མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ངྷ་སར་ཁ་བ་བབ་སོང་།

བོད་ཀྱི་དུས་བབ།
༢༠༡༠/༡༢/༣༡
Share on FacebookShare on TwitterShare on EmailShare on Whatsapp

ཉིན་འགའི་གོང་ནས་རྒྱ་གར་བྱང་ཕྱོགས་ངྷ་རམ་ས་ལའི་གནམ་གཤིས་ཧ་ཅང་ཇེ་འཁྱག་ཏུ་ཕྱིན་སོང་ལ། ཕྱི་ཚེས་ ༢༩ ཉིན་ནས་བཟུང་ཆར་བ་ཡང་ཐེངས་ཁ་ཤས་ལ་བབ་སོང་། ཁ་སང་ཉིན་གང་བོར་ཆར་བ་བསྟུད་མར་བབ་ཅིང་། ཕྱི་དྲོའི་ཆུ་ཚོད་ ༥ ཙམ་ནས་ཆར་ཤུགས་ཆེ་རུ་ཕྱིན་ཏེ། མདང་ནུབ་མཚན་གང་བོར་ཧ་ལམ་འབབ་མཚམས་མ་བཞག་ལ། མཚན་དཀྱིལ་ནས་ཁ་ཆར་འདྲེས་མ་དང་། ཐོ་རངས་ཙམ་ལ་ཁ་བ་ལྷབ་ལྷུབ་ཏུ་བབ་སོང་། ད་ནང་ཞོགས་པ་ངྷ་རམ་ས་ལའི་རྒྱབ་རི་རྡོ་ལ་ངྷར་རི་རྒྱུད་ཡོངས་གངས་རི་ཞིག་དང་འདྲ་བར་དཀར་སང་ངེར་ཁ་བས་གཡོགས་འདུག་ལ། བཞུགས་སྒར་མེག་གྷན་གྱི་ཁྲོམ་སྲང་ལ་ཡང་ཁ་བ་སྲབ་པོ་ཞིག་ཆགས་འདུག

དེ་རིང་སྔ་དྲོའི་ངྷ་རམ་ས་ལའི་དྲོད་ཚད་ ༢༨ . ༩ C ཙམ་ལ་ཟགས་འདུག་ལ། ད་ནང་ཞོགས་པར་གནམ་མཁའ་གཡའ་དག་ཅིང་ས་གཞི་རྡུལ་དག་སྟེ། གནམ་གཤིས་ཧ་ཅང་དྭངས་འདུག་མོད། སྔ་དྲོའི་ཆུ་ཚོད་ ༡༢ ཙམ་ནས་ཡང་བསྐྱར་གནམ་རུབ་སོང་། བག་ཆགས་ཤིག་གམ་གོམ་གཤིས་ཤིག་གི་དབང་གིས་ནམ་རྒྱུན་བཞུགས་སྒར་ངྷ་རམ་ས་ལར་ཁ་བ་འབབ་སྐབས། བོད་མི་ཚང་མས་མཚར་སྣང་དང་དགའ་སྣང་འདྲེས་མིའི་རྣམ་འགྱུར་ཞིག་འཛིན་སྲོལ་ཡོད་པ་ལྟར། དེ་རིང་ཞོགས་པ་ཡང་ངྷ་སའི་མི་མང་ཚོའི་གདོང་ལ་ཅུང་གྲང་མདོག་གི་རྣམ་པ་ཞིག་མངོན་བཞིན་དཔར་རྒྱག་པ་དང་ཁངས་རྩེད་བྱེད་པ། ཕན་ཚུན་ལ་ཉིན་འདི་འགའི་གནམ་གཤིས་སྐོར་ལ་གཏམ་གླེང་བྱེད་པ། ས་གནས་གཞན་དུ་ཡོད་པའི་དགའ་བོ་ཉེ་བོ་དག་ལ་ངྷ་རམ་ས་ལའི་གནམ་གཤིས་སྐོར་གྱི་གསར་འགྱུར་བཤད་བཞིན་འདུག

 

བཞུགས་སྒར་ངྷ་རམ་ས་ལར་ཁ་བ་བབ་སོང་།

 

བཞུགས་སྒར་ངྷ་རམ་ས་ལར་ཁ་བ་བབ་སོང་།

 བཞུགས་སྒར་ངྷ་རམ་ས་ལར་ཁ་བ་བབ་སོང་།

 

བཞུགས་སྒར་ངྷ་རམ་ས་ལར་ཁ་བ་བབ་སོང་། 

 

དཔར་པ། ཨ་རིག་འགྱུར་མེད།

འབྲེལ་ཡོད་གསར་འགྱུར།

Penny Wong, Richard Marles, Judith Collins KC, Winston Peters
Mobile App

བོད་ནང་གི་ཆོས་དང་རིག་གཞུང་སོགས་ཉམས་རྒུད་དུ་འགྲོ་བཞིན་པར་བློ་འཚབ་བསྟན།

ཆུ་ཚོད་ ༡༦ སྔོན་ལ།
TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

༢༠༢༦/༠༣/༡༨
ttttt
Mobile App

སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་མི་གསལ་བསྒྲགས་གནང་སོང་། 

༢༠༢༦/༠༣/༡༨
TTTTTT
Mobile App

དེང་སང་བཙན་བྱོལ་བོད་མིར་དྲ་རྒྱའི་དམག་འཁྲུག་གསར་པ་ཞིག་གི་དཀའ་ངལ་འཕྲད་ཀྱིན་འདུག

༢༠༢༦/༠༣/༡༨
TTTT
Mobile App

རྒྱ་ནག་གཞུང་གིས་བོད་མིའི་ནང་ཁུལ་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་ཐབས་སྔར་ལྷག་བྱེད་བཞིན་འདུག

༢༠༢༦/༠༣/༡༧
TTTT
Mobile App

ལ་སྐོར་ལུང་སྐོར་བྱས་ནས་ཨ་རིའི་རོགས་དངུལ་ཨ་སྒོར་ས་ཡ་བདུན་སླར་གསོ་ཐུབ།

༢༠༢༦/༠༣/༡༧

མཆན། 10

  1. རྣམ་རྒྱལ་དོན་འགྲུབ། says:
    ལོ་ 15 སྔོན།

    མདང་དགོང་ཡིག་ནོར་ཁ་ཤས་བཅོས་ཡིན་ཏེ་ད་ནང་ཞོགས་པ་མཐོང་རྒྱུ་མི་འདུག
    བསྟུད་མུར། ཟེར་བ་དེ་གཅིག་པུ་ལས། གནམ་མཁའ་དང། གོམ་གཤིས། འདྲེས་མིའི། ཁངས་རྩེད་སོགས་བཅོས་མི་འདུག་རྒྱུ་མཚན་གང་བཤད་རྒྱུ་ཡོད་དམ།

    གྲོགས་མཆོག་བསེ་རུ་ལགས་དེས་སང་མཐོང་མ་སོང་བས་འདི་ཚང་ཡིག་ནོར་མང་དུ་ཕྱིན་སོང་ཟིག

    Reply
  2. དཔའ་ཆེན་དོན་གྲུབ། says:
    ལོ་ 15 སྔོན།

    ཁ་བ་བབས་ཟེར་དུས་བབ་ཀྱི་རྗེས་སུ་སའི་ཡང་མཇུག་འཇོག་དགོས་པ་རེད།

    Reply
  3. བློ་བཟང་མཐུ་སྟོབས། says:
    ལོ་ 15 སྔོན།

    དགེ་ལགས་བཀྲ་ཤིས་བདེ་ལེགས།་་་་་་་་་་ང་ཁ་བ་ལ་ཧ་ཅང་དགའ།

    Reply
  4. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    དྷ་སའི་ཁ་བ་མཐོང་དུས། །
    ཆུང་དུས་ཕ་ཡུལ་དྲན་བྱུང་། །
    གངས་འཁྲོད་དེ་ཚོའི་དཀྱིལ་ལ། །
    འབྲི་གཡག་ར་ལུག་ཡོད་ན། །
    ་་་་་་་་་་་་་་
    ་་་་་་་་་་་་་་་་་་་་
    ་་་་་་་་་་་་་་་་་་་་་་་་་་་
    ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་

    Reply
  5. བསྟན་འཛིན་འཕགས་པ། says:
    ལོ་ 15 སྔོན།

    ལོ་ལྟར་དགོན་ཁའི་དུས་སུ་།
    སྐྱིད་པའི་རྡ་རམ་ས་ལ་།
    ཁ་བ་འབབ་དུ་མ་བསམ་།
    ཁ་རྒྱབ་ཉི་མས་གྲོས་ཡོངས་།།

    Reply
  6. ཆུ་ཤུར་མིག་དམར་ says:
    ལོ་ 15 སྔོན།

    རྡ་སར་ཁ་བ་བབ་པར་
    ཧ་ལས་ཧང་སང་མ་གནང་
    ལོ་ལྟར་དགུན་ཁའི་དུས་སུ་
    དེ་ལྟར་བབ་བཞིན་ཡོད་རེད

    Reply
  7. ཤག་སྒང་པ། says:
    ལོ་ 15 སྔོན།

    འདི་ལྟ་བུའི་་གསར་འགྱུར་གྱིས་ལས་བྲེལ་གྱི་འཁྲུག་ཆའི་སེམས་ཁམས་ལ་སྤྲོ་སྣང་ཞིག་ངང་གིས་སྟེར་བཞིན་འདུག་པས། ཨ་རིག་ལགས་ཐུགས་རྗེ་ཆེ།

    Reply
  8. འདྲེ་མེ་འབུད། says:
    ལོ་ 15 སྔོན།

    རྡོ་ལ་རི་བོའི་ཁ་བ་དེས་བདག་ཀྱང་ཆབ་སྲིད་ཀྱི་འཁྲུག་ཆ་དོད་པའི་སྒར་གྲོང་དེར་ངང་གིས་འཁྲེང་སོང་ལ། ཕ་ཡུལ་གྱི་རི་ལུང་ཞིག་ཀྱང་དྲན་པར་བྱས་སོང་། ཨོ། གཅན་ཚ་དཔལ་ལྡན་གྱིས་བཤད་པ་བཞིན་བཏུང་ཆུའི་དཀའ་ངལ་དེ་ཡང་སེལ་ཐུབ་པར་མ་ཟད། མ་འོངས་པའི་རྡ་སའི་ཞིང་ས་རྒྱས་པའི་ལེགས་རྟགས་ཤིག་ཀྱང་ཡིན།

    Reply
  9. མིག་དམར་ཚེ་རིང་། says:
    ལོ་ 15 སྔོན།

    ཨ་རིག་ལགས་ཐུགས་རྗེ་ཆེ། གསར་འགྱུར་འདི་ཧ་ཅང་སྤྲོ་ཉམས་དོད་པོ་ཞིག་རེད། ང་ཚོ་ཕ་ཡུལ་བོད་གངས་ཅན་ལས་ས་མཐའ་ན་ཡོད་པ་ཙམ་དུ་མ་ཟད། བཞུགས་སྒར་ངྷ་རམ་ས་ལ་ནས་ཀྱང་ས་མཐའ་ན་ཡོད་མཁན་ཚོར། གསར་འགྱུར་འདི་ནི་ཝུ་ཆང་ཤེལ་ཕོར་གང་དང་གཅུག་མཚུངས་ཡིན་པ། དེ་རིང་གི་ངའི་ཚོར་སྣང་འདི་ལས་གསལ་བཤད་བྱེད་ཐུབ།
    འདི་ལྟ་བུའི་གསར་འགྱུར་ནི། ཡིག་ཚགས་རྒྱུ་ཆའི་གསར་འགྱུར་གྱི་རིན་ཐང་དེ་ཙམ་མེད་ཀྱང་། རྒྱལ་ཁབ་སྔོན་ཐོན་དང་མི་རིགས་སྔོན་ཐོན། སྤྱི་ཚོགས་ཀྱི་བསམ་བློ་སྔོན་ཐོན་དང་། གསར་འགོད་པ་དང་མི་དམངས་བར་གྱི་བསམ་བློའི་འབྲེལ་ཐག་གི་ཆུ་ཚད་མཐོ་བ། གསར་འགོད་པས་སྤྱི་ཚོགས་ལ་སེམས་འཁུར་དང་བརྩེ་དུང་ཡོད་པ་སོགས་མངོན་ཡོད།

    Reply
  10. གཅན་ཚ་དཔལ་ལྡན། says:
    ལོ་ 15 སྔོན།

    ཁངས་བབ་ན་ཡག་པོ་རེད། ངྷ་སར་ད་ལོར་འཐུང་ཆུའི་དཀའ་ངལ་འཕྲད་ཀྱི་མ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese