མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་ལ་གཞུང་འབྲེལ་ཐོག་འཁྲིད་ཆོག

བོད་ཀྱི་དུས་བབ།
༢༠༡༡/༠༡/༡༡
Share on FacebookShare on TwitterShare on EmailShare on Whatsapp

 

དེ་རིང་ཉིན་རྒྱབ་ངྷ་སར་གནས་བཞུགས་བཀྲ་ཤིས་རྒྱ་མཚོ་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ཕྱི་ལོ་ ༢༠༡༠ ལོའི་ཕྱི་ཟླ་ ༦ པ་ཡས་མས་ནས་མཚོ་སྔོན་མགོ་ལོག་ཁུལ་སྲིད་གཞུང་དང་རྫོང་རིམ་པའི་འབྲེལ་ཡོད་ལས་ཁུངས་ཁག་གིས་ས་གནས་འབྲོག་པ་མང་ཚོགས་ཚོར། རྒྱ་གར་ལ་གནས་སྐོར་དུ་འགྲོ་འདོད་རིགས་ཚོས་ཐོ་འགོད་བྱོས་དང་གཞུང་འབྲེལ་ཐོག་འཁྲིད་ཆོག་གི་རེད། འགྲོ་མཁན་སུ་ཡིན་རུང་སྔོན་དུ་སྲིད་གཞུང་ལ་རྒྱ་སྒོར་ཆིག་ཁྲི་ལྔ་སྟོང་ ༡༥༠༠༠ གཏའ་མར་འཇོག་དགོས། གལ་སྲིད་རྒྱ་གར་ནས་བོར་བརླག་དང་ཕྱིར་མ་ལོག་པའི་གནས་ཚུལ་འདྲ་བྱུང་བ་ཡིན་ན། གཏའ་མར་བཞག་ཡོད་པའི་དངུལ་དེ་དག་ཕྱིར་སློག་བྱ་རྒྱུ་མིན། ཞེས་བརྗོད་ཡོད་འདུག སྐབས་དེར་འབྲོག་དམངས་ཚོས་ང་ཚོ་རྒྱ་གར་ལ་གནས་མཇལ་དུ་འགྲོ་འདོད་འདུག་ལ། གལ་ཆེ་ཤོས་༧རྒྱལ་བ་རིན་པོ་ཆེ་ལ་མཇལ་དགོས་སྐོར་བརྗོད་སྐབས། དེ་འགྲིག་གི་རེད། ༧རྒྱལ་བ་རིན་པོ་ཆེ་བཞུགས་སའི་ངྷ་རམ་ས་ལར་ཡང་འཁྲིད་ཆོག་གི་རེད། ཅེས་འབྲོག་པ་ཚོའི་དགོས་འདུན་ངོས་ལེན་བྱས་ཡོད་འདུག

ལོ་དེའི་ཕྱི་ཟླ་ ༡༠ ཙམ་ནས་མགོ་ལོག་ཁུལ་འོག་གི་འབྲོག་པ་མང་པོ་ཞིག་གིས་རྒྱ་གར་ལ་གནས་མཇལ་དུ་འགྲོ་རྒྱུར་ཐོ་འགོད་བྱས་ཤིང་། ཕྱི་ཟླ་ ༡༡ པའི་ནང་འབྲོག་པ་ ༦༠ ཙམ་གྱིས་ཐོ་འགོད་བྱས་ཟིན་ཡོད་འདུག་ཅིང་། དེའི་ཁྲོད་མགོ་ལོག་རྨ་ཆེན་རྫོང་སྡོམ་ཁོག་ཞང་གི་མི་ ༢༠ ལྷག་དང་། དེ་མིན་རྭ་རྒྱ་ཞང་སོགས་ས་གནས་གཞན་ནས་ཡིན་འདུག ཐོ་འགོད་བྱས་ཟིན་པའི་འབྲོག་དམངས་ཚོ་འབྲེལ་ཡོད་ལས་ཁུངས་ལ་ཕྱིན་ཏེ། ང་ཚོ་གང་མགྱོགས་རྒྱ་གར་ལ་བསླེབ་དགོས་ཀྱི་འདུག ཕྱི་ཟླ་ ༡ ནང་༧རྒྱལ་བ་རིན་པོ་ཆེ་མཆོག་གིས་ཝ་རཱ་ན་སི་རུ་བཀའ་ཆོས་གསུང་འཆར་ཡོད་པ་དེའི་རྗེས་ཆོད་དགོས་ཀྱི་འདུག་ཅེས་ཡང་ཡང་སྐུལ་འདེད་བཏང་ཡོད་འདུག

ཕྱི་ཟླ་ ༡༢ པའི་ཟླ་མཇུག་ཙམ་ལ་འབྲོག་པ་དེ་དག་ཟི་ལིང་དུ་འབྱོར་ཏེ། ཞིང་ཆེན་འབྲེལ་ཡོད་ལས་ཁུངས་ལ་ཕྱིན་སྐབས། ཉིན་འགར་སྒུགས་དང་། ཡིག་ཆ་ཞིག་གི་སྟེང་ལ་ཐམ་ག་ཞིག་རྒྱག་དགོས་སྐོར་བཤད་ཡོད་འདུག ཟླ་འདིའི་ཕྱི་ཚེས་ ༩ ཉིན་ཡང་བསྐྱར་ཕྱིན་སྐབས། ཐེངས་འདིར་ཡིག་ཆའི་སྟེང་ཐམ་ག་རག་མ་སོང་ལ། ཁྱེད་ཅག་འགྲོ་སའི་རྒྱ་གར་ས་གནས་ཁག་ཅིག་ནང་མགྲོན་ཁང་ཡང་རག་གི་མི་འདུག དེར་བརྟེན་དུས་ཡུན་ཐུང་ཐུང་ནང་འགྲོ་ཐུབ་ས་མ་རེད། ལོ་གསར་གྱི་རྗེས་ཙམ་ལ་ཡང་བསྐྱར་ཚོད་ལྟ་བྱེད་ཆོག མགྱོགས་པོར་འགྲོ་འདོད་ཡོད་མཁན་དང་སྒེར་ངོས་ནས་འགྲོ་མཁན་ཚོས། རྒྱུན་ལྡན་གྱི་འགྲོ་ལུགས་ལྟར་ཕྱི་སྐྱོད་ལག་འཁྱེར་བཟོས་ཏེ་ཕྱིན་ཆོག་གི་རེད། དེ་སྔ་སྲིད་གཞུང་ལ་གཏའ་མར་བཞག་ཡོད་པའི་དངུལ་དེ་དག་ག་དུས་དགོས་ཀྱང་ཕྱིར་སློག་བྱེད་ཆོག ཆེས་བརྗོད་ཡོད་འདུག

གསར་འགོད་པ། དོན་འགྲུབ་བཀྲ་ཤིས།

 

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་གི་“མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་”ནི་“མཐུན་སྒྲིལ་”གྱི་མིང་འོག་“གྲངས་ཉུང་མི་རིགས་”རྒྱ་བསྒྱུར་ལས་གཞི་མགྱོགས་སུ་གཏོང་ཆེད་རེད།

ཆུ་ཚོད་ ༧ སྔོན་ལ།
པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།/༢༧
Mobile App

ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁ་མཆུ་ཨང་ ༢༢ པ་རྒྱུན་སྐྱོང་མ་ཐུབ་པའི་ཐག་གཅོད་གནང་འདུག

༢༠༢༦/༠༦/༢༧
སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦/༦/༢༧
༧གོང་ས་མཆོག གསུང་འཕྲིན།

ཝེ་ནེ་སུ་ཝེ་ལར་ས་ཡོམ་གྱི་གོད་ཆག་བྱུང་བར་ཐུགས་སྨོན་མཛད།

༢༠༢༦/༠༦/༢༧
ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༢༦
Mobile App

ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད།

༢༠༢༦/༠༦/༢༦
Mobile App

བོད་རང་བཙན་གཙང་མ་ཡིན་པའི་ལོ་རྒྱུས་ཀྱི་བདེན་དཔང་བློས་གཏོང་ཐུབ་ཀྱི་མེད།

༢༠༢༦/༠༦/༢༦
རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ། བོད་ཀྱི་དུས་བབ་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ།

༢༠༢༦/༠༦/༢༥

མཆན། 11

  1. ངས་པོའི་ལྷ་སྲས། says:
    ལོ་ 15 སྔོན།

    ཕྲན་གྱི་ཤ་རུས་གཅིག་པའི་འབྲོག་པ་ཚོ་གཟབ་གཟབ་གནང་དགོས་སྤྱང་ཀིའི་ཁ་ནས་ཁྲག་གི་ཐིག་པ་ཟག་ནི་མ་རེད།

    Reply
  2. ནགས་མཚོ says:
    ལོ་ 15 སྔོན།

    མགོ་བསྐོར་བཏང་གི་མེད་ན་ཡག་པོ་རེད། ད་ཡིད་ཆེས་མེད་གང་ཡིན་ན་རྒྱུ་མཚན་ཞིག་ཡོད་ཁོ་ཐག་རེད་ ལོ་གསར་རྗེས་ལ་ཡང་ཁ་པོ་རེད་

    Reply
  3. བདེ་ཁང་བ། says:
    ལོ་ 15 སྔོན།

    གནས་ཚུལ་འདི་འཐབ་ཕྱོགས་གཅིག་འགྱུར་པུའུ་ཞེས་པས་འཆར་གཞི་འཐེན་པ་ཞིག་ཡིན་པ་ཐག་ཆོད། ཁོང་ཚོས་ད་ལྟའི་ཆར་གཞིས་ལུས་བོད་མི་ཚོས་༸གོང་ས་མཆོག་དང་ཕྱི་སྡོད་བོད་མི་ཚོར་ཡིད་ཆེས་དང་རེ་བ་ཇི་ཙམ་ཡོད་མེད་བལྟ་རྒྱུའི་ཆེད་དུ་རེད།
    རྒྱ་གར་ལ་འཁྲིད་མི་ཡོང་ལ་ཁོ་ཚོའི་སྒོར་མོའང་ཕྱིར་སློག་ངེས་རེད། འོན་ཀྱང་ས་ཁུལ་དང་སྡེ་བ་གང་ནས་མིང་ཐོ་མང་བ་རྒྱག་ན་ཕྱིས་ནས་ས་གནས་དེ་ལ་དམ་དྲག་མང་བ་བྱ་རྒྱུ་རེད། དེ་སྤྲང་རྒན་དེ་ཚོའི་འཆར་གཞི་རེད།
    ཡང་གཟབ་ནན་བྱས་ནས་བལྟ་རྒྱུར། ཡུལ་སྐོར་སྤྲོ་འཆམ་ལ་འཁྲིད་མཁན་ཚན་པ་དེ་འདྲར་ཡང་གཞུང་འབྲེལ་གྱིས་རྒྱུད་སྐུལ་བྱ་ངེས་རེད། དེར་ཡང་ཡིད་འཇོགས་བྱ་དགོས།
    ལར་ནས་རྒྱ་ནག་རྒྱལ་ཁབ་ཆེན་པོ་དེས་རྒྱ་གར་ནང་མགྲོན་ཁང་ཙམ་ཡང་བཙལ་མི་ཐུབ་པའི་དཀའ་ངལ་ག་ལ་ཡོད། དོན་ངོ་མར་གཞུང་འབྲེལ་གྱིས་བོད་མི་སྐོར་ཞིག་རྒྱ་གར་ནང་བལྟ་སྐོར་རམ་གནས་སྐོར་ལ་འཁྲིད་འདོད་ཡོད་ན་རྒྱ་གར་གཞུང་ལ་ཁ་པར་རྒྱག་ཐེངས་གཅིག་རེད། དེ་མིན་བཙན་བྱོལ་བོད་གཞུང་ལའང་འབྲེལ་བ་བྱ་ཆོག་གི་རེད། བོད་མི་ཚོར་དེ་འདྲའི་མགོ་སྐོར་གཏོང་ཆོག་ཆོག་ཅིག་ག་ལ་ཡོད།

    Reply
  4. GYAMTSO says:
    ལོ་ 15 སྔོན།

    བླ་མ་མཁྱེན་མཁྱེན་་་་་་་ད་རྒྱ་ནག་འདིས་ང་ཚོ་བོད་ལ་ག་འདྲ་བྱེད་ཀྱིན་ཡོད་པ་རེད། བོད་པ་ཚོ་རྣམ་རིག་སྟོད། རྒྱ་རྒན་སང་ལ་ཡིད་ཆེ་བྱེད་མི་ཉན།

    Reply
  5. གནམ་ལྕགས། says:
    ལོ་ 15 སྔོན།

    ད་འགྲིག་གི་ཡོད་པ་རེད། ང་ཚོའི་གཞུང་ཕྱོགས་ནས་ཀྱང་འདི་ལ་རེ་བ་རྒྱག་གི་ཡོད་པ་མ་རེད་དམ།

    Reply
  6. བཀྲ་ཤིས། says:
    ལོ་ 15 སྔོན།

    མགོ་ལོག་་པ་ཚོ་༸རྒྱལ་བ་མཇལ་ས་ལ་རྒྱ་ནག་གཞུང་གིས་ཁྲིད་མི་ཡོང་ཤ་ཚ།

    Reply
  7. ཅོ་རྟམ། says:
    ལོ་ 15 སྔོན།

    ཡང་རྒྱ་ནག་གིས་ཡང་མགོ་བསྐོར་བཏང་སོང་།

    Reply
  8. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    ༧གོང་ས་མཆོག་མཇལ་ཁར་བཏང་ན་ནི། གོ་སྒྲིག་སུས་བྱས་ཀྱང་ཡག་པོ་རེད་སྙམ།

    Reply
  9. སྤྲོ་ཚིགས་དགེ་འདུན says:
    ལོ་ 15 སྔོན།

    ཡིད་ཆེས་མེད་དོ།།།།

    Reply
  10. ཨ་ཕོ་མཐུ་ཆེན། says:
    ལོ་ 15 སྔོན།

    མགོ་བསྐོར་བཏང་གི་མེད་ན་ཡག་པོ་རེད། ལོ་གསར་རྗེས་སུ་བཞུགས་སྒར་དུ་དཔྱིད་ཆོས་ཞུས་ཀྱང་མ་འགྲིགས་པ་མེད།

    Reply
  11. དགྲ་ལྷ་རྩེ་རྒྱལ། says:
    ལོ་ 15 སྔོན།

    གཡོ་ཇུས་གསར་པ་ཞིག་ཡིན་གྱི་རེད། དེ་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ཡིན་མིན་མི་ཤེས། འབྲོག་པ་རྣམས་ཀྱིས་ཁ་རུ་ཁ་ཐུག་ལབ་ནས་རྒྱ་ནག་གིས་ཁོག་རྩིས་ག་རེ་བརྒྱབ་ཡོད་མི་ཤེས། འདིའི་སྐོར་དབྱེ་ཞིབ་ཡག་པོ་བྱས་ན་ལེགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese