མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཀའ་བློན་ཁྲི་པར་ནམ་ཕེབས་རེད། – རྨོག་རུ་བསྟན་པ།

བོད་ཀྱི་དུས་བབ།
༢༠༡༠/༡༢/༢༩
Share on FacebookShare on TwitterShare on EmailShare on Whatsapp

ཨ་མའི་བུ་ལ་འཇོན་ཐང་ཡོད་ན། བཀའ་བློན་ཁྲི་པར་ནམ་ཕེབས་རེད།

མདའ་མོ་ཚང་རྨོག་རུ་བསྟན་པ།

ཟླ་བ་ཁ་ཤས་ཀྱི་གོང་ནས་བཙན་བྱོལ་བོད་མི་ཡོད་དོ་ཅོག་ལ་འུར་ཟིང་ཆེན་པོ་ཞིག་ལངས་ཡོད་ལ། འུར་ཟིང་འདི་ནི་བཀའ་ཁྲིའི་འོས་མི་བློ་བཟང་སེང་གེ་ལགས་ནས་མགོ་བརྩམས་ཤིང་། བཀའ་ཁྲི་ཐོབ་མིན་གང་ལྟར་ཀྱང་བློ་བཟང་སེང་གེ་ལགས་ཀྱིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་མང་གཙོའི་མི་མང་ཁྲོད་བསྒྲགས་པའི་ཅོང་བརྡ་ཞིག་དང་། ཁོང་ཉིད་བཀའ་ཁྲིའི་འོས་མིར་གཞེངས་བའི་དམིགས་ཡུལ་གྱི་ཡ་གྱལ་ཞིག་ཀྱང་རེད།

ད་རེས་ཀྱི་འོས་བསྡུ་འདིའི་ཁྲོད་ནས་མི་མང་གིས་ཀྱང་མང་གཙོའི་རིན་ཐང་ལ་གོ་བ་ཅིག་རྙེད་ཡོད་ཚོད་ཡིན་ལ། རང་ཚོད་ལ་རང་དཔོག་ཐུབ་མེད་པའི་མི་བུ་མང་པོ་ཞིག་གིས་རང་ཉིད་ཀྱི་ངོ་གདོང་དང་མི་མང་གི་རང་ཉིད་ལ་ངོས་འཛིན་བྱེད་སྟངས་ཐད་རྒྱུས་ལོན་མང་པོ་ཞིག་ཀྱང་བྱུང་ཡོད། ལྷག་པར་རང་ཚུགས་མེད་པའི་སྐུ་ངོ་རེ་ཟུང་གི་ལྗིད་ཁོག་ཏེ་མི་མང་གིས་ངོས་འཛིན་གསལ་པོ་ཐུབ་ཡོད།

ད་ནི་བཀའ་ཁྲིའི་འོས་མི་གསུམ་གྱིས་དངོས་སུ་འགྲན་རྩོད་ཀྱིས་མང་གཙོའི་རིན་ཐང་ལོངས་སུ་སྤྱོད་ངེས་རེད་མོད། འོས་མི་གསུམ་གྱི་ཐ་མ་བཀྲ་ཤིས་དབང་འདུས་ནི་ཤོག་བྱ་རླུང་འཁུར་ལྟ་བུར་ངོས་འཛིན་བྱེད་འོས་པ་ལས་བློ་བཟང་སེང་གེ་དང་། བསྟན་འཛིན་རྣམ་རྒྱལ་གཉིས་ཀྱི་བར་ཏུ་ཧ་ཅང་མི་འཚམ་པ་ཡིན། རྒྱུ་མཚན་ནི་བཀྲ་ཤིས་དབང་འདུས་ལ་ཉེ་འབྲེལ་ལྟོས་ཕྱོགས་ཁག་ཅིག་གིས་རྒྱབ་སྐྱོར་བྱ་ན་ལས་མི་མང་གིས་ཁོ་ལ་རྒྱབ་སྐྱོར་བྱེད་མི་སྲིད་ལ། ཡིད་ཆེས་ཀྱང་བྱེད་མི་སྲིད། འདི་ནི་ཁོས་ཐོག་མ་མགོ་བཙུགས་སྟངས་ནས་ད་ལྟའི་ཀུན་སློང་འཁྱེར་སྟངས་ཀྱི་བར་དུ་ཀྱག་ཀྱོག་གི་ཟུར་ཁ་མང་པོ་ཞིག་སྦས་སྐོང་བྱས་པའི་རང་མདོག་ངོ་མ་དེ་མི་མང་གིས་མཐོང་ཚར་བས་རེད།

བློ་བཟང་སེང་གེ་ལགས་ཀྱི་རྣམ་དཔྱོད་དང་། སྤོབས་པ། གདེང་ཚོད་བཅས་ཀྱིས་མི་མང་པོ་ཞིག་ལ་འགུལ་བསྐྱོད་ཐེབས་ཡོད་པ་མ་ཟད། གསར་བུ་དར་མའི་ངར་ཤུགས་དང་། མི་རབས་གསར་བའི་འབོད་སྒྲ་དེ་ཡིས་ཁོང་ལ་སྔོན་འགྲོའི་འོས་བསྡུའི་སྐབས་བསམ་ཡུལ་ལས་བརྒལ་བའི་འོས་གྲངས་ཤིག་བྱུང་བ་རེད། མི་མང་གི་ཚོར་བ་དང་། མི་མང་གི་ཡིད་ཆེས་དེ་རླུང་འཚུབ་བཞིན་ལྡང་ནའང་། རླུང་འཚུབ་གཡུག་ཤུལ་གྱི་དེ་རིང་མི་མང་གིས་ཀྱང་བསམ་གཞིགས་བྱེད་བཞིན་པ་དང་། རིག་པ་སྒྲིམ་བཞིན་པའི་དུས་ཚོད་ཅིག་རེད། སྲང་ལམ་ནས་གཞུང་ཞབས་བར་གྱི་མི་མང་ཚོས་གླེང་བཞིན་པ་དང་འཚོལ་བཞིན་པ་ནི་བཀའ་ཁྲིའི་འོས་མི་དག་གི་སྐྱོན་ཕྱོགས་ནས་བགྲོ་གླེང་བྱེད་བཞིན་པ་ཡིན་པས། བློ་བཟང་སེང་གེ་ལགས་ཀྱིས་མི་མང་ཁྲོད་གཏམ་བཤད་གནང་བ་དང་། བརྒྱུད་ལམ་ཁག་ལ་བཀྲམས་པའི་ལོ་རྒྱུས་ཀྱི་ཁྲོད་དུ་དངོས་འབྲེལ་ཡིན་མིན་གྱི་དོགས་གཞི་མང་པོ་ཞིག་ཡོད་པ་ནི་མི་མང་གི་དཔྱད་གཞིའི་གཙོ་བོ་ཆགས་ཡོད།

སྔོན་འགྲོའི་འོས་བསྡུའི་སྐབས་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་སུ་འོས་མི་མང་པོ་བྱུང་མེད་ལ། བློ་སེང་དང་བསྡུར་ན་ཧེ་བག་ཆེན་པོ་རེད། དེ་ལ་རྒྱུ་མཚན་གཙོ་བོ་བཞི་ཡོད། གཅིག་ནི་བློ་བཟང་སེང་གེ་ནང་བཞིན་བཀྲས་མཐོང་ལགས་ཀྱིས་ཕྱོགས་བསྐྱོད་ཀྱི་སྐུ་ལས་བསྐྱོན་མེད་པ་དང་། དྲིལ་བསྒྲགས་ཀྱི་ཁྱབ་རྒྱ་ཆུང་སོང་བས་རེད། གཉིས་པ་ནི་བཀྲས་མཐོང་ལགས་ཀྱི་གཏམ་བཤད་དང་། དྲིས་ལན་ཚང་མ་སྦུག་སྦུག་བྱས་ཏེ་བཀའ་ཁྲིར་བཞེངས་རྗེས་ཀྱི་དམིགས་ཡུལ་དང་འཆར་གཞི་མང་པོ་ཞིག་ཁ་གསལ་མ་དོད་པས་རེད། གསུམ་པ་ནི་བཀྲས་མཐོང་གི་རྒྱབ་སྐྱོར་བ་ཚོས་བཏང་སྙོམས་དང་ཚད་ལྡན་གྱི་བྱ་སྤྱོད་དང་ལེན་བྱས་པ་ལས་ཧམ་བཤད་དང་ས་ཁོངས། ཡུལ་ལུང་སོགས་ཀྱི་ཕྱོགས་རིས་བྱས་མེད་པས་རེད། བཞི་བ་ནི་བཀྲས་མཐོང་རང་ལ་རྒྱབ་སྐྱོར་བྱེད་མཁན་ཚོར་ཡང་ཁོ་བོས་འབྲེལ་བ་མ་བཟུང་བ་དང་། ཡ་ལན་མ་སྤྲད་པ་སོགས་མང་པོ་ཞིག་ཐང་ཆད་དུ་བཅུག་པས་རེད། ཕམ་ཉེས་ཀྱི་རྒྱུ་རྐྱེན་འདི་ཚོ་བཀྲས་མཐོང་རང་ངོས་ནས་ཚོད་དཔག་བྱེད་ཐུབ་ཡོད་ཚོད་ཡིན།

བཙན་བྱོལ་བོད་མིའི་རྒྱལ་ཡོངས་རང་བཞིན་གྱི་འོས་བསྡུ་ཆེན་མོར་ཉིན་གྲངས་བརྒྱད་ཅུ་ལས་མེད་པས་དེང་ནས་མི་མང་གིས་རིག་པ་སྒྲིམ་དགོས་པའི་དུས་ཚོད་ལ་སླེབས་སོང་། འདི་ནི་དཀོན་མཆོག་གི་བྱིན་རླབས་ལ་རེ་དགོས་པ་ཞིག་དང་། གནས་སྐྱོང་སོགས་ཀྱི་བཀའ་ལུང་ལ་སྒུག་དགོས་པ་ཞིག་མིན་པར་མི་མང་རང་གིས་བསམ་བློ་དང་གྲོས་བསྡུར། གདམ་ཀ་མ་ནོར་བའི་སྒོ་ནས་ཐག་གཅོད་བྱེད་དགོས་པ་ཞིག་ཡིན་པས།༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་བགྲེས་ཡོལ་མ་གནང་ཡང་། དགུང་གྲངས་བརྒྱད་ཅུར་སླེབ་ཉེའི་མཚམས་སུ་ཕེབས་ཡོད་པས་བཙན་བྱོལ་བོད་མའི་སྲིད་གཞུང་གི་ཆབ་སྲིད་ཀྱི་ཐུགས་འགན་ཆེ་ཤོས་དེ་བཀའ་བློན་ཁྲི་པ་རང་ངོས་ནས་འགན་འཁུར་ཐུབ་དགོས་པའི་དུས་ཚོད་ཀྱི་ཆགས་ཀྱིན་ཡོད།

བློ་བཟང་སེང་གེ་ལགས་ཀྱི་རྒྱབ་སྐྱོར་བ་ཞིག་གིས་བཤད་དོན། གལ་སྲིད་བློ་བཟང་སེང་གེ་ལགས་བཀའ་བློན་ཁྲི་བ་མ་ཐོབ་ན་བཙན་བྱོལ་ནང་ཕྱག་རོགས་བཀའ་བློན་ནམ་གཞན་པའི་ཕྱག་ལས་གང་ཡང་གནང་གི་མ་རེད་ཟེར། དེ་ནི་ཧམ་པ་ཙམ་ལས་ཚད་ལྡན་གྱི་སྐད་ཆར་ངོས་འཛིན་བྱེད་ཐུབ་མ་སོང་། དགུང་གྲངས་བཞི་བཅུ་ལས་མ་སོན་ཞིང་། བོད་མི་རིགས་ཆེད་མི་ཚེར་དཀའ་ལས་རྒྱག་རྒྱུར་ཁས་འཆེ་གནང་བའི་བློ་བཟང་སེང་གེ་ལགས་སྐབས་གསུམ་པའི་བཀའ་བློན་ཁྲི་བའི་འོས་བསྡུ་ལས་ཕམ་ན་ཁོང་ཉིད་ཡོངས་སུ་ཕམ་པ་ཞིག་ག་ལ་ཡིན།༸གོང་ས་མཆོག་དགུང་གྲངས་བརྒྱད་ཅུ་ནས་ཡར་ལ་བརྩིས་པའི་བཀའ་བློན་ཁྲི་པ་དེ་དེ་ལས་ཀྱང་གལ་ཆེར་ཆགས་ཀྱིན་ཡོད་པས་ཨ་མའི་བུ་ལ་འབྱོན་ཐང་ཡོད་ན། བཀའ་བློན་ཁྲི་བར་ནམ་ཕེབས་ཡིན་པ་ནི་བོད་མི་རིགས་ཀྱི་རེ་བ་དང་ལས་སྐལ་གྱི་བསྐོས་ཐང་ཞིག་ཀྱང་རེད།

འབྲེལ་ཡོད་གསར་འགྱུར།

Mobile App

བཙན་འོག་གི་གྲོས་མཐུན་དོན་ཚན་ ༡༧ ནུས་མེད་ཆགས་པ་རྒྱལ་སྤྱིའི་ཐོག་ཁ་གསལ་བཟོ་དགོས།

ཆུ་ཚོད་ ༢༠ སྔོན་ལ།
དབྱིན་ཇིའི་རྒྱལ་ཁབ་སི་ཀོ་ཊི་ལན་ཌིས་༧གོང་ས་མཆོག་གི་ཡང་སྲིད་ཀྱི་གནད་དོན་ཐད་ལངས་ཕྱོགས་གསལ་བོ་བཟོས་འདུག བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས། ༢༠༢༥།༥།༢༣
Mobile App

སི་ཀོ་ཊི་ལན་ཌིས་༧གོང་ས་མཆོག་གི་ཡང་སྲིད་ཀྱི་བདག་དབང་ཐད་ལངས་ཕྱོགས་བརྟན་པོ་བཟོས་འདུག

ཆུ་ཚོད་ ༢༠ སྔོན་ལ།
ཧཱ་ཝར་ཌི་གཙུག་ལག་སློབ་གཉེར་ཁང་། དྲ་ལམ་གྱི་པར།
Mobile App

ཧཱ་ཝར་ཌི་གཙུག་ལག་སློབ་གྲྭར་རྒྱལ་སྤྱིའི་སློབ་མ་བཀག་སྡོམ་གནང་འཆར་ཡོད་འདུག

ཆུ་ཚོད་ ༢༤ སྔོན་ལ།
དྷ་ས་ས་གནས་མགོ་འཛིན་དཀོན་མཆོག་མིག་དམར། དུས་བབ་ཀྱི་པར། ༢༠༢༢།༦།༤
Mobile App

དཀོན་མཆོག་མིག་དམར་ལགས་བསྐྱར་དུ་དྷ་ས་ས་གནས་མགོ་འཛིན་དུ་འདེམས་ཐོན་བྱུང་།

༢༠༢༥/༠༥/༢༣
བོད་ཀྱི་གནས་མཆོག་གངས་རིན་པོ་ཆེ། དྲ་ལམ་གྱི་པར།
Mobile App

རྒྱ་གར་གྱི་གནས་མཇལ་བ་ ༧༥༠ གངས་རིན་པོ་ཆེར་གནས་མཇལ་དུ་གཏང་རྒྱུ་ཡིན་འདུག 

༢༠༢༥/༠༥/༢༢
༸གོང་ས་མཆོག གསར་འགྱུར།

ཡེ་ཤུ་ཆོས་དཔོན་ཕོབ་ལེའོ་མཆོག་ལ་༧གོང་ས་མཆོག་དང་ལྷན་དུ་མགྱོགས་མྱུར་མཇལ་འཕྲད་གནང་བའི་འབོད་སྐུལ་ཞུས།

༢༠༢༥/༠༥/༢༢

མཆན། 31

  1. ཁུ་བྱུག་། says:
    ལོ་ 14 སྔོན།

    མཁས་དབང་བློ་བཟང་སེང་གེ་ལགས་ནི་བོད་མི་རིགས་ཀྱི་གསར་སྐྱེས་ཤེས་འཇོན་གཉིས་ལྡན་གྱི་མི་རབ་གསར་པ་ཞིག་དང་། བོད་མི་ཡོངས་ཀྱི་རེ་འདུན་ཞུ་འུས་པའི་མ་འོངས་པའི་བཀའ་བློན་ཁྲི་པ་ངོ་མ་དེ་ཡིན་།

    Reply
  2. བསྟན་འཛིན་འཕགས་པ། says:
    ལོ་ 14 སྔོན།

    ཨ་མའི་བུ་ཁྱེད་ཀྱིས་ཁ་ཁ་རོག་སྡོད་ན་དགའ་།
    ཁྱེད་ཀྱིས་དུས་བབ་ཚང་གིས་དག་ཞིང་འདིའི་ནང་། མིང་འདྲ་མིན་མང་དག་བཟོ་ནས་ཕུ་དཀྲུུག་མདའ་དཀྲུུག་བྱེད་པ་ཧ་ཅང་རྫབ་ཆེན་ཡིན་པ་ཁྱེད་ཀྱིས་ཤེས་གལ་ཆེ་བ་མཐོང་།

    ད་དུང་སྐོག་ཟ་རུལ་སུངས་ཀྱི་བཀྲས་མཐོང་ལ་རྒྱབ་སྐྱོར་ཡོད་ཁུལ་གྱིས་གཞན་ལ་མ་ཉེན་སྐྱོན་འཛུག་སོགས་མང་
    དག་བྱེད་པ་དགྲ་དགའ་གཉེན་སྡུག་ལས་གཞན་ཕན་ཐོག་གང་ཡང་མེད་དོ། བསམ་བློ་ཡག་པོ་ཞིག་མཐོང་དང་ང་ཚོའི་མགོ་འཁྲིད་དེ་སྐོག་ཟ་རུལ་སུངས་དང་ཆོལ་ཁ་གཅིག་ལ་ཤ་ཚར་དང་ཞེན་ཁོག་ཡོད་ཟེར་ནས་ཟ་བཏགས་རྒྱབ་མཁན་ཞིག་ནམ་ཡང་མི་དགོས་།
    ཨ་མའི་བུ་ཁྱེད་ཀྱིས་གཟིགས་དང་གད་མོ་རང་རེད་ཧཧཧ ༢༠༡༡ཟླ་༡་ཚེས་༤་ཉིན་ཁྱེད་ཀྱིས་སྟོན་པའི་རྩོམ་བྲིས་སྨོན་འདོན་ཞུ་སྐྱོན་རྒྱོད་བཟོ་སྐུ་ངོ་བཀྲས་དབང་མཆོག་ལ་ཧཧཧ སྨྱོན་པ་རང་

    Reply
  3. ཨ་མའི་བུ། says:
    ལོ་ 14 སྔོན།

    སྐུ་ངོ་བཀྲས་དབང་མཆོག་གི་གདོང་རིས་གཞི་ནས་གསལ་སོང་། ང་ལྟ་བུར་མཚོན་ན་བཀྲས་དབང་མཆོག་ལ་དེ་ཙམ་གྱི་རྒྱུས་མངའ་མེད་ཀྱང་ད་ཐེངས་ཁོང་གིས་ཡ་མ་གཟུགས་ཀྱིས་གནང་སྟངས་དེ་རང་ནས་ཁོང་གི་འདས། མ་འོངས། ད་ལྟའི་གནས་བབ་ཡོངས་སུ་རྟོགས་སོང་། ད་རྒྱུག་ཁྱི་ཁྱོད་ཚར་སོང་། མཇུག་མ་གཡུགས་ཀྱང་སྟོང་པ་རེད།

    Reply
  4. ཨ་མའི་བུ། says:
    ལོ་ 14 སྔོན།

    བཀྲ་ཤིས་དབང་འདུས་ལགས་ལ་བཀའ་ཁྲིར་ཐོབ་པའི་སྨོན་འདུན་དང་། མ་མཐའ་ཡང་བཀའ་བློན་གྱི་གོ་གནས་ཞིག་ཐོབ་པའི་སྨོན་འདུན་ཞུ། ལས་བྱེད་རྙིང་པ་ཞིག་ཡིན་པས་སོ། །

    Reply
  5. བཀྲ་ཤིས། says:
    ལོ་ 14 སྔོན།

    མང་གཙོ་ཟེར་བ་གང་འདྲ་ཞིག་ལ་ཟེར་གྱི་ཡོད་མེད་མི་ཤེས་པའི་མི་བུ་དག་གིས། མང་གཙོའི་ཐོབ་ཐང་ལེན་པ་ནི། སྤྱི་ཚོགས་འདིའི་ཁུར་བོ་ཞིག་གམ་ཡང་ན་མང་ཚོགས་ནང་གི་ནད་རྙིང་ཞིག་ཡིན་པ་ལས། ང་དང་ང་འདྲ་དག་ལ་དགོས་མཁོ་ཡོད་པའི་སྨྲ་ཤེས་དོན་གོ་བའི་མི་ཞིག་མིན་པ་ནི། ཁོ་པ་ཚོའི་ནེ་ཙོས་མ་ཎི་འདོན་པ་དང་། འུག་པས་ཆོས་བཤད་བྱེད་པ་ལྟ་བུའི་སྐད་ཆ་དེ་དག་ལས་ཤེས་ཐུབ།
    དོན་དང་ལྡན་པའི་སྐད་ཆ་འགའ་ཤས་ཤིག་དོགས་སེལ་གྱི་ཚུལ་དུ་ཞུ་འདོད་པ་ནི། བོད་གཞུང་སློབ་གྲྭ་མཐར་ཕྱིན་ཏེ་ལྷོ་ཨེ་ཤེ་ཡའི་ནང་དུ་མཁས་པའི་མཚན་སྙན་ཐོབ་པའི་གང་ཟག་ཁྱད་པར་བ་ཞིག་ལ་བོད་ཡིག་མི་ཤེས་པའི་སྐྱོན་བརྗོད་བྱེད་པ་ནི། ཞེ་སྡང་གི་མེ་ལྕེ་ཁོག་ནས་འབར་ཏེ། ཕྱོགས་ཞེན་གྱི་དུང་བ་ཁ་ནས་ཐོན་པ་ཞིག་ལས། གནས་ལུགས་དང་རྒྱུ་མཚན་ལྡན་པའི་བདེན་གཏམ་ཞིག་ག་ལ་ཡིན།

    ཡང་བློ་གྲོས་རབ་བརྟན་ཟེར་བ་ཞིག་གིས། :གྲུབ་འབྲས།བཟང་སླ་ང་གང་བོ། ངན་སྐྱོགས་གང་གིས་བརླག་སོང་:ཞེས་བཀྲས་དབང་ལ་སྐྱོན་བརྗོད་བྱེད་ཁུལ་བྱས་ཀྱང་། ཁོས་བཤད་པ་ལྟར་ན་སྐུ་ངོ་བཀྲ་ཤིས་དབང་འདུས་ལགས་ཀྱི་རྐྱོན་ནི་ཁོང་བཀའ་ཁྲིའི་འོས་མིར་བཞངས་པ་དེ་རེད་འདུག དངོས་གནས་གད་མོ་ཤོར་ཡ་རང་རེད།

    Reply
  6. ཨ་མའི་བུ། says:
    ལོ་ 14 སྔོན།

    ཨ་རོགས་ཚོ་བློ་སེང་གི་ སྐད་ཆར་ཉོན་དང་། ༢༠༠༦ བློ་སེང་གི་བྱང་ཨ་རིའི་སྤྱི་འཐུས་ཀྱི་འོས་མིར་ཐོན་ཀྱང་ཁོ་བས་དགོངས་པ་བཞུས་ ཡོད། རྒྱུ་མཚན་ནི་ཁོ་བ་བོད་མང་གི་སྤྱི་འཐུས་བྱས་ན་ཁོ་བའི་ལས་ཀ་ཤོར་དོགས་ཀྱི་ཁོ་ བས་སྤྱི་འཐུས་ཀྱི་འོས་ནས་ཕྱིར་འཐེན་བྱས་ཡོད། བོད་པའི་ཁ་དཔེར་ཆོས་བཤད་འཁྲམ་པའི་ཁ་ལ་ཡོད་ཟེར་བ་ལྟར་ཁོ་བས་༼ང་རང་་མ་་ཤི་་ བར་བོད་སྤྱི་པའི་རྩ་དོན་ཆེད་དུ་ལས་ཀ་བྱེད་རྒྱུའི་དམ་བཅའ་བརྟན་པོ་ཡོད་༽ཅེས་ མི་མང་མགོ་སྐོར་གཏོང་གི་ཡོད།

    རྣམ་རྒྱལ་ལགས་ཀྱི་དྲི་ བ་ཁག་ལ་ཁོ་བས་ལན་ཐེབས་ཀྱི་མི་འདུག་འདྲེ་ཤར་སྒོར་བཞག་ཏེ་གླུད་ནུབ་སྒོར་བཏང་ ཞེས་པའི་དཔེ་ལྟར་ཁོ་བས་ཏན་ཏན་བོད་པའི་སྐད་ཡིག་གི་ཐོག་ལ་ཀླད་སྟོང་བ་རང་རེད་ འདུག

    ཨ་རོགས་ཚོ་བསམ་བློ་ གཏོང་དང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་འདི་བོད་གཞུང་གི་ཁ་གཏད་ རེད་དམ་ཡང་རྒྱ་དམར་གཞུང་གི་ཁ་གཏད་རེད། བློ་སེང་གིས་གཞོན་ནུ་ལྷན་ཚོགས་འདི་བོད་གཞུང་གི་ཁ་གཏད་རེད་ལབ་སོང་།

    ༸གོང་ས་མཆོག་གི་རྒྱ་ མི་་དང་མཐུན་འབྲེལ་བྱེད་དགོས་ཞེས་ ༢༠༠༨ ལོར་བོད་ནང་གི་གཟིངས་འཁྲུགས་ཆེན་པོ་ལངས་པའི་རྗེས་སུ་གསུངས་པ་ཞིག་ལས་ ༢༠༠༥ ནང་ལ་རྩ་བ་ནས་མེད་སྐུ་མཁྱེན་རྫུན་མི་ཤོད་རོགས།

    ཁོ་བར་དྲི་བ་ཞིག་འདུག་ རྒྱུ་མཚན་གང་གི་ཕྱིར་འཕྲོད་བསྟེན་ཡིན་ན་འཕྲོད་བསྟེན་གྱི་ཐོག་ཉམ་མྱོངས་བསགས་ མྱོང་འདེམས་པའི་དགོས་པའི་རྒྱུ་མཚན་གང།
    ག་དུས་ཡིན་ནའང་སྔ་ཕྱི་རྒྱབ་འགལ་རྐྱང་རྐྱང་མི་ཤོད་རོགས་བློ་སེང་།

    Reply
  7. བསྟན་འཇམ says:
    ལོ་ 14 སྔོན།

    ཆབ་སྲིད་པ་ཆེ་གེ་མོ་ཞིག་གིས་མང་ཚོགས་ཀྱི་ཆུ་སྣ་གར་འཁྲིད་བྱས་སྟེ་བོད་མིའི་ལས་དབང་ངོ་མ་དེ་ནམ་ཡང་རྟོགས་མེད་ལ་། བཀའ་ཁྲིའི་མ་འོངས་པ་བློ་ཡུལ་ཙམ་ལ་ཡང་འཁོར་མྱོང་མེད །
    བཀའ་ཁྲིའི་དར་རྒུད་ནི་བོད་མིའི་ཉམས་རྒུད་མིན་ཀྱང་བོད་མིའི་སྐྱིད་སྡུག་ནི་བཀའ་ཁྲི་ལ་ཁེད་དགོས་པ་༧་གོང་ས་མཆོག་གིས་ཆེས་བགྲེས་ཡོལ་ཞེས་པའི་བཀའ་གསུང་ལས་ཤེས་དགོས ། བོད་མིའི་བདེན་མཐའ་སེལ་ཐུབ་མིན་ནི་བཀའ་ཁྲི་ལོ་ཆེ་ཆུང་ལ་རེག་ལས་མེད །

    Reply
  8. དམར་ཁ་ཚ། says:
    ལོ་ 14 སྔོན།

    བཀའ་ཁྲིའི་འོས་མི་མཁས་དབང་བློ་བཟང་སེང་གེ་ལགས་དང་།བཀྲས་མཐོང་ཚང་བསྟན་འཛིན་རྣམ་རྒྱལ་ལགས།།སྐུ་ངོ་བཀྲ་ཤིས་དབང་འདུས་སོགས་རླབས་ཆེན་གྱི་མི་དག་མེད་ན་ང་ཚོར་བཀའ་ཁྲིའི་འོས་བསྡུའི་ཚོར་བ་དང་།ཟིང་ཆ་འདི་དག་ཀྱང་ཡོད་ངེས་པ་མ་རེད།མང་གཙོའི་འཁྲྲུག་ཆ་དོད་པོ་འདི་ཁོང་ཚོའི་བཀའ་དྲིན་རེད།
    སྐབས་སྔོན་མ་དག་ཏུ་བཀའ་བློན་ཁྲི་བ་རིན་པོ་ཆེ་མཆོག་དང་།སྐུ་ངོ་འཇུ་ཆེན་གྱི་འོས་འགྲན་སྐབས་མི་མང་ཁྲོད་མང་གཙོའི་འགྲན་རྩོད་ཀྱི་ཟིང་ཆ་འདི་ལྟ་བུ་ག་ལ་ཡོད།
    ཟམ་གདོང་རིན་པོ་ཆེ་དང་ཁོང་ལ་རྒྱབ་སྐྱོར་བྱེད་མཁན་ཚོས་ཀྱང་བཀའ་ཁྲི་ཁོང་ཉིད་ཡིན་ཤག་ཤག་དང་།སྐུ་ངོ་འཇུ་ཆེན་ལ་རྒྱབ་སྐྱོར་བྱེད་མཁན་ཚོས་ཀྱང་སྐུ་ངོ་ཤོར་ཤག་ཤག་རེད།
    ད་ལམ་ངོ་མ་ལྟད་མོ་ལྟ་རྒྱུ་དང་ཉན་རྒྱུ་གཉིས་ཀ་འདུག་གཱ་་་ཡིན་ཡང་བཀྲས་མཐོང་རྗེས་འབྲངས་པས་བཀྲས་མཐོང་གི་དངུལ་ཟས་རབས་དང་།བློ་སེང་གི་རྗེས་འབྲངས་བས་བློ་སེང་གི་དངུལ་ཟས་རབས་སོགས་ཀྱི་འཁོན་འཛིན་དེ་ཟིང་ཆ་དང་ཕྱོགས་ཞེན་ཙམ་ལས་གང་ཡང་མེད།
    དེ་རིང་ངས་གྲྭ་སའི་མི་མང་པོ་ཞིག་གི་དངོས་ཡོད་སྐད་ཆ་བཤད་འདོད་བྱུང་།ཁོང་ཚོ་ཟེར་དོན།ང་ཚོ་བློ་བཟང་སེང་གེ་ལགས་སུ་ངོ་མ་དགའ།ལྟ་བ་དང་ཀུན་སྤྱོད།ལྷག་པར་ཉེ་ལམ་གདན་སར་སླེབས་པའི་གཏམ་གྱིས་དགའ་སོང་ཟེར།
    ཡིན་ཡང་།རྒྱབ་སྐྱོར་བྱེད་མཁན་སྐོར་ཞིག་གི་བྱ་སྤྱོད་ལ་བལྟས་ན་ཐང་ཆད་དུ་འཇུག་གི་ཟེར།རྒྱབ་སྐྱོར་བ་ཚོས་འོས་མི་གཞན་གྱི་འདྲ་པར་རལ་བ་དང་།དམའ་འབེབས་ཁྱད་གསོད་བྱེད་སྟངས་དེས་ངོ་མ་ཁོ་ལ་ཕན་རྒྱུ་ཕར་བཞག་་གནོད་ཆེན་པོ་བསྐྱལ་གྱིན་འདུག་ཟེར།
    འདི་མཁས་དབང་བློ་བཟང་སེང་གེ་སྐུ་ཉིད་ནས་ཤེས་གལ་ཆེ་བ་མ་ཟད་རྒྱབ་སྐྱོར་བ་ཚོས་ཀྱང་ངེས་པར་ཤེས་དགོས་པ་ཞིག་རེད།

    Reply
  9. ཨ་མའི་བུ། says:
    ལོ་ 14 སྔོན།

    སྙིང་ཉེ་བའི་ཀློག་པ་ པོ་རྣམ་པ་ལགས། སྤྱིར་བཏང་གི་ངས་ཅི་ཡང་མི་ཤེས་པ་དང་ང་ཚོས་ཁོར་ཡུག་གི་རྨོངས་བ་ཧ་ཅང་སྟུག་པ། མི་བུ་མང་མང་གི་བསམ་བློའི་མིག་ཁ་ཕྱེས་མེད་པ་སོགས་གཞི་བྱས་ཐོག སྐད་ཆ་དྲང་མོ་རེ་བཤད་ཀྱང་ནུས་པ་ཆེར་མེད་མོད་ང་ནི་རང་ཉིད་རང་གི་བསམ་བློའི་ ཆེད་དུ་གསོན་པ་ཞིག་ཡིན་ཕྱིར་དང་་་་་་།
    གོང་ཞུས་རྒན་ལྷ་བཟང་ཚེ་རིང་དང་སྐྱེས་སར་ཀླུ་སྒྲུབ་སོགས་དྲ་གྲོགས་ཁ་ཤས་ཀྱིས་ བཤད་པར་གནས་ལུགས་ཧ་ཅང་ཡོད་པར་སྙམ་ལ། འདི་ནི་དོན་དངོས་ཐོག་གཟབ་དགོས་ས་ཞིག་ཀྱང་རེད་འདུག གལ་སྲིལ་མི་རིགས་རང་གི་སྐད་ཡིག་གི་སྟེང་ནས་ཟིན་བྲིས་ཙམ་ཡང་འབྲི་མི་ནུས་པའི་ སྐྱེས་བུ་ཞིག་རྒྱལ་ཁབ་ཞིག་གི་བཀའ་ཁྲིར་བསྡད་པ་ཡིན་ན་མི་རིགས་གཞན་དང་རྒྱལ་ ཁབ་བཞན་གྱིས་ང་ཚོར་ཅི་ཞིག་ཟེར་རམ། ཐ་ན་རྒྱ་ནག་གཅིག་པུས་ཀྱང་་་་་་།
    ད་དུང་ད་ལོའི་ཉིན་ཞིག་ལ། བློ་བཟང་སེང་གེ་མཚན་ཉིན་གྲྭ་ཚང་གིས་གདན་ཞུས་ལྟར་ང་ཚོ་ཕྱི་དྲོའི་ཆུ་ཚོད་ལྔ་ པའི་སྟེང་མཚན་ཉིད་ཚོགས་ཁང་དུ་འཛོམས་ཤིང་ཆུ་ཚོད་གསུམ་ཙམ་དུ་གཏམ་བཤད་དང་བགྲོ་ གླེང་བྱས། མཐར་གྲྭ་བཙུན་ཞིག་གིས་བཀའ་འདྲི་ཞུ་རྒྱུར་་་ཁྱེདཀྱིས་རྩོམ་ཡིག་མང་པོ་འབྲི་ བཞིན་ཡོད་གསུང་པ་དེ་དག་བོད་ཡིག་གི་སྟེང་ནས་འབྲི་བཞིན་ཡོད་དམ་དབྱིན་ཇིའི་ སྟེང་ནས་འབྲི་བཞིན་ཡོད། ཡང་རྗེས་སོར་ང་ཚོའི་དུས་དེབ་དང་ཚགས་པར་གང་ཞིག་ལས་མཇལ་ཐུབ་པ་རེད་་་ཅེས་དྲིས་ པར་ཁོང་གིས་གསུང་དོན། དུས་བབ་དང་པང་ཆེན་སོགས་ལས་མཐོང་ཐུབ་ཀི་རེད་གསུང་པ་ལས་དྲི་བ་དང་པོ་དེར་ཁྱོན་ ནས་ལན་བརྒྱབས་མ་སོང་ལ་དེར་གནད་དོན་ཞིག་ཡོད་པ་ནི་ཁོ་རང་གི་གསང་པ་ཤོར་འགྲོ་ བས་ཡིན་པ་ནི་བདེན་པ་དང་དངོས་ཡོད་་ཡིན་པ་དེ་འོ།།

    Reply
  10. བསྟན་འཛིན་འཕགས་པ། says:
    ལོ་ 14 སྔོན།

    ཧཧཧོ་། ་ཀླད་སྟོང་བཤད་སྒྲུག་ལགས་།
    ཤ་ཚ་སྙིང་རྗེ་རང་ལ་ཡོན་གཏན་སྤུ་ཙམ་མེད་མཁན་ཞིག་གིས་རང་སྐྱོན་རང་གི་མ་མཐོང་གཞན་གད་ཤོར་།
    ཆོལ་ཁ་ཆོས་ལུགས་དང་སྤུན་མཆེད་ཉེ་འབྲས་བར་ཕུ་དཀྲུག་འདའ་དཀྲུག་མང་དག་བྱེད་པའི་ནག་ཉེས་ཀྱི་འབྲས་བུ་ཁྱེད་ཀྱིས་ལུས་ལ་གཟིགས་དང་། ཧཧཧ
    སེར་སྣ་དང་ཕྲག་དོག་འགྲེན་སེམས་ཀྱིས་ཁེངས་པའི་བློན་པོ་ང་རྒྱལ་ཅན་། ཁྱེད་རང་གྲོགས་མེད་ཁེ་ཅང་དུ་སྡོད་དགོས་ཧ་ཅང་སྐྱོ་།།
    བགྲོ་གླེང་ལ་ཕེབས་དང་ཞུ་ཆོག་།།

    Reply
  11. རྨོག་རུ་བསྟན་པ། says:
    ལོ་ 14 སྔོན།

    དྲ་གྲོགས་བསྟན་འཛིན་འཕགས་པ་ལ།
    ཁྱེད་ཀྱི་ཟིན་བྲིས་ཀྱི་མདུན་ངོར་བཀོད་པའི་བསམ་གཞིགས་ཀྱི་ཁ་ཕྱོགས་དེ་དག་ལ་དགའ་བོ་བྱུང་།
    ནམ་ཡང་ལངས་ཕྱོགས་དང་དམ་ཚིག་མི་འགྱུར་བའི་རེ་འདུན་ཡོད།

    Reply
  12. རྨོག་རུ་བསྟན་པ། says:
    ལོ་ 14 སྔོན།

    ངེད་ཀྱི་རྩོམ་ཡིག་འབྲེལ་ཀྱི་མཆན་བུ་འདེབས་མཁན་དང་།བསམ་ཚུལ་གསུང་མཁན་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།རྒྱུ་མཚན་ནི།རྩོམ་ཡིག་འབྲི་བའི་དགོས་པ་ནི་ཀློག་པ་པོའི་རེ་འདུན་བསྒྲུབ་ཕྱིར་དང་།ཀློག་པ་པོར་ཚོར་བ་བསྐྲུན་ཕྱིར་ཡིན་པས་སུ་ཞིག་གིས་ངེད་ཀྱི་རྩོམ་ཡིག་འདི་ཀློག་པ་ཙམ་གྱིས་ཀྱང་ངེད་ཀྱི་བསམ་འདུན་འགྲུབ་པ་ཡིན།
    བསྟན་འཛིན་འཕགས་པ་དང་ཨ་མའི་བུ་སོགས་ནས་བློ་བཟང་སེང་གེ་ལགས་སུ་རྒྱབ་སྐྱོར་དང་དགག་བཞག་བྱེད་ཀྱིན་འདུག་མོད།དེ་ནི་ང་ཚོས་དོན་དངོས་མ་ཡིན།མི་རེ་ལ་ལྟ་གྲུབ་ཡ་གྱལ་བ་རེ་ཡོད་ཡོད་པ་ཡིན་པས་ལྟ་གྲུབ་ཚང་མ་གཅིག་བསྒྲིལ་ཏེ་རྒྱ་གུང་ཁྲན་གྱི་དྲག་གནོན་གྱིས་ཀྱང་ཡོང་གིན་མེད་པ་རེད།ལྷག་པར་མང་གཙོའི་སྤྱི་ཚོགས་ཀྱི་ཐོབ་ཐང་དང་རང་དབང་རེད།
    དྲང་བདེན་གྱི་སློང་མོ་བ་ཟེར་བ་ཞིག་གིས་ངེད་ཀྱི་རྩོམ་ཡིག་འདིར་དགག་ལན་ལྟ་བུ་བྲིས་ཁུལ་འདུག་ཀྱང་།དེ་ནི་དོན་དངོས་ཀྱིས་རྩོད་སྒྲུབ་ཞིག་མིན་པར་རྨོག་རུ་སྤྱི་འཐུས་སུ་ལངས་བར་མིག་ཚ་བའི་ཚོར་བ་ཞིག་ཡིན་པས་ཡ་ལན་བྱེད་འདོད་མ་བྱུང་བ་མ་ཟད།ཁོ་ལ་ཕྱི་ལུགས་ཀྱི་གནམ་ལོ་གསར་ཚེས་ལ་བཀྲིས་བདེ་ལེགས་ཞུས་ཡོད།འདི་ནི་ཆབ་སྲིད་གང་ཡང་མིན་ལ།བདག་ལ་མི་སྙན་བརྗོད་པ་དེ་དག་ལའང་།།བདག་ནི་ལྷག་པར་མ་བཞིན་བྱམས་པར་ཤོག་ཟེར་བ་དེང་སང་གི་ཉམས་ལེན་དང་ལག་ལེན་ཡིན།
    ད་དུང་མུ་མཐུད་རྨོག་རུའི་མ་འགྲིག་པ་དང་མ་འཐུས་པའི་གནས་བབ་ལ་དགག་བྱ་དང་ཁོང་ཁྲོ་གང་ཡང་མེད།
    ཡིན་ནའང་།དུས་བབ་ཚང་ལ་བརྗོད་གཞི་དང་འཚམ་པའི་མཆན་ལ་ཞིབ་གཤེར་བྱས་དགོས་པར་འབོད་སྐུལ་ཞུས་ཡོད་ལ་ད་དུངའང་ཞུ་རྒྱུ་ཡིན།
    གསལ་བཤད་གཅིག་ནི།
    དྲང་བདེན་གྱི་སློང་མོ་བ་ཟེར་བའི་མིང་འདི་གནས་ལུགས་ལས་འགལ་བ་ཞིག་རེད།གལ་སྲིད་དྲང་བདེན་ཡིན་ན་བོད་ཀྱི་མི་གཤིས་གཙིགས་སུ་བཟུང་ཏེ་སྟག་དང་སེང་གེ་་འབྲོང་གཡག་སོགས་ཀྱི་རང་ཚུགས་དང་ལ་རྒྱ་ངོ་མའི་སྟེང་དངོས་མིང་བཤད་དེ་མདུན་ལ་ཐོན་དགོས་པ་ཞིག་ཡིན་མོད།རྒྱ་ཁྱི་སྣ་ལེབ་ཚོས་རང་གཤིས་བཟུང་དེ་ལྐོག་ནས་ཟུག་རྒྱག་བྱེད་པ་འདིས་ཅི་ཞིག་མཚོན་པ་རེད།
    རྩོམ་སྒྲིག་པ་དོན་འགྲུབ་བཀྲ་ཤིས་ལགས།ཁྱོད་ཀྱིས་ཚད་ལྡན་གྱི་དྲ་རྒྱའི་ངོ་གདོང་གི་མི་རྫུན་མ་འདི་ཚོ་ཡ་མཚར་ཞིག་དང་དགོས་གལ་ཞིག་མཐོང་གིན་ཡོད་དམ།
    ཡིན་ཡང་།གནས་ལུགས་ལ་རྒྱབ་འགལ་བྱེད་པའི་དྲ་འབུ་འདི་ཚོ་སྤྱིར་བཏང་ཡག་པོ་མི་འདུག་མ་གཏོགས་ང་སྒེར་ལ་ནག་བཤད་བྱས་པ་ཙམ་ཁོ་ནས་ཆེད་གཏན་ནས་མིན།

    Reply
  13. དྲང་བདེན་གྱི་སློང་མོ་བ། says:
    ལོ་ 14 སྔོན།

    ངས་རྨོག་རུ་ལ་འདེབས་པའི་ཟིན་བྲིས་དྲ་བ་གཤམ་གསལ་ལྟར་ཡིན་པས་ལྷས་རྒྱས་ཀྱི་གཟིགས་རོགས་ཞུ་།https://tibettimes.net/wordpress/blogs.php?id=312&post_id=13353་

    Reply
  14. བཤད་སྒྲུབ says:
    ལོ་ 14 སྔོན།

    གོང་ཏུ་བསྟན་འཛིན་འཕགས་པ་ཟེར་བ་གཅིག་གི་ཐེངས་མང་དྲ་ཐོག་ཏུ་རང་ཉིད་ཀྱི་འབྲི་ཤེས་ལ་མ་ཤེས་ལ་ཨུ་ཚུག་རྒྱབ་ཏེ་(བཀྲས་མཐོང་གི་གཞུང་དངུལ་ཟ་སོང་)ཅེས་རྒྱུ་མཚན་འདི་ཡིན་ཟེར་བ་ཙམ་སྟོན་རྒྱུ་མེད་པར་ཚིག་ཕྲིང་ལྔ་དྲུག་ལས་མེད་པའི་སྟིང་ཡིག་ནོར་མང་བ་དང་སྡེ་སྦྱོར་མེད་པའི་མཆན་འགའ་སྤེལ་སོང་བ་འདི་ངོ་མ་སྙིང་རྗེའི་ཡུལ་རང་རེད་། མི་འདི་ལ་ཤེས་ཡོན་ཐིག་པ་ཙམ་ཡང་མེད་པ་རྟོགས་ནས་རྨོག་རུ་བསྟན་པས་གོང་ཏུ་ཁོང་ལ་མཆན་འདི་འདྲ་(མི་གཤིས་ལས་བརྒལ་བའི་ལུང་རིགས་ཀྱི་བགྲོ་གླེང་བྱེད་འདོད་ཡོད་ན་ཨ་ཁུ་ཚང་ཡོང་ཆོག་ཆོག་ཡིན་ལགས)ཅེས་འབྲི་འདུག། ངོ་མ་རྨོག་རུ་བསྟན་པའི་ཀླད་པར་གྲུང་ཆ་ཆེ་བར་ཡོངས་གྲགས་རེད་ལ་དེ་རིང་ཡང་ཁོ་པས་གོ་སྐབས་འདི་བསྟན་འཕགས་ཟེར་བའི་བྱིའི་པ་དེའི་ཐོག་ཟིན་འདུག། ངས་འདི་ཡོད་དྲ་གྲོགས་ལ་བཤད་དོན་གཙོ་ནི་རྨོ་རུ་བསྟན་པའི་སྐད་ཆ་འདི་བཀའ་ཁྲི་སྔོན་བསྡུའི་སྐབས་སྤེལ་ཐུབ་ན་མ་འོས་མ་འཚམ་གང་ཡང་མ་མཐོང་ཡང་ད་འོས་མི་གསུམ་ལས་མེད་པའི་འཚམས་འདིར་དབྱིན་དཀྲུག་སྨྱོ་གཏམ་བཤད་ན་དོན་མེད་རེད་ཅེས་བཤད་འདོད་བྱུང་། དེ་ཡང་གཟིགས་འདོད་ཡོད་ན་ངའི་ཟིན་བྲིས་ནང་དམིགས་འཛུགས་མདོར་བསྡུས་གཅིག་སྤེལ་ཡོད་

    Reply
  15. ཨ་མའི་བུ། says:
    ལོ་ 14 སྔོན།

    ལོ་ལྔ་བཅུའི་རྗེས་ཀྱི་ད་ ཆ་ལ་མཚོན་ན། རྒྱ་ནག་གཞུང་གིས་བོད་རྒྱའི་གནད་དོན་ཐག་གཅོད་བྱེད་པའི་གོ་རིམ་ནང་དུ། བཙན་བྱོལ་བོད་ཀྱི་དམངས་གཙོའི་ལམ་སྲོལ་འདི་མུ་མཐུད་གནས་ཤིང་། གཉིས་སྨན་དབུ་མའི་ལམ་ནས་བོད་དོན་ཐག་གཅོད་བྱས་པའི་རྗེས་སུ་བཙན་བྱོལ་བོད་ཀྱི་ དམངས་གཙོའི་ལམ་སྲོལ་འདི་ཆོལ་གསུམ་གཅིག་ཏུ་སྒྲིལ་བའི་ས་ཁོངས་ཧྲིལ་པོར་ཁྱབ་ རྒྱུར་ངེས་པ་འདི་ཉེན་ཁ་ཞིག་ཏུ་མཐོང་གི་ཡོད་པ་ལས། སྤྱི་ཚོགས་རྙིང་པ་ཟེར་བ་ཞིག་ཡོང་རྒྱུ་མེད་པ་ཤེས་ཀྱི་ཡོད་ནའང་། བོད་ཕྱི་ནང་བར་དང་བོད་གཞུང་མང་བར་གྱི་མཐུན་ལམ་ལ་གས་ཁ་གཏོང་ཆེད་དུ་སྤྱི་ ཚོགས་རྙིང་པ་རོི་ལངས་རྒྱག་གི་ཡོད་པ་དེ་དྲིལ་སྒྲོག་ཡོ་བྱད་ཚོའི་ནང་གི་ནུས་པ་ ཆེ་ཤོས་གཅིག་ལ་བརྩི་གི་ཡོད་པར་ལྟར་ཀླད་པ་སྟོང་བ་བསྟན་བཤིག་ཕག་པ་ལྟ་བུས་རྒྱ་དམར་རྒྱབ་སྐྱོར་ལྟ་བུའི་སྐུ་དྲག་ཞེས་པའི་མིང་ཚིག་དེ་བེད་སྤྱོད་བྱེད་ཀྱི་འདུག རྗེས་སུ་དེ་ལྟར་་་་་་་་་་།

    Reply
  16. བསྟན་འཛིན་འཕགས་པ། says:
    ལོ་ 14 སྔོན།

    ཨ་མའི་བུ་ཟེར་བ་འདི་བཀྲས་མཐོང་དངུས་ཀྱིས་བསླུས་བ་གསལ་པོ་རེད་ཧཧཧ
    ཁ་གང་འགྱོག་དང་ཧམ་བཤད་ཙམ་ལས་། རྒྱུ་མཚན་གང་ཡང་མེད་།

    ཧཧཧོ ། སྐུ་དྲག་དང་དཔོན་ངན་འབྱོར་ལྡན་ཚོའི་རྒྱུག་ཁྱི་
    ཀླད་སྟོང་ཨ་མའི་ཟ་འདྲེ་ལགས་།

    Reply
  17. ཨ་མའི་བུ། says:
    ལོ་ 14 སྔོན།

    སྒོར་མོས་བསླུས་པའི་མགོ་བོ་དེ་དག་ལ།
    ངས་བློ་བཟང་སེང་གེར་རྒྱབ་སྐྱོར་ཕྱིར་འཐེན་བྱས་པ་ཡིན། དང་པོ་ན་གཞོན་ཞིག་སླེབས་ན་ཡག་པོ་ཞེ་དྲག་ཡོང་ས་རེད་དྲན་ནས་བློ་བཟང་སེང་གེར་རྒྱབ་སྐྱོར་བྱས་རེད། ཡིན་ཡང་ཟླ་ཤས་ནང་ངོས་ལེན་དང་དགའ་བསུ་བྱེད་མི་ཐུབ་པའི་གནས་ཚུལ་མང་བྱུང་སོང་། དཔེར་ན། བློ་བཟང་སེང་གེའི་རྒྱབ་སྐྱོར་བ་ཁག་གཅིག་གིས་ངེས་པར་དུ་ཁོ་ལ་ཐོབ་དགོས་པའི་ཨུ་ཚུགས་བྱེད་ཀྱི་འདུག གལ་སྲིད་ཁོ་ལ་ཐེངས་འདིར་བཀའ་ཁྲི་མ་ཐོབ་ན་རྗེས་མ་ནས་ཁོས་བོད་དོན་ཐོག་ལས་ཀ་བྱེད་ཀི་མ་རེད། ཐེངས་འདིར་ཁོ་ལ་བཀའ་ཁྲི་མ་ཐོབ་པ་ཡིན་ན་ཐེ་ཝན་ལ་འགྲོ་གི་རེད་ཟེར་ནས་ཞེད་སྣང་བཟོ་མཁན་ཡང་འདུག སྐད་ཆ་འདི་དག་གི་ཐོག་ནས་བློ་བཟང་སེང་གེ་ལགས་ད་བར་དུ་བོད་དོན་དང་འབྲེལ་བ་གཏིང་ཟབ་པོ་ཞིག་མེད་པ་མཚོན་གྱི་འདུག གལ་སྲིད་ཁོང་བོད་དོན་དང་འབྲེལ་བ་གཏིང་ཟབ་པོ་ཞིག་ཆགས་ཡོད་ན། ཐེངས་གཅིག་བཀའ་ཁྲིའི་འོས་ཤོག་མ་ཐོབ་པ་ཙམ་གྱིས་བོད་དོན་དང་ཁ་བྲལ་ནས་འགྲོ་ཆོག་ཆོག་ཡོད་དོགས་མེད། ཁོ་བོད་པའི་སྤྱི་ཚོགས་དང་འབྲེལ་བ་དམ་ཟབ་མེད་པར་འགྲོ་ཆོག་ཆོག་ཡོད་པའི་འགྲོན་པོ་ནང་བཞིན་ཡོད་པ་འདིས་ཐོག་ནས། ཁོ་ལ་བོད་དོན་ཆེད་བློས་མི་ཐོངས་པའི་མ་འོངས་འཆར་གཞི་གང་ཡང་མེད་པ་མཚོན་འདུག མ་ཟད་ད་ལྟ་ཡང་བོད་དོན་དང་འབྲེལ་བ་དེ་ཙམ་མེད་པ་མཚོན་གྱི་འདུག གལ་སྲིད་ཁོ་ལ་བོད་དོན་ཆེད་སེམས་ཤུགས་དང་འཆར་གཞི་དངོས་གནས་ཞིག་ཡོད་ན་ཐེངས་གཅིག་གི་བཀའ་ཁྲིའི་འོས་ཤོག་ཐོབ་མ་ཐོབ་གལ་ཆེན་པོ་བརྩི་གི་མ་རེད། གང་ཡིན་ཟེར་ན་བཀའ་ཁྲི་ཐོབ་ན་མ་ཐོབ་ན་རང་གི་མི་རིགས་དང་རང་གི་མི་རིགས་ལ་བཅིངས་པའི་ཤ་ཚ་དང་སེམས་ཤུགས། རང་གི་མི་རིགས་ཆེད་ཡོད་པའི་འཆར་གཞི་དང་རྨི་ལམ་རྣམས་ནམ་ཡང་བློས་གཏོང་གི་མ་རེད། འོན་ཀྱང་བཀའ་ཁྲི་ལྟ་བུའི་མིང་གནས་ཆེ་ཤོས་ཐོབ་ན་མ་གཏོགས་བོད་དོན་ཆེད་ལས་ཀ་བྱ་འདོད་མེད་པ་འདི་སྐྱོ་བོ་རེད། རྒྱབ་སྐྱོར་བྱེད་རིན་མི་འདུག བོད་ལ་ཕན་པའི་འཆར་གཞི་རྒྱ་ཆེ་གཏང་ཟབ་ཅིག་མེད་པར་གནས་སྐབས་ཀྱི་བཀའ་ཁྲིའི་འོས་བསྡུའི་གོ་སྐབས་དང་མཐུན་པའི་རྣམ་འགྱུར་བསྟན་པ་ཙམ་རེད། དེ་ཕྱིར་བོད་དོན་དང་ཤ་འདྲེས་ཁྲག་འདྲེས་ཆགས་མེད་པ་མ་ཟད། བོད་དོན་ཐོག་ཕུགས་བསམ་དང་འཆར་གཞི་སྲ་ཐག་ཐག་ཅིག་མེད་པའི་འགྲོན་པོ་འགྲོ་ཆོག་ཆོག་ཅིག་ལ་འོས་ཤོག་བླུགས་ན་ནོར་བ་རེད།
    ༢། ཁོས་འོས་ཤོག་ཐོབ་ཐབས་ཆེད་སྐད་ཆ་ག་རེ་བཤད་རྒྱུར་འཛེམ་ཟོན་བྱེད་ཤེས་ཀྱི་མི་འདུག མི་མང་ལ་འདོད་པ་ག་རེ་ཡོད་པ་ཚང་མ་དང་མཐུན་པའི་སྐད་ཆ་ཞིམ་པོ་རྐྱང་རྐྱང་བཤད་ཀྱི་འདུག མ་འོངས་པར་ལས་དོན་ག་རེ་འགྲུབ་དང་ག་རེ་འགྲུབ་མི་ཐུབ་པ་སོགས་ལ་སེམས་ཁྲལ་བྱེད་ཀྱི་འདུག འོས་ཤོག་ཐོབ་ཐབས་ཁོ་ན་ལས་དམིགས་ཡུལ་གསལ་བོ་མེད་པར་ག་རེ་ཐེབས་ཐེབས་བཤད་སྲིད་པའི་བྱེད་སྟངས་སླ་བོ་འདི་ལ་ཡིད་ཆེས་བྱེད་ཐུབ་མ་སོང་བས་ངའི་འོས་གཅིག་པོ་ཕྱིར་འཐེན་བྱས་པ་ཡིན།
    ༣། ད་དུང་མིང་མཇུག་སེང་གེ་ཡིན་པ་རྒྱུ་མཚན་དུ་བགྲང་མཁན་ཚོས་རྣམ་རྟོག་དང་རྨོངས་དད་རང་ལ་གཞི་བཞག་ནས་བཤད་པའི་སྐད་ཆ་དགོད་བྲོ་ཞིག་རེད། བཀའ་ཁྲི་འོས་འདེམས་སྐབས་རྣམ་རྟོག་དང་རྨོངས་དད་བྱེད་མི་རུང་བ་ཡིད་འཛིན་འཚལ།

    Reply
  18. ཨ་མའི་བུ། says:
    ལོ་ 14 སྔོན།

    བསྟན་འཛིན་ཕག་པ་ཟེར་བ་མི་དེ་དངོས་གནས་བློ་བཟང་སེང་གེས་སྒོར་མོས་བསླུས་པ་ཞིག་གསལ་པོ་རེད་འདུག

    Reply
  19. བསྟན་འཛིན་འཕགས་པ། says:
    ལོ་ 14 སྔོན།

    ད་གང་དྲག་ཆོལ་གསུམ་བསམ་དོན་འགྲུབ་པར་ཕྱོགས་།
    མ་འོང་བཀའ་ཁྲི་རྒྱས་གྱུར་ཅིག་།།

    Reply
  20. མདོ་སྨད་པ་རིག་རྒོད། says:
    ལོ་ 14 སྔོན།

    མིང་ནག་ཕོག་ཟིན་པའི་རྨོག་བསྟན་ལགས།

    ཁྱེད་ཀྱིས་དོན་དངོས་ཐོག་་་བློ་སེང་ལ་སྐྱོན་མདོག་དང། བཀྲས་མཐོང་ལ་རྒྱབ་སྐྱོར་ཤུགས་ཆེར་བྱས་འདུག། དེས་ན་བློ་སེང་ལ་མང་ཚོགས་ཀྱིས་དཔྱད་དགོས་པའི་དོགས་གཞི་ཅི་ཞིག་ཡོད་དམ།

    བཀྲས་མཐོང་ཆབ་སྒྲགས་ཆུང་རྐྱེན་སྔོན་འགྲོའི་ནང་དུ་ཕམ་ཉེས་བ་ྱུང་བ་རེད་ཟེར་ན་ཁྱེད་འོན་པ་དང། ཡང་ན་ལོང་བ་ཡིན་ཡིན་ཡིན་ནམ།
    བཙན་བྱོལ་ཁྲོད་དུ་་བཀྲས་མཐོང་གིས་བྱས་ཉེས་ལ་རྟེན་ནས་ཁོང་ལས་མིང་གྲགས་ཆེ་བ་ཞིག་ཡོད་དམ།

    Reply
  21. འཁྱམས་པོ་ says:
    ལོ་ 14 སྔོན།

    བཀའ་བློན་ཁྲི་པ་སུ་ལ་ཐོབ་མིན་ཁྱད་པར་མེད་ གཙོ་བོ་བོད་དོན་ལ་ཞབས་བཞུ་ཐུབ་ན་དེ་ནི་བཀའ་བློན་ཁྲི་པ་ཡག་པོ་ཞིག་རེད། བཀའ་ཁྲིའི་འོས་མི་ཚང་མར་རྒྱབ་བསྐྱོར་ཡོད། སྤྱི་ལོའི་ལོ་གསར་ལ་བཀྲ་ཤིས་བདེ་ལེགས་བཞུ།

    Reply
  22. གཟི་མིག་༣པ says:
    ལོ་ 14 སྔོན།

    དུས་བབ་ལས་མི་ཡོངས་ལ་ལོ་གསར་པར་འཚམས་འདྲི་ཞུ་

    Reply
  23. རྨོག་རུ་བསྟན་པ། says:
    ལོ་ 14 སྔོན།

    བསྟན་འཛིན་འཕགས་པ་ལ།
    ༸གོང་ས་སྐྱབས་མགོན་ཆེན་པོ་འཕགས་པ་སྤྱན་རས་གཟིགས་ཀྱི་ཞིང་ཁམས་འདི་རུ་འུ་གཉིས་ལྟ་བུ་སྲང་ལམ་གྱི་བོང་བུ་དང་མ་ཧེར་གྱུར་བ་དེ་ཡང་སྐལ་བ་བཟང་པོ་རེད།
    རང་ཉིད་ཀྱིས་ཀྱང་འདི་ལྟར་དགའ་བ་རེ་བསྒོམ་ཐུབ་ན་ས་ཁུག་རི་ཁུག་ཅིག་ནས་སྐྱབས་བཅོལ་བའི་མིང་བྱང་འཁུར་ནས་བསྡད་པའི་དགོས་དོན་ཙམ་རེད།
    སྤྱིར་ང་རང་མི་སྒེར་གྱི་ངོས་ནས་བཀའ་ཁྲི་རྣམ་པ་གསུམ་གྱི་སུ་ཐོབ་ནའང་གཅིག་མཚུངས་ཀྱི་འདུ་ཤེས་ཡོད་ལ།ངའི་སེམས་ངོར་ཁོ་ཚོའི་རིན་ཐང་འདྲ་མཉམ་ཡིན།
    ཡིན་ནའང་།ད་སྔར་བཞག་པའི་ཕྱིས་རྗེས་དང་དཀའ་ངལ་བརྒྱབ་པའི་ངོས་ནས་མི་རབས་རྒན་པ་གཉིས་ལ་ལྗིད་ཁོག་ཆེ་ཙམ་ཡོད།
    ཁྱེད་ཀྱིས་སེམས་ཁྲལ་ཞིག་ལ་བློ་བཟང་སེང་གེ་ལགས་མ་ཐོབ་ན་ནོར་བུ་གཞན་ལ་ནོར་བ་ལྟ་ཚུལ་འཛིན་གྱིན་འདུག རི་བོང་གནམ་བརྡིབས་ཀྱི་སྡུག་བསྔལ་མ་བྱེད།
    བློ་བཟང་སེང་གེ་ལགས་ཀྱི་དགོངས་གཞི་ནི་མ་ཤི་བར་བོད་མི་རིགས་ཀྱི་ལས་དོན་བསྒྲུབ་རྒྱུ་དེ་རེད་མ་གཏོགས།བཀའ་བློན་ཁྲི་བའི་རྐུབ་སྟེགས་མ་རག་ན་གཞན་ཞིག་ལ་ཤོར་འགྲོ་བ་ཞིག་རྩ་ནས་མ་རེད།
    མི་ལ་རྒྱབ་སྐྱོར་བྱེད་པ་ལ་ཀྱོག་ནས་ཕན་ཐོགས་གང་ཡང་མེད་པ་རེད།དྲང་པོ་དང་།བདེན་པ།འཚེ་བ་མེད་པ་གསུམ་ནི་བཀའ་ཤག་སྲིད་གཞུང་གི་སྲིད་བྱུས་རེད།
    རྩལ་འབྱོར་གཞུང་ཟེར་བ་དེ་ས་འོག་ཞིག་ཏུ་ཡོད་ན་ལས་ད་སྔར་མ་གྲགས་པ་ཞིག་ཡིན་མོད།གལ་སྲིད་བཙན་བྱོལ་གཞུང་ཡིན་དབང་དུ་བཏང་ན་ནི་ད་སྔར་བཀའ་ཤག་སྲིད་གཞུང་གི་ནང་ལྐོག་ཟ་རུལ་སུངས་གི་ལོ་རྒྱུས་ཤིག་མེད་པ་མིག་དང་ལྡན་ཚད་དང་།རྣ་ཅོག་ཀྲོང་ཀྲོང་ཡོད་མཁན་ཚང་མར་གསལ་པོ་ཆགས་ཚར་བ་ཡིན་པས་གོ་བ་མེད་པས་གླང་རྒན་ལ།།རྒྱལ་བའི་བཀའ་ལས་དབྱུག་པ་བཙན་ཞེས་པའི་རྗེས་འབྲངས་བ་ཡིན་ན་ནི་སྨྱོན་པ་དང་ལྷན་ཅིག་རྩོད་པར་མི་བྱའོ།
    མི་གཞི་དང་མི་གཤིས་ལས་བརྒལ་བའི་ལུང་རིགས་ཀྱི་བགྲོ་གླེང་བྱེད་འདོད་ཡོད་ན་ཨ་ཁུ་ཚང་ཡོང་ཆོག་ཆོག་ཡིན་ལགས།

    Reply
  24. ཆུ་ཤུར་མིག་དམར་ says:
    ལོ་ 14 སྔོན།

    བཀའ་ཟུར་བཀྲིས་དབང་འདུས་ལགས་སུ་གུས་བཀུར་ཡོད་གང་ཡིན་ཞེས་ན་ཁོང་ནི་བོད་གཞུང་གི་བྱས་རྗེས་ཅན་གྱི་ལས་བྱེད་ཡག་པོ་ཞིག་རེད།
    འོན་ཀྱང་ཐེངས་དེའི་བཀའ་ཁྲིའི་འོས་མི་ནས་དགོངས་ཞུ་གནང་ཐུབ་ན་ཡག་པོ་འདུག་
    དང་ཐོག་བོད་རྒྱལ་ཡོངས་མང་གཙོ་ཚོགས་པ་དང་དབུས་གཙང་ཆོལ་ཁས་འོས་མིར་བཞུག་རོགས་ཟེར་དུས་ཁོང་གིས་མཁས་ལེན་མི་གནང་བར་ལོ་ན་རྒས་པ་དང་བོད་གཞུང་ལ་ཞབས་ཞུ་མི་ལོ་༡༧་ལྷག་ཞུས་ཟིན་པ་སོགས་རྒྱུ་མཚན་མང་དང་ཞིག་བསྐོས་གནང་སོང།
    འོན་གློ་འབུར་དུ་བཀའ་ཁྲིའི་འོས་མིར་ཕེབས་པ་དེས་བཀའ་ཟུར་བཀྲས་མཐོང་དང་མཁས་དབང་བློ་སེང་གཉིས་ཀྱི་འོས་གང་རུང་ལ་གཏོར་རྐྱོན་གཏོང་རྒྱུ་ལས་མ་འདས་
    གང་ལྟར་འོས་འཐོབ་རྒྱུ་མིན་པ་ནི་གཏན་འཁེལ་རེད

    Reply
  25. བསྟན་འཛིན་འཕགས་པ། says:
    ལོ་ 14 སྔོན།

    བློ་སེང་ཤོར་ན་སེམས་དྲན་མེད་། རྒྱལ་ཕམ་ནི་འགྲེན་རྩོད་ཀྱི་འགྲོ་སྟངས་ཡིན་།
    ཡིན་ན་ནོར་བུ་རང་ལ་ཡོད་དུས་བདག་པོ་རྒྱབ་ན་དགའ་།
    ནོར་བུ་གཞན་ལ་ཕྱོར་དུས་འགྱོད་པ་སྐྱོ་བ་བློན་པོ་ཡིན་།

    Reply
  26. བསྟན་འཛིན་འཕགས་པ། says:
    ལོ་ 14 སྔོན།

    ད་ཡིན་ན་ལྟས་མོ་འདུག་།
    རྨོ་རི་བསྟན་པས་བཀྲ་ཤིས་དབང་འདུས་ལ་མ་ཉེས་བསྐྱོན་འཛུག་མང་དག་བྱེད་ཀྱི་འདུག་།།
    རང་སྲང་ལམ་སྟིང་གི་བོང་བུ་ཞིག་ཡིན་པ་ཤེས་ཀྱི་མེད་པ་འདྲ་།

    དྲ་གྲོགས་ཚོའི་ཁྱེད་ཀྱི་ཁ་དང་སྣ་ཟེར་ནས་རྩོད་པ་རྒྱབ་དགོས་ག་ལ་ཡོད་། ང་ཚོའི་མ་འོང་བཀའ་ཁྲི་དེ་བོད་གཞིས་བྱིས་གཉིས་ཀྱིས་རེ་འདུན་བྱས་ས་དང་། ལྷག་པར་དུ་གོང་༸ས་མཆོག་གི་ཐུགས་རེ་གནང་བའི་གཞོན་སྐྱེས་ཤེས་འཇོན་གཉིས་ལྡན་ཤིག་ངེས་པར་དུ་བདེབས་དགོས་སོ།
    རྩལ་འབྱོར་གཞུང་འདི་ལྐོག་ཟ་རུལ་ཚོགས་ཤིག་བརྟེན་ནས་མི་དགོས་།

    Reply
  27. མངའ་རིས་ཕོ་ཉ། says:
    ལོ་ 14 སྔོན།

    རྨོག་རུ་བསྟན་པ་ལགས་ཀྱིས་དཔྱད་རྩོམ་ལེགས་པོ་ཞིག་བྲིས་འདུག
    ཡིན་ནའང་སྐབས་གསུམ་པའི་བཀའ་ཁྲིའི་འོས་མི་བཀྲ་ཤིས་དབང་དུས་དང་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་བློ་བཟང་སེང་གེ་བཅས་གསུམ་གྱིས་གསེབ་ནས་གདམ་ཀ་བྱས་ནས་གལ་སྲིད་བློ་བཟང་སེང་གེ་ལ་རྒྱལ་ཁ་ཐོབ་པ་ཡིན་ན།
    ཁོང་གིས་ཆ་རྐྱེན་གསུམ་གསར་གཏོད་དང་རང་མགོ་རང་ཐོན་ཆིག་སྒྲིལ་དེ་གསུམ་ལག་བསྟར་ཡག་པོ་བྱེད་མ་ཐུབ་ན་སྔོན་འགྲོའི་འོས་བསྡུ་ཉེ་བའི་སྐབས་མི་མང་འདུ་འཛོམས་ཁག་ཏུ་ངས་བྱ་ཐུབ་མི་སྲིད་པ་འདི་སྲིད་པ་ཨ་མའི་བུ་ལ་འཇོན་ཐང་ཡོད་ན་བཀའ་བློན་ཁྲི་བར་ནམ་ཕེབས་རེད་ཟེར་ནས་བཤད་པ་རེད། ཁོང་བཀའ་ཁྲིར་ཆག་ཚར་རྗེས་གལ་སྲིད་ལམ་ལྷོངས་བྱུང་ན་བོད་མི་རིགས་ཀྱི་བསོད་ནམས་ཡིན་ལ་ལམ་འགྲོ་བྱུང་ན་བཙན་བྱོལ་སྤྱི་ཚོགས་ནང་སྔ་བྱུང་མྱོང་མེད་པའི་ལོ་རྒྱུས་ཆགས་སྲིད།
    ད་ལྟ་ནས་ང་ཚོའི་བསམ་བློ་གཏོང་རྒྱུར་གལ་ཆེན་ཡིན། ནོར་བུ་རང་ལ་ཡོད་དུས་ནོར་ཉམས་མ་ཆོད་ན་ནོར་བུ་གཞན་ལ་ཞོར་དུས་འགྱོད་པའི་གླིང་ལ་སྐྱེལ་ཡོང་། དུས་ཚོད་ཐུང་དེའི་ནང་རང་ཉིད་སོ་སོར་འགན་འཁྲི་ཡོད་བསམ་ནས་རྟག་དཔྱད་བྱེད་རྒྱུ་སྨོས་མ་དགོས།

    Reply
  28. ཐིག says:
    ལོ་ 14 སྔོན།

    རྨོག་རུ་བསྟན་པ་ནི་དངོས་གནས་སྤྱང་པོ་རེད། བློ་སེང་ལ་རྒྱབ་སྐྱོར་གྱི་སྐད་ཆ་མང་བཤད་ནའང་། དོན་རྡོག་རྡོག་བློ་སེང་ལ་མ་ཐོབ་པ་དང་བཀྲས་མཐོང་ལ་འཐོབ་རེ་ཡི་སྐད་ཆ་རྐྱང་རེད་འདུག་ཨ།

    Reply
  29. འོད་ཡུག་པའི་འཁྱམས་པོ། says:
    ལོ་ 14 སྔོན།

    རྨོག་རུ་བསྟན་པ་ལགས་ཡག་པོ་ཞིག་བྲིས་གནང་འདུག་པས་ཡིད་རངས་ཡོད། འོན་ཀྱང་༼འབྱོན་ཐང་༽ཟེར་བའི་དོན་རྟོགས་དཀའ་བས་ཅི་འདྲ་རེད། དག་ཆ་ནོར་བ་ནི་ཡིན་རྒྱུ་མ་རེད་ཡ་མཚན། སྙན་ངག་པས་དག་ཆ་ཡང་སྙན་ངག་ཏུ་འབྲི་སྲོལ་ཡོད་པ་མིན་འགྲོ། ཨ་མའི་བུ་ལ་འཇོན་ཐང་ཡོད་ན། བཀའ་བློན་ཁྲི་པར་ནམ་ཕེབས་རེད། ཡག་པོ་འདུག་བློ་བཟང་སེང་གེ་རང་ད་ཆ་བཀའ་ཁྲིར་སྔ་སོང་བས་མི་རབས་གསར་པ་དང་། ན་གཞོན་གསར་པའི་སྐད་སྟོང་ཏུ་ཚུད་པའི་ན་གཞོན་ཚོས་བསམ་བློ་ནན་པོ་གཏོང་རན་པ་ལས་གསར་རྙིང་ཞེས་པའི་གཡོ་འོག་ཏུ་ནམ་ཡང་ཚུས་མི་ཉན། དེ་ནི་རྒྱལ་ཁབ་ཞིག་དང་མི་རིགས་ཤིག་གི་གལ་ཆེའི་དོན་ཆེན་རེད། ཡིད་གཟབ་གྱིས། བསམ་བློ་མཐོང་། ན་གཞོན་དང་མི་རབས་གསར་པ་ཟེར་བའི་གང་ཟག་ཚོ།

    Reply
  30. སྤྲོ་ཚིགས་དགེ་འདུན says:
    ལོ་ 14 སྔོན།

    ་ད་ཡིན་ན་མི་བུ་རེ་ཟུང་གི་བློ་སེང་གིས་ལྭ་ཟུར་རེ་ནས་འཛིན་གང་ཐུབ་བྱེད་བཞིན་འདུག་་་་་་་ཧ་ཧ་ཧ་་་་་་་་་་་་་་་

    Reply
  31. ཤག་སྒང་པ། says:
    ལོ་ 14 སྔོན།

    བློ་སེང་དང་འབྲེལ་བའི་ཁྱབ་བསྒྲགས་ཀྱི་དཔྱད་རྩོམ་ལེགས་པོ་ཞིག་འདུག བློ་བཟང་སེང་གེ་མཆོག་ལ་རྒྱལ་ཁ་ཐོབ་ངེས་མི་འདུག སྤྱི་ཚོགས་ནང་མང་གཙོའི་འཕེལ་ཁ་རྒྱས་བཞིན་རེད། ད་དུང་བསམ་བློ་མང་ཙམ་དང་དཔྱད་ཡིག་མང་ཙམ་མ་བྲིས་ན་བླེ་སེང་ཤོར་ཉེན་ཡང་ཆེན་པོ་འདུག ཐུགས་རྗེ་ཆེ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese