མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གི་བཤད་སྤྱོད་དེ་རིགས་ལ་གཞི་རྟེན་གང་ཡང་མེད།

བོད་ཀྱི་དུས་བབ།
༢༠༡༡/༠༡/༠༤
Share on FacebookShare on TwitterShare on EmailShare on Whatsapp

དབུ་མའི་མལ་ནི་བོད་རིགས་ཚོར་ཆེ་རྩ་ཆེན་པོ་དང་ཁེ་ཕན་ལྡན་པ་ཞིག་ཡིན་ལ། དབུ་མའི་ལམ་གྱི་སྲིད་བྱུས་བརྒྱུད་དེ་འཛིན་སྐྱོང་གཅིག་གི་འོག་ཏུ་བོད་རིགས་ཚང་མ་གཅིག་གྱུར་བཟོ་ཐུབ་པའི་དགེ་མཚན་ཆེན་པོ་ལྡན་ཡོད་ཟེར།

ཁ་སང་ཉིན་རྒྱབ་ངྷ་ས་ཉིན་སློབ་རྒྱལ་ཡུལ་ཆེན་མོའི་ཚོགས་ཁང་དུ། བོད་གཞུང་ཕྱི་དྲིལ་ལས་ཁུངས་ཀྱི་གོ་སྒྲིག་ལྟར། ཕྱི་རྒྱལ་ཁག་ནས་ཕེབས་པའི་བོད་པའི་གྲོགས་པོ་སྐོར་ཞིག་དང་། ངྷ་ས་ཁུལ་གྱི་བོད་རིགས་མང་ཚོགས་ཚོར་བཀའ་བློན་ཁྲི་བ་ཟམ་གདོང་རིན་པོ་ཆེ་མཆོག་གིས་དབྱིན་སྐད་ཐོག དབུ་མའི་ལམ་གྱི་ཐོག་མའི་བྱུང་རིམ་དང་། བར་གྱི་འགྱུར་བ། ད་ལྟའི་གནས་བབ་གསུམ་གྱི་ཐོག་གཏམ་བཤད་གནང་སོང་། གཏམ་བཤད་ཀྱི་ཐོག་མར་ཕྱི་དྲིལ་དྲུང་ཆེ་ཐུབ་བསྟན་བསམ་འཕེལ་ལགས་ཀྱིས། ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཕེབས་པའི་བོད་ཀྱི་གྲོགས་པོ་ཚོར་བོད་རྒྱ་གཉིས་ཕན་དབུ་མའི་ལམ་གྱི་སྲིད་བྱུས་ཤེས་རྟོགས་བྱ་འདོད་ཡོད་པ་ལྟར། ད་ཐེངས་བཀའ་བློན་ཁྲི་པ་མཆོག་གིས་དབྱིན་སྐད་ཐོག་ཁོང་ཅག་ལ་ངོ་སྤྲོད་བྱ་རྒྱུ་ཡིན་ལུགས་བརྗོད་བྱུང་།

སྐབས་དེར་བཀའ་བློན་ཁྲི་མཆོག་གིས་ངྷ་རམ་ས་ལ་རུ་དབྱིན་སྐད་ཐོག་གཏམ་བཤད་བྱ་རྒྱུ་འདི་ཡ་མཚན་པོ་ཞིག་དང་ཅུང་མ་བདེ་བ་ཞིག་ཡིན་སྐོར་གྱི་རྩེད་མཚར་དང་སྦྲགས། བོད་མི་ཚོའི་དགོས་འདུན་གང་ཡིན་ཟེར་ན། ད་ལྟའི་རྒྱ་གཞུང་གི་འཛིན་སྐྱོང་བྱེད་སྟངས་འདི་ངོས་ལེན་མེད་པ་དང་། ལོ་རྒྱུས་ཐོག་གི་བོད་རང་བཙན་དེ་རྩོད་ལེན་མི་བྱེད་པ། མཐའ་དེ་གཉིས་སྤངས་པའི་དཀྱིལ་ཏེ། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒྲོམ་གཞིའི་ནང་ཆོལ་གསུམ་བོད་རིགས་ཡོངས་རྫོགས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་སྲིད་བྱུས་ཤིག་ལ་འབད་བརྩོན་བྱེད་ཀྱི་ཡོད།  

ད་ལྟའི་རྒྱ་ནག་གི་རྩ་ཁྲིམས་ནང་མི་རིགས་ས་གནས་རང་སྐྱོང་གི་ཐོབ་ཐང་འཁོད་ཡོད་པའི་ནང་དབྱེ་བ་གཉིས་ཡོད། གཅིག་དམིགས་བསལ་ས་ཁུལ་མེད་པའི་གྲངས་ཉུང་མི་རིགས་ལ་དམིགས་བསལ་མི་རིགས་རང་དབང་གི་ཐོབ་ཐང་ཡོད་པ་དང་། གཞན་དེ་ནི་དམིགས་བསལ་ས་ཁུལ་ཡོད་པའི་གྲངས་ཉུང་མི་རིགས་ལ་གྲངས་ཉུང་མི་རིགས་གི་ཐོབ་ཐང་དང་ས་གནས་རང་སྐྱོང་གི་བདག་དབང་ཡོད་པ་དེ་རེད། མི་རིགས་ས་གནས་རང་སྐྱོང་གི་བདག་དབང་ནང་། ཕྱི་འབྲེལ་དང་རྒྱལ་མཚམས་བདེ་སྲུང་གཉིས་མ་གཏོགས་གཞན་ཚང་མ་ཚུད་ཡོད་སྟབས། ༧གོང་ས་མཆོག་གིས་ད་ལྟའི་བར་རྒྱུན་འཁྱོངས་བྱེད་བཞིན་པའི་དབུ་མའི་ལམ་དེ་རྒྱ་ནག་གི་རྩ་ཁྲིམས་ནང་འཁོད་པའི་མི་རིགས་ས་གནས་རང་སྐྱོང་གི་མངོན་འདོན་དེ་ཡིན། ཅེས་དང་།  

རྒྱ་ནག་གིས་གྲོས་མོལ་དང་དམག་ཤུགས་ཟུང་འབྲེལ་ཐོག་བོད་བཙན་འཛུལ་བྱས་ཏེ། ཕྱི་ལོ་ ༡༩༥༡ ཟླ་ ༥ པའི་ཚེས་ ༢༣ ཉིན་གྲོས་མཐུན་དོན་ཚན་ ༡༧ ལ་མིང་རྟགས་འགོད་དགོས་བྱུང་བ་རེད། གྲོས་མཐུན་དེའི་དོན་ཚན་འགའ་ཞིག་གང་འཚམ་བོད་མི་ཚོར་ཕན་ཐོགས་ཡོད་པ་ཞིག་ཡིན་ཡང་། རྒྱ་ནག་གཞུང་གིས་རིམ་བཞིན་དོན་ཚན་རེ་རེའི་མངོན་འདོད་ལ་རྩིས་མེད་བཏང་མཐར།  ༡༩༥༩ ལོའི་ཟླ་གསུམ་པའི་ཚེས་ ༡༠ ཉིན་གྱི་བོད་མིའི་སྒེར་ལངས་ཆེན་མོ་བྱུང་བ་རེད་ལ། སྒེར་ལངས་དེར་རྒྱ་གཞུང་གིས་དྲག་གནོན་བྱས་ཏེ་ལྷ་ས་ཁུལ་དུ་བོད་རིགས་ཁྲི་ཕྲག་མང་པོ་དམར་གསོད་བཏང་ཞིང་། ༧གོང་ས་མཆོག་གཙོས་པའི་བོད་མི་ཧ་ཅང་མང་པོ་ཞིག་རྒྱ་གར་དུ་བཙན་བྱོལ་དུ་གྱར་དགོས་བྱུང་བ་རེད། ༧གོང་ས་མཆོག་རྒྱ་གར་གྱི་ས་གནས་ཏེ་ཛ་པུར་དུ་འབྱོར་རྗེས། ཕྱི་ལོ་༡༩༥༩  ཕྱི་ཟླ་ ༤ ཚེས་ ༡༨ ཉིན་གྲོས་མཐུན་དོན་ཚན་ ༡༧ རྩིས་མེད་བཏང་བ་ཡིན་ཞེས་ཁྱབ་བསྒྲགས་བྱས་ཤིང་། ཉིན་དེ་ནས་བཟུང་བོད་རང་བཙན་བསྐྱར་གསོའི་ལས་འགུལ་མགོ་འཛུགས་བྱ་རྒྱུའི་གསལ་བསྒྲགས་བསྐྱངས་ཡོད། གྲོས་མཐུན་དེར་ངོས་ལེན་མི་བྱེད་པར་རྒྱུ་མཚན་གཉིས་ཡོད། དང་པོ། གྲོས་མཐུན་དེ་བཙན་འོག་ཏུ་བཞག་པ་དང་། གཉིས་པ་རྒྱ་ནག་གཞུང་གིས་གྲོས་མཐུན་གྱི་འབྲུ་དོན་རྡོག་རོལ་དུ་བཏང་བ་གཉིས་ཡིན། ཞེས་གསུངས་བྱུང་།

 

བཀའ་ཁྲི་མཆོག་གིས་དབུ་མའི་ལམ་གྱི་ཐོག་མའི་དབུ་འཛུགས་སྟངས་སྐོར་ངོ་སྤྲོད་གནང་དོན། རྒྱ་གར་ནང་འབྱོར་རྗེས་སྐྱབས་བཅོལ་བ་ཚོར་དཀའ་ངལ་མང་པོ་འཕྲད་པ་བརྒྱུད། ཁོང་གིས་མ་འོངས་པའི་བོད་མིའི་འཐབ་རྩོད་ཀྱི་སྲིད་བྱུས་ཐད་བསྐྱར་དུ་ཐུགས་བསམ་ཞིབ་མོར་གནང་བ་རེད། ལོ་རབས་དྲུག་ཅུ་བའི་མཇུག་ཙམ་ནས་རྒྱལ་སྤྱིའི་ཁ་ཕྱོགས་དང་བོད་ནང་གི་དངོས་ཡོད་གནས་ཚུལ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་བབ་བཅས་ལ་གཟིགས་ཏེ། ཁོང་གིས་བཀའ་ཤག་དང་སྤྱི་འཐུས། རྒྱ་གར་དང་ནུབ་ཕྱོགས་པའི་བོད་དོན་རྒྱབ་སྐྱོར་བ་སོགས་ལ་གྲོས་བསྡུར་ཡུན་རིང་བྱས་མཐར་ ༡༩༧༤ ལོར་རང་བཙན་མ་ཡིན་པར་རྒྱ་ནག་འོག་ཆེས་མཐོའི་རང་སྲིད་རང་སྐྱོང་གི་དགོས་འདུན་ལ་འགྱུར་བ་ཕྱིན་པ་ནས་དབུ་མའི་ལམ་གྱི་སྲིད་བྱུས་གཏན་འབེབས་བྱས་པ་རེད། འོན་ཀྱང་སྐབས་དེར་ཕྱོགས་གཉིས་བར་ཞི་མོལ་བྱ་རྒྱུའི་གོ་སྐབས་བྱུང་མེད། ༡༩༧༩ ནང་མའོ་ཤི་སྟེ་ཏིན་གྱིས་སྲིད་དབང་བཟུང་མ་ཐག རང་བཙན་མ་ཡིན་པའི་གནད་དོན་གང་འདྲ་ཞིག་ཡིན་རུང་ཞི་མོལ་བྱ་འདོད་ཡོད་པའི་སྐད་ཆ་བྱུང་ཡོད། འདི་ནི་༧གོང་ས་མཆོག་ལ་ལོ་ངོ་ཉི་ཤུའི་གོང་ནས་ཡོད་པའི་དགོངས་བཞེད་ཅིག་ཆགས་ཡོད་པ་མ་ཟད། དབུ་མའི་ལམ་གྱི་སྲིད་བྱུས་ཀྱང་སྔ་ས་ནས་གཏན་འབེབས་བྱས་ཡོད་སྟབས། དེ་མ་ཐག་ཁོང་གིས་རང་བཙན་མི་རྩོད་པར་རང་སྲིད་རང་སྐྱོང་ཐོག་ཞི་མོལ་བྱ་ཆོག་པའི་བརྡ་ལན་སྤྲད་པ་རེད། ཅེས་ཐོག་མའི་བྱུང་རིམ་སྐོར་ངོ་སྤྲོད་གནང་བྱུང་།

 

ཁོང་གིས་མུ་མཐུད་དུ་བར་གྱི་འགྱུར་བ་ཁག་ཅིག་ངོ་སྤྲོད་གནང་དོན། ཕྱི་ལོ་ ༡༩༧༩ ནས་ ༡༩༩༤ བར་རང་བཙན་བློས་བཏང་གིས་སྐུ་ཚབ་རིམ་པར་བཏང་སྟེ། ཞི་མོལ་གྱི་ཐོག་ནས་དཀའ་རྙོག་སེལ་ཐབས་བྱས་ཀྱང་གྲུབ་འབྲས་གང་ཡང་མ་བྱུང་བ་རེད། ཡིན་ནའང་༧གོང་ས་མཆོག་གིས་དབུ་མའི་ལམ་གྱི་སྲིད་བྱུས་རྒྱུན་འཁྱོངས་བྱས་ཤིང་སྲིད་བྱུས་ཁ་ཇེ་གསལ་དུ་བཏང་ཡོད། ལྷག་པར་དུ་ ༡༩༨༨ ལོའི་ཟླ་ ༦  ཚེས་ ༡༥  ཉིན་སི་ཏྲ་སི་སྦག་གི་ཡུ་རོབ་གྲོས་ཚོགས་ཐོག རྒྱ་ནག་གི་རྩ་ཁྲིམས་སྒྲོམ་གཞིའི་འོག་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་དགོས་འདུན་བཏོན་ཡོད་ཀྱང་། རྒྱ་ནག་གཞུང་གིས་དེ་ལ་ངོས་ལེན་བྱས་མེད་པ་མ་ཟད། ༡༩༩༤ ལོ་ནས་བོད་རྒྱའི་འབྲེལ་ལམ་ཡང་ཆད་ཡོད།  ཅེས་དང་།

༢༠༠༡ ལོར་བོད་རྒྱའི་འབྲེལ་ལམ་བསྐྱར་མཐུད་བྱུང་སྟེ་ད་ལྟའི་བར་སྐུ་ཚབ་ཐེངས་དགུ་ཙམ་ཕྱིན་པ་རེད། ལྷག་པར་དུ་ ༢༠༠༨ ལོར་ཚོས་རྒྱ་ནག་ལ་ཡིག་ཆ་ཞིག་ཕུལ་བའི་ནང་། ད་ལྟའི་རྒྱ་ནག་གི་རྩ་ཁྲིམས་ནང་བཀོད་པའི་གྲངས་ཉུང་མི་རིགས་ཀྱི་ས་གནས་རང་སྐྱོང་གི་དོན་ཚན་རྣམས་དངོས་སུ་ལག་བསྟར་བྱུང་ན། དེ་ལས་དགོས་འདུན་གཞན་མེད་པ་རྩ་ཁྲིམས་ཀྱི་དོན་ཚན་ཁག་ཅིག་ལུང་འདྲེན་བྱས་ཡོད་ཀྱང་། རྗེས་སུ་རྒྱ་ནག་གཞུང་གིས་ཡིག་ཆ་དེ་ལ་ངོས་ལེན་མ་བྱས་པ་མ་ཟད། ལུང་འདྲེན་ཡིག་ཆའི་འབྲུ་དོན་ཁག་ལ་ལོག་འགྲེལ་དང་འཁྱོག་བཤད་མང་པོ་བྱས་ཡོད་སྟབས། ད་ལོའི་སྐུ་ཚབ་ཐེངས་དགུ་བའི་སྐབས་སྔོན་གྱི་ཡིག་ཆ་དེ་ལ་འགྲེལ་བཤད་ཀྱི་ཡིག་ཆ་གཉིས་པ་ཞིག་ཕུལ་ཡོད་ཀྱང་ད་བར་བརྡ་ལན་གསལ་བོ་གང་ཡང་བྱུང་མེད། ཅེས་གསུངས་བྱུང་།

མཐའ་དོན་ཁོང་གིས་གསུང་དོན། ད་ལྟའི་ཆར་ང་ཚོས་འཚོལ་བཞིན་པ་ནི་རྒྱ་ནག་གི་རྩ་ཁྲིམས་ནང་གང་འཁོད་ཡོད་པའི་གྲངས་ཉུང་མི་རིགས་ཀྱི་ས་གནས་རང་སྐྱོང་གི་དོན་ཚན་དག་དངོས་སུ་ལག་བསྟར་བྱ་རྒྱུ་དེ་ཡིན་པ་ལས། རྒྱ་ནག་གི་རྩ་ཁྲིམས་ལ་བཟོ་བཅོས་དང་འགྱུར་བ་གཏོང་དགོས་པ་གང་ཡང་མ་རེད། ཏཱ་ལའི་བླ་མས་ཕྱེད་རང་བཙན་དང་རྣམ་པ་མི་གསལ་བའི་རང་བཙན་རྩོད་ཀྱི་འདུག་ཟེར་བའི་རྒྱ་ནག་གི་བཤད་སྤྱོད་དེ་རིགས་ལ་གཞི་རྟེན་གང་ཡང་མེད། གནད་དོན་གཙོ་བོ་རྒྱ་ནག་གི་དཔོན་རིགས་ཚོར་གནད་དོན་ཐག་གཅོད་བྱ་རྒྱུའི་འདོད་མོས་མེད་པ་དེ་རེད། དབུ་མའི་མལ་ནི་བོད་རིགས་ཚོར་ཆེ་རྩ་ཆེན་པོ་དང་ཁེ་ཕན་ལྡན་པ་ཞིག་ཡིན་ལ། དབུ་མའི་ལམ་གྱི་སྲིད་བྱུས་བརྒྱུད་དེ་འཛིན་སྐྱོང་གཅིག་གི་འོག་ཏུ་བོད་རིགས་ཚང་མ་གཅིག་གྱུར་བཟོ་ཐུབ་པའི་དགེ་མཚན་ཆེན་པོ་ལྡན་ཡོད། ཅེས་ངོ་སྤྲོད་ཧ་ཅང་ཞིབ་རྒྱས་གནང་སོང་།

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

ཉན་ཞིབ་འཚོགས་བཞིན་པའི་རྣམ་པ། དཔལ་ལྡན་རྒྱལ་གྱི་པར།
Mobile App

རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་བརྗེད་མི་ཉན་པའི་ཐད་ཉན་ཞིབ་ཅིག་འཚོགས། 

སྐར་མ ༤༠ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠

མཆན། 5

  1. རྣམ་རྒྱལ་དོན་འགྲུབ། says:
    ལོ་ 16 སྔོན།

    དེ་རིང་དུས་བབ་ཚང་གིས་བོད་རིགས་ཚོར་དབུ་མའི་མལ་ས་ཞིག་བཟོས་འདུག་པས་ད་ཡིན་ན་སྐྱིད་པོ་ཉལ་ས་རེད།

    Reply
  2. གནས་ཚང་། says:
    ལོ་ 16 སྔོན།

    ད་ཡིན་ན། ཆ་ཚང་ཕམ་ནས་རྐང་སྣམ་ཡང་ཤོར་ཚར་འདུག ཡིན་ནའི། ད་ཐེངས་བཀའ་ཁྲིའི་འོས་མི་སུས་རྒྱ་གཞུང་ལ་སྤྲད་ཚར་བའི་ཡིག་ཆ་དེ་གཉིས་རྒྱ་གཞུང་ལ་མོས་མཐུན་མ་བྱུང་བའི་ཡར་སྔོན་ཚུར་བསྡུ་ཀི་ཡིན་ལབ་ཐུབ་པ་བྱུང་ན། དེར་འོས་བསྡུའི་རྒྱལ་ཁ་ཐོབ་རྒྱུ་ཡིན་པ་གསལ་བོ་རེད།

    Reply
  3. མྱི་ལྟིག says:
    ལོ་ 16 སྔོན།

    གསར་འགོད་པ་བནྡེ་སྐྱབས་ལགས། བསམ་གདོང་མ་རེད་ཟམ་གདོང་རེད། དེ་མིན་ཡིག་ནོར་ཡོད་མེད་ལྟ་ཁོམ་མ་བྱུང་།

    Reply
  4. སྒོ་བུ་གྲགས་པ། says:
    ལོ་ 16 སྔོན།

    གཞིས་བྱེས་བོད་མི་ཡོངས་ནས་རྡོག་རྩ་གཅིག་སྒྲིལ་ངང་མི་རིགས་རང་གི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་། ད་དུང་དེང་རབས་ཀྱི་ཤེས་ཡོན་ལ་འབད་བརྩོན་བྱས་ན། ང་ཚོ་ངེས་པར་དུ་རྒྱལ་ཁ་ཐོབ་ངེས་ཡིན་པས་ཚང་མས་སེམས་མ་ཞུམ། སྙིང་སྟོབས་ལ་བརྟེན་ནས་ང་ཚོས་ལས་ལ་བརྩོན་ཏེ་རང་མགོ་ཐོན་པ་བྱེད་དགོས།

    Reply
  5. སྒོ་བུ་གྲགས་པ། says:
    ལོ་ 16 སྔོན།

    བོད་མི་རིགས་ལ་བཀའ་དྲིན་ཆེ་བའི་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ནས་བོད་ཀྱི་འདས་ད་ལྟའི་གནས་སྟངས་ཁ་གསལ་བོ་ཞིག་གསུངས་འདུག འོན་ཀྱང་ང་ཚོས་ཁོང་གི་གསུངས་ལས་རྟོགས་ཐུབ་པ་ཞིག་ནི། ད་ལྟའི་འགྲོ་བཞིན་པའི་བོད་རྒྱ་འབྲེལ་མོལ་ལ་རེ་བ་དེ་ཙམ་མེད་པ་དེ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese