མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཤེས་རབ་དགའ་ཚལ་སློབ་གླིང་ནས་བཀའ་ཁྲི་འཐོན་དགོས།

བོད་ཀྱི་དུས་བབ།
༢༠༡༡/༠༡/༠༥
Share on FacebookShare on TwitterShare on EmailShare on Whatsapp

ཤེས་རབ་དགའ་ཚལ་སློབ་གླིང་དེ་སམ་བྷོ་ཊའི་ཁྱབ་ཁོངས་སུ་ཟླ་སྒྲིལ་གཏོང་བའི་མཛད་སྒོ་ཞིག་ཚོགས་ཡོད་ཅིང་། མཛད་སྒོའི་སྟེང་ཤེས་རིག་བཀའ་བློན་དང་སམ་བྷོ་ཊ་སྤྱི་ཁྱབ་འགན་འཛིན་རྣམ་གཉིས་ཀྱིས་མ་འོངས་པར་སློབ་གྲྭ་འདིར་ཡར་རྒྱས་གང་འཚམ་ཡོང་ངེས་ཡིན་སྐོར་གསུངས་ཡོད།

ཁ་སང་ཕྱི་ཚེས་ ༤ ཉིན་ཏེ་ཕྱི་ལུགས་ཀྱི་ལོ་གསར་ཚེས་མགོ་དང་སྟབས་བསྟུན་ཏེ། ངྷ་རམ་ས་ལའི་ཉེ་འཁྲིས་ཀྱི་ཤེས་རབ་དགའ་ཚལ་སློབ་གླིང་སམ་བྷོ་ཊའི་ཁྱབ་ཁོངས་སུ་རྩིས་སྤྲོད་རྩིས་ལེན་བྱས་པའི་མཛད་སྒོ་ཞིག་ཚོགས་ཡོད་ཅིང་། མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་གཞུང་ཤེས་རིག་བཀའ་བློན་ཐུབ་བསྟན་ལུང་རིགས་མཆོག་དང་། སམ་བྷོ་ཊ་སྤྱི་ཁྱབ་འགན་འཛིན་ཀརྨ་ཆུང་བདག་ལགས་རྣམ་གཉིས་གཙོས་པའི་འབྲེལ་ཡོད་ལས་བྱེད་ཁག་ཅིག་ཕེབས་འདུག མཛད་སྒོའི་སྟེང་ཤེས་རབ་དགའ་ཚལ་སློབ་གླིང་གི་འགན་འཛིན་བུ་ཕྲུག་ཤཱསྟི་ལགས་ཀྱིས་ངོ་སྤྲོད་བྱས་དོན། སློབ་གྲྭ་འདི་ནི་བོད་གཞུང་གི་ལམ་སྟོན་ལྟར་ ༡༩༩༣  ཟླ་ ༣ ཚེས་ ༧ ཉིན། བོད་ནས་གསར་དུ་འབྱོར་བའི་རང་ལོ་ ༡༨ ནས་ ༣༠ བར་གྱི་གཞོན་སྐྱེས་ ༡༠༠ ལྷག་ལ་དམིགས་ཏེ་ཐོག་མར་བཙུགས་པ་ཞིག་ཡིན་ཞིང་། སྐབས་དེར་སློབ་གྲྭའི་འཛིན་སྐྱོང་དབུས་སྣེ་ལེན་ཁང་གིས་གནང་ཡོད། ༢༠༠༢ ལོའི་ཟླ་ ༣ ཚེས་ ༡༧ ཉིན་སྣེ་ལེན་ཁང་གིས་བོད་གཞུང་ཤེས་རིག་ལ་རྩིས་སྤྲད་དེ་ད་བར་ཤེས་རིག་གིས་འཛིན་སྐྱོང་གནང་བ་རེད། ཕྱི་ལོ་ ༡༩༩༣ ནས་ ༢༠༡༠ ལོའི་ལོ་མཇུག་བར་སློབ་གྲྭ་འདིར་བོད་ནས་སློབ་མ་  ༦༤༥༣  ཙམ་འབྱོར་ཡོད་ལ། སློབ་གྲྭ་འདི་ནས་ལོ་ལྔའི་ཤེས་ཡོན་སློབ་མཐར་ཕྱིན་པ་ ༧༡༠ ཙམ་དང་། འཚེམ་བཟོ་སློབ་ཐོན་པ་ ༧༥ ། ལྷ་བྲིས་པ་ ༢༠ བཅས་བྱུང་ཡོད། ད་ཆར་སློབ་གྲྭ་འདིར་སློབ་མ་ ༤༢༥ དང་དགེ་ལས་ ༥༢ བཅས་ཡོད། ཁ་སང་ཕྱི་ཚེས་ ༣ ཉིན་སློབ་གྲྭ་འདི་ཤེས་རིག་ནས་སམ་བྷོ་ཊའི་ཁོངས་སུ་རྩིས་སྤྲོད་གཙང་མ་བྱས་ཡོད་ཅེས་བརྗོད་བྱུང་།

 

སྐབས་དེར་སམ་བྷོ་ཊ་སྤྱི་ཁྱབ་འགན་འཛིན་ཀརྨ་ཆུང་བདག་ལགས་ཀྱིས་བརྗོད་དོན། དེ་རིང་ནི་ཤེས་རབ་དགའ་ཚལ་སློབ་གླིང་འདི་སམ་བྷོ་ཊའི་ཁྱབ་ཁོངས་སུ་བླངས་པའི་ཉིན་དང་པོ་རེད། སམ་བྷོ་ཊ་སྤྱི་ཁྱབ་ཡིག་ཚང་ནི་བྱིས་པ་རང་ལོ་ ༣ ནས་ ༡༨ བར་གྱི་ཤེས་ཡོན་ཐོག་འགན་འཁུར་མཁན་ཞིག་ཆགས་ཡོད་སྟབས། དེ་རིང་སློབ་གྲྭ་འདིའི་སློབ་མ་ཚོ་ལོ་ཆེན་པོ་ཡིན་པ་མཐོང་སྐབས་ཅུང་མི་འདྲ་བ་ཞིག་འདུག དེ་རིང་ཤེས་རིག་ལས་ཁུངས་ཀྱིས་སློབ་གྲྭ་འདིའི་འཛིན་སྐྱོང་ཚང་མ་ང་ཚོར་རྩིས་སྤྲད་ཡོད། ཉིན་རེའི་འཛིན་སྐྱོང་སམ་བྷོ་ཊས་གནང་དགོས་ནའང་། ང་ཚོ་ད་དུང་ཡང་ཤེས་རིག་གི་ཁྱབ་ཁོངས་འོག་བསྡད་ཡོད་པ་རེད། ངས་ཁྱེད་ཚོར་བསམ་ཚུལ་ཁ་ཤས་ཤིག་བཤད་འདོད་བྱུང་། ཁྱེད་ཚོར་ཕར་ཕྱོགས་སུ་སྡོད་ས་དང་བཟའ་རྒྱུ་མེད་པར་རྒྱ་གར་ལ་ཡོང་བ་ཡིན་རྒྱུ་མ་རེད། ལ་ལུང་མང་པོ་བརྒྱུད་ཅིང་ལུས་ཀྱི་དཀའ་བ་སྤྱད་དེ་རང་སྲོག་འབེན་ལ་བཙུགས་ཏེ་ཡོང་བ་ཞིག་རེད། ཁྱེད་ཚོ་འདིར་ཡོང་དོན་ཐད་ཁྱེད་རང་ཚོས་བསམ་བློ་བཏང་ན་ལན་ཏག་ཏག་ཐེབས་ཀྱི་རེད། ངས་བསམ་ན། ཕར་ཕྱོགས་སུ་མི་རག་པ་མང་པོ་ཞིག་འདི་ནས་རག་ཐུབ་ཀྱི་ཡོད་སྟབས། ཁྱེད་ཚོ་འདིར་ཡོང་བ་ཞིག་རེད་བསམ་གྱི་ཡོད། དཔེར་ན། ༧གོང་ས་མཆོག་མཇལ་རྒྱུ་དང་། རིག་གཞུང་སློབ་གཉེར་གནང་རྒྱུ། བཙན་བྱོལ་དུ་འཚར་བའི་གཞོན་སྐྱེས་རྣམས་དང་མཉམ་འབྲེལ་བྱ་རྒྱུ་བཅས་ཀྱི་ཆེད་ས་ཐག་རིང་པོ་ནས་ཕེབས་པ་ཞིག་རེད། དེ་ལྟར་ཡིན་ན། སློབ་སྦྱོང་ཐོག་ཆུ་ཚོད་འཕྲོ་བརླག་ཏུ་རྩ་བ་ནས་གཏོང་རྒྱུ་ཡོད་པ་མ་རེད། བོད་ནས་མི་གཅིག་བསླེབས་ཀྱང་དེ་ནི་ང་ཚོའི་འཐབ་རྩོད་ལ་རྒྱབ་སྐྱོར་བྱེད་དུ་ཡོང་བ་རེད་བསམ་སྟེ་སེམས་སུ་སྤོབས་པ་སླེབས་ཀྱི་འདུག ཅེས་གསུངས་བྱུང་།  

ཡང་ཁོང་གིས་མུ་མཐུད་དོན།  ད་བར་སློབ་གྲྭ་འདིར་སློབ་ཕྲུག་ ༦༠༠༠ ལྷག་འབྱོར་ཡོད་ལ། དེ་ནི་ང་ཚོའི་འཐབ་རྩོད་ལ་རྒྱབ་སྐྱོར་བྱེད་དུ་ཡོང་བ་ཞིག་ཡིན་པས་ཧ་ལས་པའི་གཟི་བརྗིད་རེད། ཁྱེད་ཚོ་གཞིས་ལུས་བོད་མིའི་སྐུ་ཚབ་ངོ་མ་དེ་ཆགས་ཡོད། སྐུ་ཚབ་ངོ་མ་ཡིན་མིན་དེ་སོ་སོས་རང་ཉིད་ལ་དྲི་བ་འདྲི་རོགས། སྐུ་ཚབ་ཀྱི་ངོ་བོ་མཚོན་མཁན་ཞིག་ཡིན་བསམ་ན། སྐུ་ཚབ་ཀྱི་ངོ་བོ་མཚོན་ཐུབ་པ་ཞིག་ངེས་པར་གནང་དགོས། ལུས་ངག་གཉིས་དང་སློབ་སྦྱོང་བྱ་ཕྱོགས་གང་ཐད་ནས་སྐུ་ཚབ་མཚོན་ཐུབ་པ་ཞིག་དགོས་རྒྱུ་མ་ཟད། ལས་ཀའི་ཐོག་ཞུགས་རྗེས་སུའང་སྐུ་ཚབ་ངོ་མ་ཞིག་གནང་རྒྱུ་དེ་ཧ་ཅང་གལ་ཆེན་རེད། ངས་ཉིན་ཞིག་གསོག་སྒར་གྱི་སློབ་ཟུར་ཞིག་གིས་བཀའ་ཁྲི་བྱ་ཐུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ལ། ཁྱེད་ཚོས་ཀྱང་དེ་འདྲའི་སེམས་ཤུགས་བསྐྱེད་ཅིང་། རིག་པ་བསྒྲིམས་ཏེ་སློབ་སྦྱོང་བྱ་དགོས་པ་རེད། ཅེས་གསུངས་བྱུང་།

 

མཇུག་ཏུ་སྐུ་མགྲོན་གཙོ་བོ་ཤེས་རིག་བཀའ་བློན་མཆོག་གིས་གཏམ་བཤད་གནང་དོན། བཀའ་ཤག་སྐབས་བཅུ་གཉིས་ནས་བཟུང་སློབ་གྲྭ་འདི་ཤེས་རིག་འོག་འཛིན་སྐྱོང་བྱས་པ་རེད། འཛམ་གླིང་ས་ཕྱོགས་གང་ནའང་བཀའ་བློན་ལས་ཁུངས་ཀྱིས་ཐད་ཀར་སློབ་གྲྭ་འཛིན་སྐྱོང་གནང་སྲོལ་ཡོད་མ་རེད། ང་ཚོའི་གནས་སྟངས་དེ་གཞན་དང་མི་འདྲ་བ་ཞིག་ཆགས་ཡོད་སྟབས། ད་བར་ཤེས་རིག་འཛིན་སྐྱོང་གནང་བ་རེད། བར་སྐབས་ཤིག་ནས་ཤེས་རིག་གིས་ཀྱང་སློབ་གྲྭའི་དགོས་མཁོ་དང་འཚམ་པའི་བསྒྱུར་བཅོས་བྱ་ཕྱོགས་ཐད་འཆར་གཞི་ཞིག་བསྒྲིགས་པ་མ་ཟད། ཤེས་རིག་དང་སམ་བྷོ་ཊ་གཉིས་ནས་འཛིན་སྐྱོང་ལྷན་ཚོགས་ཤིག་ཀྱང་བཙུགས་པ་རེད། ཡིན་ནའང་། ཕྱོགས་གཉིས་ཀར་རང་ཉིད་ཀྱི་ཉིན་རེའི་ལས་འགན་རེ་ཡོད་དུས། ཤེས་རབ་དགའ་ཚལ་སློབ་གླིང་གི་ཉིན་རེའི་འཛིན་སྐྱོང་ལ་ལྟ་རྟོགས་བྱེད་ཐུབ་མེད་པ་རེད། ཅེས་ཐོག་མའི་བརྒྱུད་རིམ་སྐོར་ངོ་སྤྲོད་གནང་བྱུང་།

ཡང་ཁོང་གིས་སློབ་གྲྭ་དེ་སམ་བྷོ་ཊར་རྩིས་སྤྲོད་བྱས་དོན་སྐོར་ལ། སློབ་གྲྭ་འདི་སམ་བྷོ་ཊའི་འོག་བཅུག་པ་ཡིན་ན། སམ་བྷོ་ཊ་ནི་སློབ་གྲྭའི་འཛིན་སྐྱོང་ཞིག་ཡིན་པའིོ་ཆ་ནས། འཛིན་སྐྱོང་ལྟ་རྟོགས་སྔོན་མ་ལས་ཇེ་ཡག་ཏུ་འགྲོ་བ་རེད། སྤྱིར་སློབ་གྲྭ་འདིར་མཚོན་ན་འགན་འཛིན་དང་དགེ་རྒན་རག་ཁག་པོ་ཡོད་པ་མ་ཟད། རག་ཀྱང་མགྱོགས་པོར་ཐོན་འགྲོ་ཡི་ཡོད། ཁྱེད་ཅག་གི་ད་ལྟའི་འགན་འཛིན་ཁོང་ཡང་སམ་བྷོ་ཊའི་སློབ་གྲྭ་ནས་ཡོང་བ་རེད་ལ། དེ་བཞིན། འདིར་ཕེབས་པའི་དགེ་རྒན་ཚོ་ཡང་སློབ་གྲྭ་གཞན་ལ་གནས་སྤོར་བྱེད་ས་ཡོད་པ་མ་རེད། དེ་འདྲའི་འཛིན་སྐྱོང་གི་དཀའ་ངལ་མང་དག་ཅིག་བྱུང་སྟབས་སམ་བྷོ་ཊར་རྩིས་སྤྲོད་དགོས་བྱུང་བ་རེད། ཐེངས་འདིར་སམ་བྷོ་ཊའི་འོག་རྩིས་ལེན་བྱས་པ་བརྒྱུད་དགེ་རྒན་ཚོར་ཕར་གཏོང་ཚུར་ལེན་བྱ་རྒྱུར་སྟབས་ཇེ་བདེར་སོང་ཡོད་པ་མ་ཟད། དགེ་ལས་ཚོར་ཡང་སློབ་གྲྭའི་ལས་འགན་ཡོད་པ་ཞིག་དང་། སློབ་ཕྲུག་ཚོ་ཡང་སློབ་གྲྭ་ཞིག་གི་ངོ་བོའི་ཐོག་འགྲོ་ཐུབ་པ་བྱུང་ཡོད། ཅེས་གསུངས་བྱུང་།

 

མཛད་སྒོའི་མཇུག་ཏུ་འདི་གའི་གསར་འགོད་པས་སློབ་གྲྭའི་འགན་འཛིན་མཆོག་ལ། སློབ་གྲྭ་འདི་སམ་བྷོ་ཊར་ཟླ་སྒྲིལ་བཏང་ན་སློབ་མའི་ཁྲིད་གཞི་ལ་འགྱུར་བ་འགྲོ་མིན་དྲིས་པར། ང་ཚོས་ངོས་ནས་རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་པ་དང་བཅུ་གཉིས་ཀྱི་ཡིག་འབྲེལ་ཡིག་རྒྱུགས་གཏོང་ཐུབ་རྒྱུར་འབད་བརྩོན་བྱེད་ཀྱི་ཡོད་ཀྱང་། སློབ་མ་ཚང་མ་ཡིག་རྒྱུགས་ནང་ཞུགས་ཐུབ་མིན་ད་ལྟ་ཤེས་ཐུབ་ཀྱི་མི་འདུག གལ་ཏེ། ཡིག་རྒྱུགས་ནང་ཞུགས་ན་སློབ་ཚན་ཁ་ཤས་ཤིག་སྦྱང་དགོས་པ་རེད། ཅེས་དང་། སློབ་གྲྭ་ཟླ་སྒྲིལ་བཏང་ན་དགེ་ལས་ཚོར་གསོལ་ཕོགས་དང་སྡོད་ཁང་སོགས་ཀྱི་ཐོག་སྔོན་མ་ལས་ཡག་ཏུ་འགྲོ་གི་རེད་ཅེས་བརྗོད་བྱུང་།

ཤེས་རབ་དགའ་ཚལ་སློབ་གླིང་གི་བོད་དགེ་སྐལ་བཟང་ཉི་མ་ལགས་ཀྱིས་གནས་སྟངས་དེའི་སྐོར་བརྗོད་དོན།
སློབ་གྲྭ་ཞིག་ལ་མཚོན་ན་འཛིན་སྐྱོང་ཧ་ཅང་གལ་ཆེན་རེད།
འཛིན་སྐྱོང་ཡག་པོ་ཡོད་མེད་ལ་མ་ལྟོས་པར་ཤེས་རབ་དགའ་ཚལ་སློབ་གླིང་ད་བར་འདི་ལྟར་ཕྱིན་པ་རེད་ལ། འཛིན་སྐྱོང་གྲུབ་འབྲས་ང་ཚོའི་མཐོང་གསལ་དུ་ཡོད་ལ། འདི་ནི་སྔོན་མའི་འཛིན་སྐྱོང་གིས་བཟོས་པ་ཞིག་ཀྱང་རེད། སམ་བྷོ་ཊའི་འཛིན་སྐྱོང་འོག་ཕྱིན་ཚེ། འཛིན་སྐྱོང་ལ་གྲ་སྒྲིག་དང་འགྱུར་བ་སོགས་ཡོད་ན། སློབ་ཕྲུག་གི་ཤེས་ཡོན་ཐོག་གྲུབ་འབྲས་ཡག་པོ་ཡོང་རྒྱུར་རེ་བ་ཡོད་ཀྱང་། འཛིན་སྐྱོང་ལ་འགྱུར་བ་མ་ཕྱིན་ཚེ་དམིགས་བསལ་གྲུབ་འབྲས་ཡོང་ཁག་པོ་རེད། ཅེས་དང་། སློབ་མའི་ཁྲིད་གཞིའི་ཐད་ཁོང་གིས། ལྷག་པར་དུ་ཡིག་འབྲེལ་གྱི་ལམ་ནས་རྒྱ་གར་སློབ་གྲྭ་ཁག་ཏུ་ཞུགས་ན་རྒྱལ་རབས་དང་སྤྱི་ཚོགས་ཚན་རིག་སོགས་བསླབ་རྒྱུ་གལ་ཆེན་རེད། ཅེས་བརྗོད་བྱུང་།

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

མཆན། 8

  1. ཅོ་རྟམ། says:
    ལོ་ 15 སྔོན།

    གསོག་སྒར་རམ་ཤེས་རབ་དགའ་ཚལ་སློབ་གླིང་ནི་གངས་སྐྱིད་དུ་རྐང་རྕེ་སྤོ་ལོ་བཞིན་རྡོག་ཐོ་ཡར་བཞུས་མར་བཞུས།

    Reply
  2. ཨ་མའི་བུ། says:
    ལོ་ 15 སྔོན།

    དངོས་གནས་མ་འོངས་པར་ཤེས་རབ་དགའ་ཚལ་སློབ་གླིང་ནསབཀའ་ཁྲི་ཐོན་གྱི་རེད། རྒྱུ་མཚན་ནི། ལོ་མང་དཀའ་ལས་རྒྱབ་མྱོང་བའི་སྐུ་ངོས་བྱས་རྗེས་ཅན་ཁོང་ཡང་རྒྱང་ཕུད་བཏང་ཚར་བ་རེད། ལོ་ཤས་རྗེས་སློབ་ཕྲུག་ལོ་ན་༡༨ཡན་ཚང་མ་མེད་པར་བཟོས་ཏེ་གཞི་རིམ་བྱིས་པའི་སློབ་གྲྭ་ཞིག་ཏུ་བསྒྱུར་ཏེ་བཀའ་ཁྲི་ཞིག་བཟོ་ངེས་རེད།

    Reply
  3. འཁེར་སྐྱ། says:
    ལོ་ 15 སྔོན།

    ངོ་མ་སྙིང་རེ་རྗེ་་སྐུ་ངོ་ཚོས་ཡར་ལ་རྩིས་སྤྲད་་མར་ལ་རྩིས་སྤྲད་་ད་དུང་ཁ་་ཡག་ལ་ཁྱེར་ནས་རྗེས་མ་བཀའ་ཁྲི་ལ་འདུག་པའི་སྐད་ཆ་བཤད་འཛིན་རིམ་བརྒྱད་པའི་ལག་འཁྱེར་མ་གཏོགས་མེད་ནི་ཞིག་བཀའ་སློན་ཁྲི་བ་འཇོག་གི་རེད་་་དང་སེང་ལས་ཁུང་ཆུང་ཆུང་ཞིག་ལ་འཛུལ་ན་འཛིན་རིམ་བཅུ་གཉིས་ཡན་གི་ལག་འཁྱེར་མེད་ན་འཛུལ་མི་ཐུབ་ཀི་་་ངོ་མ་ཡིད་སྐྱོ་གི་ཡ་་་་་་

    Reply
  4. དགྲ་ལྷ་རྩེ་རྒྱལ། says:
    ལོ་ 15 སྔོན།

    སུས་སུ་ལ་རྩིས་སྤྲོད་བྱས་ཀྱང་། གང་ལྟར་གསོག་སྒར་སློབ་མ་ཚོ་ལ་མདུན་ལམ་གང་ཡང་ཡོད་མ་རེད། ལག་ཁྱེར་ལ་ངོས་ལེན་ཡོད་མ་རེད་ལ། ལོ་ལྔའི་རྗེས་སུ་ཁྱི་གློད་པ་ནང་བཞིན་གར་འགྲོ་གར་འདུག་ཧ་གོ་གི་མ་རེད། དེར་བརྟེན་མང་པོ་ཞིག་འུ་ཐུག་ནས་བོད་དུ་ལོག་འགྲོ་གི་ཡོད་རེད་ལ། མང་པོ་ཞིག་ཕྱི་རྒྱལ་ལ་འགྲོ་ཨེ་ཐུབ་ལྟ་ཡི་ཡོད་རེད། དེ་ལྟར་མ་བྱས་རང་བྱས་རེད། གཞུང་ཞབས་ཀྱི་ལས་ཀ་བྱེད་པའི་ཐོབ་ཐང་ནི་ཡོད་མ་རེད།
    གསོག་སློབ་ནས་མང་ཆེ་བ་བོད་ཡིག་ཡག་པོ་ཡོད་མཁན་དེ་འདྲ་རེད། འོན་ཀྱང་དེ་ཚོ་ལ་རིན་ཐང་འཇོག་མཁན་མེད་པ་གསལ་པོ་རེད། སྒེར་སོ་སོས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དེ་འདྲ་ལས་ཀ་ཙག་ཙིག་རེ་རག་ལ་རྩེ་གྲ་རེད།
    གསོག་སློབ་ནས་ཐོན་པའི་མིས་བཀའ་ཁྲི་མི་འཇོན་པ་ཡོད་མ་རེད། དཔེར་ན། ད་ལྟའི་ཆར་སྤྱི་འཐུས་ནང་དུ་གསོག་སློབ་ནས་ཐོན་པ་ཡོད་རེད་ལ། ཚོགས་པ་ག་གེ་མོའི་འགན་འཛིན་དང་། རྩོམ་སྒྲིག་པ། རྩོམ་པ་པོ་སོགས་མང་པོ་ཡོད་རེད། དེ་དག་རང་ངོས་ནས་དཀའ་ལས་བརྒྱབ་པ་མ་གཏོགས། གཞུང་གིས་དམིགས་བསལ་ལྟ་རྟོག་བྱས་བཞག་པ་ཞིག་ཕལ་ཆེར་ཡོད་མ་རེད།

    Reply
  5. ནམ་མཁའ་བསྟན་འཛིན། says:
    ལོ་ 15 སྔོན།

    ཉེ་འཆར་གྱི་བཀའ་ཁྲིའི་གསུངས་བཤད་ཅིག་ཏུ་སློབ་གྲྭ་འདི་ལ་འཛིན་རིམ་བརྒྱད་པའི་ལག་འཁྱེར་ཀྱང་རེགས་ཐབས་ཡོད་པ་མ་རེད་ཟེར། དེ་རིང་འདིར་མ་འོང་བའི་བཀའ་ཁྲི་སློབ་གྲྭ་འདི་ནས་ཐོན་པའི་རེ་བ་ཡོད་ཟེར། ད་ཕལ་ཆེར་དུས་ཀྱི་མཐར་ཟད་པ་མིན་ནམ། འཛིན་གྲྭ་བརྒྱད་པའི་ལག་འཁྱེར་མེད་མཁན་གྱི་སྲིད་བློན་ཞིག་འབྱུང་ཉེན་ཡོད་དུས། དགུ་བཅུ་གོ་གྲངས་ནས་ཉིས་སྟོང་ལོ་ཡས་མས་སུ་བོད་ནས་མི་ཕོན་ཆེན་བཙན་བྱོལ་ལ་འབྱོར་གྱི་ཡོད་སྟབས་ཕྱི་རྒྱལ་གྱི་རོགས་དངུལ་ཕོན་ཆེན་རེགས་ཏེ་ཤེས་རིག་དང་བདེ་སྲུང་གཉིས་ཀྱི་བར་ནས་སློབ་གྲྭ་འདི་གཅེས་ཕྲུག་ལ་གྱུར་བ་རེད། ད་ལོ་རེ་བཞིན་བཙན་བྱོལ་བ་ཇེ་ཉུང་དུ་སོང་ན་བདག་མེད་དུ་འགྱུར་བཞིན་འདུག

    Reply
  6. དར་ལྕེ་ཟད་པོ།། says:
    ལོ་ 15 སྔོན།

    སྤོབས་པ་མཐའ་ཡས་ལགས། གསོག་སློབ་ཙམ་དུ་མ་ཟད་གྲྭ་ས་ཁག་ལ་ཡང་དེ་ལྟར་རེད། དཔེ་ཆ་ཡག་པོ་ཡོད་མཁན་ཞིག་ལ་དཔེ་ཆ་མི་ཤེས་མཁན་རེ་ཟུང་གིས་ཕྲག་དོག་བྱས་ཏེ་འཁྲུག་པ་བརྒྱབས་ཏེ་གནས་དབྱུང་བཏང་བའི་ལོ་རྒྱུས་བྱུང་མྱོང་བ་རེད། འཛམ་གླིང་སུ་ཞིག་གི་སྒྲིག་གཞི་དང་མཐུན་ཁག་པོ་རེད།

    Reply
  7. སྤོབས་པ་མཐའ་ཡས། says:
    ལོ་ 15 སྔོན།

    གསོག་སྒར་སློབ་གྲྭའི་སློབ་མས་འཁྲུག་པ་བརྒྱབ་ན་སུ་ལ་ནག་ཉེས་ཡོད་མེད་ལ་མི་ལྟ་བར་ཕྱོགས་གཉིས་ཀ་གནས་དབྱུངས་གཏོང་སྲོལ་དེ་ཡག་པོ་མི་འདུག

    Reply
  8. རིགས་བཟང་། says:
    ལོ་ 15 སྔོན།

    ཤེས་རབ་དགའ་ཚལ་སློབ་གླིངབསྡད་དུ་འཇུག་རྒྱུ་མ་རེད། ཡར་ལ་རྩིས་སྤྲོད་རྩིས་ལེན་བྱས། མར་ལ་རྩིས་སྤྲོད་རྩིས་ལེན་བྱས། ངས་བསམ་ན་ཐེངས་བརྒྱ་ཁྲག་ཁ་ཤས་རྩིས་སྤྲོད་རྩིས་ལེན་བྱས་རུང་དེ་ལ་དམིགས་བསལ་གྱི་ཡར་རྒྱས་ཕར་ཞོགས་ཕྱོགས་གང་ཅི་ཐེབས་ནས་འཐུས་ཤོར་ལ་འགྲོ་ཉེན་ཆེ། རྒྱུ་མཚན་སྐུ་ངོ་ཚོའི་མིག་ལམ་ན་གསོག་སྒར་སློབ་མ་མི་ཡི་གྲས་སུ་ཚུད་ཀྱིན་མེད་པས་སོ།། མཐར་སྐུ་ངོ་ཚོས་རྒྱ་ནག་ལ་རྩིས་སྤྲད་ན་ལེགས་ཤོས་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese