མ་སོང་། ད་དུང་འདི་དང་འདི་འདྲའི་ཡ་ང་བའི་གནས་ཚུལ་མང་པོ་བཙལ་ཏེ་ཁྱབ་བསྒྲགས་བྱ་དགོས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese