མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༢༠༡༠ ལོའི་བོད་ནང་གནས་ཚུལ་ཆེ་ཁག་ཕྱོཊ་བསྡུས།

བོད་ཀྱི་དུས་བབ།
༢༠༡༡/༠༡/༠༢
Share on FacebookShare on TwitterShare on EmailShare on Whatsapp

འདི་ག་གསར་ཁང་གིས་ལོ་རེ་རེའི་ལོ་མཇུག་ཙམ་ལ་༧གོང་ས་མཆོག་གི་མཛད་འཕྲིན་གལ་ཆེན་ཁག་དང་བོད་ནང་གི་གནས་ཚུལ། བཙན་བྱོལ། དེ་བཞིན་རྒྱ་ནག་དང་རྒྱལ་སྤྱི་བཅས་ཀྱི་གསར་འགྱུར་ཆེ་ཁག་ཕྱོགས་བསྡོམས་ཀྱིས་བསྐྱར་སྤེལ་བྱེད་སྲོལ་ཡོད་པ་ལྟར། འདི་ལོའི་༼ བོད་ནང་གི་གནས་ཚུལ་ཆེ་ཁག་ཕྱོགས་བསྡུས ༽ བྱས་ཡོད།  

བོད་ཟླ་དང་པོའི་ཚེས་ ༡ ཉིན་ནས་བཟུང་རྔ་པ་ཀིརྟི་དགོན་དང་བསེ་དགོན་པ། མཚོ་ལྷོ་ཀོས་ནན་ཀླུ་ཚང་དགོན་གཙོས། བླ་བྲང་བསང་ཆུ་རྫོང་ཙ་ཡུས་ཞང་ལྷ་སྡེ་སོགས་ཀྱི་སྐྱ་སེར་གཉིས་ཀྱིས་མར་མེ་ཁྲོམ་སྐོར་དང་མ་ཎི་གསོག་སྒྲུབ་སོགས་ཀྱི་སྒོ་ནས་མྱ་ངན་ལོ་སར་སྲུང་གཙི་བྱས་ཡོད།

 

ཕྱི་ཟླ་ ༣ ཚེས་ ༩  ནས་རྨ་ཆུ་རྫོང་བོད་ཡིག་སློབ་འབྲིང་དང་སློབ་ཆུང་། འབར་ཁམས་མི་རིགས་སློབ་འབྲིང་དང་ཁམས་འབྲི་རུ་རྫོང་རྩ་ལ་ཤང་ལྟེ་བའི་སློབ་ཆུང་།  ཀན་ལྷོ་གཙོས་བོད་ཡིག་སློབ་འབྲིང་གསུམ་པ་དང་ཁུལ་སློབ་འབྲིང་། ཞིན་ཧྭ་བོད་ཡིག་སློབ་འབྲིང་བཅས་ཀྱི་སློབ་མ་ཚོས་ཞི་བའི་ངོ་རྒོལ་བྱས་སྟབས། སློབ་གྲྭ་ཁག་ཅིག་གི་སློབ་སྤྱི་དང་དགེ་རྒན་ཕྱིར་ཕུད་དང་དངུལ་གྱི་ཉེས་ཆད་བཏང་བ་དང་། སློབ་མ་ཁག་ཅིག་ལ་ཁྲིམས་ཆད་དང་བཀག་ཉར་བྱས་ཏེ་སློབ་གྲྭ་སྒོ་བརྒྱབ་པ་དང་སློབ་མཚམས་བཞག་པའི་གནས་ཚུལ་བྱུང་ཡོད། 

 

ཕྱི་ཟླ་ ༤ བ་ཙམ་ནས་རྒྱ་གཞུང་གིས་རྡུང་རྡེག་ཚ་ནན་གྱི་ཁ་ཕྱོགས་བོད་རིགས་རྩོམ་པ་པོ་དང་སྨྱུག་ཐོགས་པའི་ཐོག་ལ་བསྐོར་ཏེ། རྩོམ་པ་པོ་ཞོགས་དུང་དང་ཐེའུ་རང་། བུད་ངྷ་དང་ཇོ་ལེབ་ཟླ་བ་སོགས་ལར་ཞེན་ཅན་གྱི་རྩོམ་པ་པོ་དང་རྩོམ་སྒྲིག་པ། དགེ་རྒན་སོགས་འཛིན་བཟུང་བཀག་ཉར་བྱས་པར་མ་ཟད། ཁོར་ཡུག་སྲུང་སྐྱོབ་དང་སྤྱི་ཚོགས་ཞབས་ཞུའི་ལས་དོན་བསྒྲུབ་མཁན་དང་ཚོང་པ་ཀརྨ་བསམ་འགྲུབ་སྤུན་མཆེད་དང་རྡོ་རྗེ་བཀྲ་ཤིས་སྤུན་མཆེད། བསོད་ནམས་བག་བྲོ་སོགས་བཙོན་འཇུག་ཁྲིམས་ཆད་བཅད་ཡོད།

 

ཕྱི་ཟླ་ ༤ བའི་ཚེས་ ༡༤ ཉིན་ཡུལ་ཤུལ་སྐྱེ་རྒུ་མདོར་ཚད་རིམ་ ༦༌༩  ཅན་གྱི་ས་ཡོམ་བརྒྱབ་སྟེ། ཞང་དང་གྲོང་བརྡལ་ ༩ ལྷག་གི་དགོན་པ་དང་གྲོང་སྡེ། སློབ་གྲྭ་ཁག་བཅས་སུ་གནོད་སྐྱོན་ཚབས་ཆེན་བྱུང་ཞིང་། མི་ ༢༦༩༨  འདས་གྲོངས་དང་། མི་ ༡༤༠༠༠ ལ་རྨས་སྐྱོན་ཚབས་ཆེན་ཕོག་པ་མ་ཟད། བོད་མི་མང་པོ་ཞིག་གར་སོང་ཆ་མེད་དུ་གྱུར་ཡོད། ས་ཡོམ་དེ་བརྒྱུད་ནས་བོད་ཆོལ་གསུམ་ཁ་ནས་སྙིང་རྗེ་རོགས་སྐྱོར་དང་ཞལ་འདེབས་བསྡུ་རུབ་ཀྱིས་མཐུན་སྒྲིལ་ལག་རྡང་གཅིག་ཏུ་སྦྲེལ་ཏེ་ཆིག་སྒྲིལ་གྱི་ནུས་པ་བླ་ལྷག་ཏུ་ཐོན་ཡོད།

 

ཕྱི་ཟླ་ ༨ པའི་ཚེས་ ༡༡ ཉིན་ཀན་ལྷོ་འབྲུག་ཆུ་རྫོང་དུ་རི་ཉིལ་འདམ་ཟེགས་ཀྱི་དོན་རྐྱེན་བྱུང་སྟེ། མི་ ༡༡༠༠ ལྷག་འདས་གྲོངས་དང་མི་ ༢༠༠༠ བོར་བརླག སྡོད་ཁང་ ༣༠༠༠ ལྷག་ཆུའི་ནང་འཐིམས་པ། ཁང་པ་ ༧༧༠ ལྷག་བརྡིབ་ཉེན་ལ་ཐུག་པ། མི་མང་ཁྲི་ ༢ ལྷག་གནས་སྤོར་བྱ་དགོས་བྱུང་བ་སོགས་ཀྱི་གནས་ཚུལ་ཚབས་ཆེན་བྱུང་ཞིང་། འདི་ལ་ས་གནས་མང་ཚོགས་ཚོས་མི་ཁྲི་ ༡ ལྷག་རྐྱེན་ལམ་དུ་ཕྱིན་སྐོར་ཡང་བརྗོད།

སྐད་རིགས་རང་དབང་།

 

ཕྱི་ཟླ་ ༩ ཚེས་ ༡༩ ཉིན་མདོ་སྨད་རེབ་གོང་ནས་མགོ་བརྩམས་ཏེ། བོད་ཁུལ་གྱི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་མང་པོ་ཞིག་གིས་“ མི་རིགས་འདྲ་མཉམ། སྐད་རིགས་རང་དབང ” ཞེས་པའི་འབོད་ཚིག་འོག་རྒྱ་གཞུང་ལ་ངོ་རྒོལ་བྱས་ཡོད་ཅིང་། དེ་ནི། ༼ ༢༠༡༠ ལོ་ནས་ ༢༠༡༢ ལོའི་བར་མཚོ་སྔོན་ཁུལ་གྱི་དུས་ཡུན་འབྲིང་རིང་གི་སློབ་གསོའི་བཅོས་བསྒྱུར་དང་འཕེལ་རྒྱས་འཆར་འགོད་རྩ་གནད། ༽ ཅེས་པའི་བོད་སྐད་ཡིག་ཕལ་བར་བཞག་པའི་སྲིད་ཇུས་དེར་མི་འདོད་པའི་རྣམ་འགྱུར་བསྟན་ཡོད།

 

ཕྱི་ཟླ་ ༡༡ པའི་ནང་བོད་ལྗོངས་ཀྱི་འབྲོག་ཁྱིམ་ ༡༢༩༤༩ གཏན་སྡོད་མིན་པའི་དབང་གིས་གྲོང་བརྡལ་གྱི་རྣམ་པར་བསྒྱུར་རྒྱུའི་གསལ་བསྒྲགས་བྱས་ཏེ་ལག་ལེན་བསྟར་མུས་ཡིན་འདུག་ལ། ༢༠༡༥ བར་མཚོ་སྔོན་གྱི་འབྲོག་ཁྱིམ་འབུམ་ ༣ དང་ཁྲི་ ༢ གྲོང་སྡེ་ཅན་དུ་བསྒྱུར་འཆར་ཡོད་པ་ལྟར། མཚོ་སྔོན་མང་རའི་འབྲོག་པ་རྣམས་མགོ་མང་གྲོང་བརྡལ་དུ་གནས་སྤོར་དང་། མགོ་ལོག་ས་ཁུལ་གྱི་འབྲོག་པ་ཁག་ཅིག་འབའ་རྫོང་ཉེ་འདབས་སུ་གནས་སྦོར། མཚོ་བྱང་མདོ་ལ་རྫོང་གི་འབྲོག་སྡེ་ཁག་ཅིག་ཨ་རིག་ཞང་གི་ཉེ་འདབས་སུ་གནས་སྤོར་སོགས་ཀྱི་ལས་འཆར་མགོ་འཛུགས་བྱས་ཡོད།  

 

ཕྱི་ཟླ་ ༥ བ་ཡས་མས་ནས་བོད་ཁུལ་གྱི་ས་ཁུལ་ཁག་ཅིག་ནང་མཉམ་ལས་ཁང་ཟེར་བ་ཞིག་ལག་བསྟར་བྱས་ཏེ། མཚོ་ནུབ་ཐེམ་ཆེན་དང་རྨ་ལྷོ་སོག་རྫོང་། རེབ་གོང་བཅས་སུ་མ་རྐང་མཉམ་ལས་ཁང་ཚོད་ལྟ་བྱས་པ་བརྒྱུད། འབྲོག་པའི་རྩྭ་ས་དང་ཕྱུགས་ཟོག་མཉམ་ལས་ཁང་གི་མ་རྐང་དུ་བཞག་སྟེ། འབྲོག་ཁུལ་ཡོངས་མཉམ་ལས་ཀྱི་ངོ་བོར་བསྒྱུར་བའི་སྲིད་ཇུས་ལག་བསྟར་བྱེད་མགོ་བཙུགས་ཡོད་པ་དང་། སྲིད་བྱུས་འདིས་ས་གནས་མ་ཚོགས་ཚོར་རིག་གནས་གསར་བརྗེ་སྐབས་ཀྱི་མང་ཚོགས་གཞུང་གཅིག་ཅན་གྱི་དུས་ཚོད་དེ་དྲན་གསོ་ཡི་འཇིགས་སྣང་ཆེན་པོ་ཞིག་བསླངས་ཡོད་འདུག

 གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

བོད་ནང་རང་བྱུང་གོད་ཆག་འབྱུང་སྐབས། པར་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་གནོད་ཐེབས་ས་ཁུལ་ཁག་ལ་ཚོད་འཛིན་གྱི་རིམ་པ་མཐོ་རུ་བཏང་།

ཆུ་ཚོད་ ༡༧ སྔོན་ལ།
A Taiwan flag is carried by a Chinook helicopter during a rehearsal for the upcoming National Day celebration in Taipei, Photo :REUTERS/Ann Wang/File
Old Blogs

རྒྱ་ནག་གིས་ཐའེ་ཝན་གྱི་སྐུ་ཚབ་ཚོགས་འདུར་ཞུགས་པར་སྐྱོན་བརྗོད་བྱས། 

ཆུ་ཚོད་ ༡༨ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད།

ཆུ་ཚོད་ ༢༠ སྔོན་ལ།
The Chinese People’s Liberation Army (PLA) Photo:ORF
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་བསྐྱར་བཅོས་བྱས་པའི་རྒྱལ་སྲུང་གི་ཁྲིམས་ཡིག་ཅིག་ལག་བསྟར་བྱ་རྒྱུ་ཡིན་འདུག

༢༠༢༦/༠༩/༠༣
Joshua Wong gets arrested by the police after protesting along with other activists at the Golden Bauhinia for the release of Liu Xiaobo at the Hong Kong Convention and Exhibition Centre in Wan Chai. 28JUN17 SCMP / David Wong
Mobile App

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ལ་ཚེ་བཙོན་ཁྲིམས་ཆད་འཕོག་སྲིད་སྐོར་བརྗོད་འདུག

༢༠༢༦/༠༩/༠༣
པར་བློ་བཟང་ལུང་རྟོགས་ལགས་ཀྱིས་མཁོ་འདོན་བྱས།
Mobile App

ཨོ་གླིང་གནས་མཁར་གསར་བོད་རིགས་མཐུན་ཚོགས་ཀྱིས་དམངས་གཙོའི་དུས་དྲན་སྲུང་གཙི་བྱས། 

༢༠༢༦/༠༩/༠༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese