མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཙོན་ནང་གི་བརྡ་འཕྲིན།

བོད་ཀྱི་དུས་བབ།
༢༠༡༡/༠༡/༠༤
Share on FacebookShare on TwitterShare on EmailShare on Whatsapp

 

ཟླ་སྔོན་མའི་ནང་རྒྱ་ནག་དབུས་བཟོ་ཚོང་དང་བརྡ་འཕྲིན་ལས་ཁུངས་ཀྱི་དྲ་བའི་སྟེང་། རྒྱ་ནག་ནང་ཁྲིམས་མཐུན་མ་ཡིན་པའི་དྲ་རྒྱའི་ཁ་པར་རིགས་བཀག་སྡོམ་བྱ་རྒྱུའི་གསལ་བསྒྲགས་ཤིག་སྤེལ་ཡོད་པ་དང་།  ཚེས་ ༢༩ ཉིན་བརྡ་འཕྲིན་ལས་ཁུངས་ཀྱི་མགོ་གཙོ་ཞིས་ཀོ་ཧྭ་ཡིས། རྒྱ་ནག་ནང་གློག་ཀླད་དྲ་རྒྱ་བརྒྱུད་ཁ་པར་སྟེང་ཐད་ཀར་མཐུད་ཡོད་པའི་ཁྲིམས་འགལ་གྱི་བརྡ་འཕྲིན་མ་ལག་རིགས་བཀག་སྡོམ་བྱ་རྒྱུ་ཡིན་སྐོར་བསྐྱར་དུ་ནན་བཤད་བྱས་ཡོད་པར་བརྟེན། སི་ཁེབ་པི་ Skype བེད་སྤྱོད་གཏོང་མཁན་ཚོས་རྒྱ་གཞུང་གིས་ལོ་སྔོན་མར་གྷོ་གྷིལ་འཚོལ་བཤེར་དྲ་རྒྱར་གནོན་ཤུགས་སྤྲད་དེ་ཕྱིར་ཕུད་བཏང་ཡོད་པ་དང་། ད་ལོ་སི་ཁེ་ཕེ་དྲ་རྒྱའི་ཁ་པར་ཡང་ཕྱིར་འཕུད་གཏོང་སྲིད་པའི་བློ་འཚབ་ཆེན་པོ་བྱེད་ཀྱི་ཡོད་འདུག

དེང་སྐབས་འཛམ་གླིང་སྟེང་སི་ཁེབ་པི་ཁ་པར་བེད་སྤྱོད་གཏོང་མཁན་དུང་ཕྱུར་ ༡།༢༤ ལྷག་ཡོད་འདུག་ལ། རྒྱ་ནག་ནང་སི་ཁེ་ཕེ་ཁ་པར་སྤྱོད་མཁན་ཁྲི་ ༢༠༠༠ ལྷག་ཡོད་འདུག རྒྱ་ནག་ནས་རྒྱལ་ཁབ་གཞན་ལ་སི་ཁེ་ཕེ་ཁ་པར་བཏང་བ་ཡིན་ན། སྐར་མ་རེར་རྒྱ་སྒོར་ ༠་༡༩ ཡིན་པ་དང་། རྒྱ་ནག་གི་གཞུང་འབྲེལ་བརྒྱུད་ལམ་ཁག་ནས་སྐར་མ་རེར་རྒྱ་སྒོར་ ༢་༤ ཡིན་སྟབས། རྒྱ་ནག་གི་མང་ཚོགས་ཚོས་སི་ཁེབ་པི་ལ་དགའ་མོས་ཆེན་པོ་བྱེད་ཀྱི་ཡོད་འདུག ཡིན་ནའང་། རྒྱ་ནག་དབུས་གློག་འཕྲིན་ལས་ཁུངས་དང་། མཉམ་འབྲེལ་འཕྲིན་གཏོང་ལས་ཁུངས། སྒུལ་བསྐྱོད་བརྡ་འཕྲིན་ལས་ཁུངས་གསུམ་མ་གཏོགས་སྒེར་གཉེར་འཕྲིན་གཏོང་བརྒྱུད་ལམ་ཁག་ཡོངས་རྫོགས་ཁྲིམས་འགལ་གྱི་ཉེས་འཛུགས་བྱས་ཡོད་འདུག

ཉེ་སྔོན་རྒྱ་གཞུང་གིས་གསལ་བསྒྲགས་བྱས་པའི་གྲངས་འབོར་ལྟར་ན། ཕྱི་ལོ་ ༢༠༡༠ ལོར་རྒྱ་ནག་ཏུ་བརྡ་འཕྲིན་དྲ་རྒྱ་སྤྱོད་མཁན་མི་གྲངས་དུང་ཕྱུར་ ༤་༥ ཙམ་ཡོད་པ་དང་། དེས་རྒྱ་ནག་གི་སྤྱིའི་མི་འབོར་གྱི་སུམ་ཆ་གཅིག་ཟིན་ཡོད་པ་དང་། ལོ་སྔོན་མ་ལས་བརྒྱ་ཆ་ ༢༠་༣ ཙམ་ཇེ་མང་དུ་ཕྱིན་ཡོད་པ་མ་ཟད། འཛམ་གླིང་སྟེང་དྲ་རྒྱ་སྤྱོད་མཁན་གྱི་མི་གྲངས་མང་ཤོས་ཀྱི་རྒྱལ་ཁབ་དེ་ཆགས་ཡོད།  ཡིན་ནའང་། རྒྱ་ནག་ནང་བརྡ་འཕྲིན་དྲ་རྒྱའི་རང་དབང་གི་གནས་སྟངས་སྔར་ལས་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པ་རེད། རྒྱལ་སྤྱིའི་སྟེང་མང་ཚོགས་ཀྱིས་དགའ་མོས་ཐོབ་བཞིན་པའི་གྷོ་གྷལ་(google)འཚོལ་བཤེར་དྲ་རྒྱ་དང་། ངོ་དེབ་ (Facebook) ། ཊི་ཝེ་ཊིར་ (Twitter) ། ཡོའུ་ཊོབ་ (youTube) སོགས་བཀག་སྡོམ་བྱས་ཡོད་པར་མ་ཟད།  ཕྱི་ལོ་ ༢༠༠༥ ལོར་སི་ཁེབ་པི་ཡང་ཐེངས་གཅིག་ལ་བཀག་སྡོམ་བྱས་མྱོང་ཡོད་པ་རེད།    

གསར་འགོད་པ། ཚེ་རིང་རྒྱལ།

 

འབྲེལ་ཡོད་གསར་འགྱུར།

Mobile App

ཨ་མའི་དུས་ཆེན་ཉིན་མོར་ཨ་མར་ཕྱིར་དྲན་གསོན་པོ་ཞིག

ཆུ་ཚོད་ ༡༧ སྔོན་ལ།
Mobile App

འདི་ལོ་བོད་པའི་སློབ་གྲྭ་ཁག་གི་ཡིག་རྒྱུགས་འཕྲོད་པའི་བརྒྱ་ཆ་ ༩༨།༥༨ རེད་འདུག

༢༠༢༦/༠༥/༡༥
ttt
Mobile App

རྩོད་རྙོག་ཟེར་བ་དེ་བཟང་ཕྱོགས་སུ་བསྒྱུར་རྒྱུའི་ཐབས་ལམ་ཡོད།

༢༠༢༦/༠༥/༡༥
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་གིས་ཌ་སི་མོན་ཊུ་ཊུ་དམ་པ་དེ་ཉིད་སྙིང་ནས་བརྩེ་བའི་གྲོགས་པོ་ཞིག་ཡིན་གསུངས།

༢༠༢༦/༠༥/༡༥
Donald Trump and Xi Jinping at a bilateral meeting. Photograph: Alex Wong/Getty Images
Mobile App

ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་དང་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིང་གཉིས་ཐུག་འཕྲད་གནང་།

༢༠༢༦/༠༥/༡༤
ཕྱག་འཁྱེར་གནང་བ།
Mobile App

ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་སློབ་ཐོན་པ་ ༢༢ ལ་ཕྱག་འཁྱེར་གནང་།

༢༠༢༦/༠༥/༡༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese