མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དྲི་བ་གཉིས་ཀྱི་བཀའ་ལན།

བོད་ཀྱི་དུས་བབ།
༢༠༡༡/༠༡/༠༧
Share on FacebookShare on TwitterShare on EmailShare on Whatsapp

རིམ་པས་གནས་ཚུལ་ལ་འགྱུར་བ་ཏན་ཏན་འགྲོ་གི་རེད། ང་རང་ཚོ་ཕན་ཚུན་ལག་པ་གཏོང་རེས་དང་། ཕན་ཚུན་གྱི་གདོང་པ་མཐོང་ཞིང་སྐད་ཆ་གོ་ཐུབ་པ་ཙམ་མ་ཟད། ཕན་ཚུན་ལུས་ཀྱི་དྲི་མའང་སྣོམ་ཐུབ་པའི་དུས་ཚོད་གཅིག་ཏན་ཏན་འཆར་གི་རེད། ཅེས་༧གོང་ས་མཆོག་གིས་གསུངས་ཡོད།

ཕྱི་ཚེས་ ༤ ཉིན་༧གོང་ས་མཆོག་གིས་བཞུགས་སྒར་ཕོ་བྲང་ནས་དྲ་ལམ་བརྒྱུད་རྒྱ་རིགས་ཚོའི་དྲི་བ་ཁག་ ༨ ཙམ་ལ་ལན་འདེབས་གནང་ཡོད་པ་དག་ལས་རྒྱ་ནག་པེ་ཅིན་གྱི་ཁྲིམས་རྩོད་པ་ཅཱང་ཐན་ཡཱོང་དང་། ཧྲིན་ཀྲིན་གྱི་འགྲོ་བ་མིའི་ཐོབ་ཐང་ཁྲིམས་རྩོད་པ་ཐུན་པེའོ་གཉིས་ཀྱི་དྲི་བ་རེ་རེར་ལན་འདེབས་གནང་ཡོད། དྲི་བ་དྲིས་ལན་གྱི་ཐོག་མར་རྒྱ་རིགས་རྩོམ་པ་པོ་ཝང་ལི་ཞོང་གིས་༸གོང་ས་མཆོག་ལ་ཁོང་གཉིས་མཚམས་སྦྱོར་གནང་དོན། དེ་རིང་འདིར་རྒྱ་རིགས་ཁྲིམས་རྩོད་པ་གྲགས་ཅན་ཐུན་པེའོ་དང་ཅཱང་ཐན་ཡཱོང་གཉིས་མཉམ་བཞུགས་གནང་ཡོད་ལ།  ཁོང་གཉིས་ནི་དམངས་གཙོ་དང་རང་དབང་ཆེད་དུས་ཡུན་རིང་པོར་ཁྲིམས་རྩོད་བྱེད་མྱོང་མཁན་ཡིན་པར་མ་ཟད། ༢༠༠༨ ལོར་བོད་ནང་དོན་རྐྱེན་བྱུང་སྐབས་ཐེན་པེའོ་ཡིས་ཐེངས་དང་པོར་བོད་རིགས་ལ་ཁྲིམས་རྩོད་ཀྱི་རོགས་པ་མཁན་ཡིན། ཁོང་གཉིས་ནི་བོད་ཀྱི་གནད་དོན་ཐག་གཅོད་བྱེད་རྒྱུའི་བསམ་འཆར་དོན་ཚན་བཅུ་གཉིས་འདོན་མཁན་གྲས་ཡང་རེད། ཅེས་ངོ་སྤྲོད་གནང་ཡོད།  

༧གོང་ས་མཆོག་གིས་བཀའ་གནང་དོན། དེ་རིང་རྒྱ་ནག་སྐམ་ས་ཆེན་པོའི་ནང་གི་རྒྱ་རིགས་གྲོགས་པོ་རྣམ་དཔྱོད་ཅན་ལེགས་ཉེས་ཀྱི་ཆ་མཐོང་ཞིང་། ཕུགས་རྒྱང་རིང་པོའི་གནས་ཚུལ་ཡང་མཐོང་ཐུབ་མཁན་ཁྱེད་ཚོ་དང་མཉམ་དུ་སྐད་ཆ་བཤད་རྒྱུའི་གོ་སྐབས་བྱུང་བར་ངོས་རང་ཧ་ཅང་དགའ་བོ་བྱུང་། རིམ་པས་གནས་ཚུལ་ལ་འགྱུར་བ་ཏན་ཏན་འགྲོ་གི་རེད། ང་རང་ཚོ་ཕན་ཚུན་ལག་པ་གཏོང་རེས་དང་། ཕན་ཚུན་གྱི་གདོང་པ་མཐོང་ཞིང་སྐད་ཆ་གོ་ཐུབ་པ་ཙམ་མ་ཟད། ཕན་ཚུན་ལུས་ཀྱི་དྲི་མའང་སྣོམ་ཐུབ་པའི་དུས་ཚོད་གཅིག་ཏན་ཏན་འཆར་གི་རེད། ངོས་ནས་ད་ལྟ་རང་རྒྱ་ནག་སྐམ་ས་ནས་ཡིན་པའི་རྒྱ་རིགས་ནང་པའི་ཚོ་ཁག་གཅིག་ལ་ཐུག་སྟེ། ཁོང་ཚོར་འཚམས་འདྲི་དང་ནང་ཆོས་སྐོར་འགྲེལ་བཤད་བརྒྱབ་པ་ཡིན་ལ་ཁོང་ཚོ་ཡང་ཧ་ཅང་དགའ་པོ་བྱུང་སོང་། ཞེས་གསུངས་བྱུང་།   

སྐབས་དེར་ཁྲིམས་རྩོད་པ་ཐུན་པིའོ་ཡིས་༧གོང་ས་མཆོག་ལ་དྲི་བ་གནང་དོན། རྒྱ་བོད་མི་རིགས་བར་དང་རྒྱ་བོད་ཤེས་ཡོན་ཅན་བར་དུ་ཕན་ཚུན་འབྲེལ་བ་དང་ཕན་ཚུན་ཤེས་རྟོགས་བྱེད་པ་ནི། བོད་ཀྱི་གནད་དོན་ཞི་བའི་ཐོག་ནས་ཐག་གཅོད་བྱེད་པར་ཤིན་ཏུ་གལ་ཆེ་བ་ཞིག་ཡིན་ལ། ྋགོང་ས་མཆོག་ནས་འདི་འདྲའི་འབྲེལ་བ་ལ་མོས་མཐུན་ཡོད་མེད་དང་། ཇི་ལྟར་བྱས་ཏེ་འབྲེལ་བ་ཡར་རྒྱས་གཏོང་རྒྱུ། འབྲེལ་བ་དང་ཤེས་རྟོགས་འདི་ལྟ་བུའི་འགོག་རྐྱེན་གཙོ་བོ་གང་ལ་ཐུག་ཡོད་དམ། ཞེས་པའི་དྲིས་ལན་དུ་༧གོང་ས་མཆོག་གིས་བཀའ་ལན་གནང་དོན། གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་གྱི་གནས་ཚུལ་མ་བྱུང་གོང་ནས་ངས་རྒྱ་རིགས་གྲོགས་པོ་ཚོར་ཐུག་རྒྱུའི་འབད་བརྩོན་བྱས་པ་ཡིན་ལ། དེ་བཞིན། ཨ་རི་དང་ཁེ་ཎ་ཌའི་ནང་ཡོད་པའི་བོད་རིགས་ཚོར་ཡང་ཁྱོད་ཚོས་རྒྱ་རིགས་གྲོགས་པོ་ཚོར་འབྲེལ་བ་བྱེད་དགོས། ཞེས་འབད་བརྩོན་བྱས་པ་ཡིན་མོད། གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་གྱི་གནས་ཚུལ་མ་བྱུང་གོང་ང་ཚོའི་ངོས་ནས་ཕར་འབྲེལ་བ་ཇི་ཙམ་བྱས་ཀྱང་ཁོང་ཚོས་ཕྲན་བུ་ཐེ་ཚོམ་བྱེད་ཀྱི་འདུག  གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་གྱི་གནས་ཚུལ་བྱུང་རྗེས་ང་ཚོའི་བར་གྱི་འབྲེལ་བ་ཧ་ཅང་ཤུགས་ཆེ་རུ་ཕྱིན་སོང་ལ། ལྷག་པར་དུ་ ༢༠༠༨ ལོའི་དོན་རྐྱེན་བྱུང་རྗེས་རྒྱ་རིགས་ནང་ནས་ང་ཚོར་དོ་སྣང་བྱེད་མཁན་ཤུགས་ཆེ་རུ་ཕྱིན་ཡོད། འདས་པའི་ལོ་གཉིས་གསུམ་རིང་ངས་ས་ཆ་འདྲ་མིན་ནས་རྒྱ་རིགས་མཁས་དབང་ ༣༠༠ ཙམ་ལ་ཐུག་པ་ཡིན། ང་ཚོ་ཕན་ཚུན་ཐུག་རྒྱུ་ཤིན་ཏུ་གལ་ཆེན་པོ་རེད་ལ། ཕན་ཐོགས་ཀྱང་ཧ་ཅང་ཆེན་པོ་ཡོད། དཔེར་ན། ང་ཚོ་དང་པོར་ཐུག་སྐབས་ངོ་གདོང་ནག་པོ་སྟོན་མཁན་ཚོ་ཡང་སྐད་ཆ་ཕར་བཤད་ཚུར་བཤད་དང་། ཕན་ཚུན་གྱི་བསམ་ཚུལ་གསལ་པོ་ཤེས་རྗེས་གྲོགས་པོ་ཆགས་ཀྱི་འདུག  དེ་རིང་ང་ཚོ་གཟུགས་པོ་དངོས་སུ་ཐུག་མ་ཐུབ་ཀྱང་དེང་དུས་འཕྲུལ་ཆས་ཀྱི་ལམ་ནས་ཕན་ཚུན་དྲི་བ་དྲིས་ལན་བྱེད་ཐུབ་པ་དེ་ཧ་ཅང་ཕན་ཐོགས་ཆེན་པོ་རེད།  གལ་ཆེ་ཤོས། ངོས་ནས་རྒྱ་རིགས་དང་ཕྱི་རྒྱལ་བ་ཚོར་ག་དུས་ཡིན་ཡང་ཕྱི་གསལ་ནང་གསལ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཅེས་བརྗོད་ཀྱི་ཡོད། བོད་པའི་གནས་ཚུལ་ལ་ཆ་མཚོན་ནའང་ཕྱི་གསལ་ནང་གསལ་བྱས་པ་ཡིན་ན། ང་ཚོའི་བར་གྱི་དཀའ་ངལ་བདེ་བླག་ངང་སེལ་ཐུབ་རྒྱུ་རེད།  ང་ཚོས་གཉིས་མོས་ཀྱི་ཐབས་ལམ་འཚོལ་གྱིན་ཡོད་པ་ལས་རང་རྒྱལ་གཞན་ཕམ་གྱི་གནས་ཚུལ་རྩ་བ་ནས་ཤོད་ཀྱི་མེད། ཅེས་གསུངས་འདུག  

ཡང་ཁྲིམས་རྩོད་པ་ཅཱང་ཐེན་ཡོང་གིས་༧གོང་ས་མཆོག་ལ་ཝིས་ཀེལ་གསང་གྲོལ་དྲྭ་གནས་སུ་ཉེ་ཆར་ཨ་རིའི་ཕྱི་སྲིད་གློག་འཕྲིན་གྱི་སྐོར་ཕྱིར་བསྒྲགས་བྱས་པའི་ནང་། ཁྱེད་ཀྱིས་རྒྱ་གར་དུ་གནས་སྡོད་ཨ་རིའི་གཞུང་ཚབ་ལ། བོད་ཀྱི་འཁྱགས་རོམ་བཞུ་བཞིན་པ་དང་། ནགས་ཚལ་མེད་བརླགས་སུ་འགྲོ་བ། གཏེར་ཁ་སྔོག་འདོན་གྱིས་གཙང་ཆུ་འབག་བཙོག་ཏུ་འགྲོ་བཞིན་པ་སོགས། གནད་དོན་འདིའི་རིགས་སྒུག་ཐབས་མེད་མོད། ཆབ་སྲིད་ཀྱི་གནད་དོན་ཐོག་ནས་བོད་མི་རྣམས་ཀྱིས་ད་དུང་ལོ་ལྔ་འམ་བཅུ་ལ་སྒུག་ཆོག་གི་རེད། ཅེས་གསུངས་པ་དེ་བདེན་པ་ཡིན་ནམ།  ཡང་ན། ཐབས་ཇུས་ལ་བཅོས་སྒྲིག་བྱས་པ་ཞིག་མཚོན་གྱི་ཡོད་དམ། དངོས་ཡོད་ཀྱི་དགོངས་ཚུལ་གང་ཡིན་ནམ། ཞེས་པའི་དྲི་བའི་ལན་དུ་༧གོང་ས་མཆོག་གིས། ངོས་ནས་གོང་དུ་བཤད་པ་བཞིན། ང་ཚོས་དབུ་མའི་ལམ་ཞེས་གཉིས་སྨན་གྱི་བསམ་བློ་གཏོང་གི་ཡོད། དེ་ལ་འགྱུར་བ་གང་ཡང་མེད། ངོས་རང་སེམས་ཁྲལ་ཆེ་ཤོས་ཏེ་ཁོར་ཡུག་ཉམས་ཆག་ཕྱིན་པ་ཡིན་ན། དེ་སླར་གསོ་བྱེད་རྒྱུ་ཧ་ཅང་ཁག་པོ་ཡོད། ལྷག་པར་དུ་བོད་ཀྱི་ཁོར་ཡུག་ལ་གནོད་སྐྱོན་བྱུང་བ་ཡིན་ན་གླིང་ཆེན་ཨེ་ཤེ་ཡ་ཡོངས་ལ་འབབ་བཞིན་པའི་གཙང་པོ་མང་པོ་ཞིག་བོད་མཐོ་སྒང་ནས་འབབ་ཀྱི་ཡོད་པར་བརྟེན་མི་འབོར་བྱེ་བ་མང་པོའི་ཚེ་སྲོག་ལ་ཕན་གནོད་ཀྱི་འབྲེལ་བ་ཆགས་ཡོད། ཅེས་ཁོང་གཉིས་ཀྱི་དྲི་བ་རེ་རེ་ལ་ལན་འདེབས་གནང་ཡོད་པ་རེད།

 

གསར་འགོད་པ་དོན་གོས་སྐུ་སྒེར་དྲ་ཚིགས་ལས་བསྡུ་སྒྲིག་བྱས།

འབྲེལ་ཡོད་གསར་འགྱུར།

དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

སྐར་མ ༢༥ སྔོན་ལ།
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

ཆུ་ཚོད་ ༢ སྔོན་ལ།
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

ཆུ་ཚོད་ ༢༡ སྔོན་ལ།
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥
Mobile App

ཕ་སྤྲེའུ་དང་མ་བྲག་སྲིན་གྱི་གཏམ་རྒྱུད་ལས་མཆེད་པའི་མེས་པོའི་ཞལ་ཆེམས་གླེང་བ།

༢༠༢༦/༠༦/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese