མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལྡི་ལི་ཁུལ་གྱི་མཛད་འཕྲིན།

བོད་ཀྱི་དུས་བབ།
༢༠༡༡/༠༡/༡༡
Share on FacebookShare on TwitterShare on EmailShare on Whatsapp

ལྡི་ལིའི་དེང་རབས་སློབ་གྲྭའི་ཏུའུ་སི་ཊ་ཐེག་ཆེན་སྒོམ་སྒྲུབ་བསྟི་གནས་ཁང་ (Tushita Mahayana Meditation Centre) བཙུགས་ཏེ་མི་ལོ་ ༣༠ འཁོར་བའི་དུས་དྲན་མཛད་སྒོའི་སྟེང་༸གོང་ས་མཆོག་གདན་ཞུ་གནང་ཡོད་པ་ལྟར། ཕྱི་ཚེས་ ༩ ཉིན་༸གོང་ས་མཆོག་སློབ་གྲྭ་དེར་ཆིབས་བསྒྱུར་གྱིས་དགེ་སློབ་རྣམས་ལ་༼བདེ་སྐྱིད་ཀྱི་གནས་རིམ་འདྲ་མིན ༽ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་གནང་ཡོད་འདུག    

སྐབས་དེར་༸གོང་ས་མཆོག་གིས། བདེ་སྐྱིད་ཞེས་པ་དེ་དབང་ཤེས་དང་ཡིད་ཤེས་གཉིས་ཀྱི་ཐོག་ནས་བསྒྲུབ་ཐུབ་ཀྱི་ཡོད།  དབང་ཤེས་ལ་བརྟེན་པའི་བདེ་སྐྱིད་དེ་དུད་འགྲོས་ཀྱང་ཉམས་སུ་མྱོང་ཐུབ་ལ། དེ་གཟུགས་ཕུང་ལ་བརྟེན་དགོས་བའི་དབང་གིས་ཡུན་རིང་གནས་མི་ཐུབ་ཀྱང་། འགྲོ་བ་མིའི་རིགས་ཀྱི་ཡིད་ཤེས་ལ་བརྟེན་པའི་བདེ་སྐྱིད་མྱོང་ཐུབ་ཀྱི་ཡོད། ཡིད་ཤེས་ལ་བརྟེན་པའི་བདེ་སྐྱིད་དེ་མིའི་རྣམ་དཔྱོད་ཀྱིས་བསྐྲུན་ཐུབ་སྟབས། བདེ་སྐྱིད་དེ་ཡང་དག་པ་ཞིག་ཡིན། མཚམས་རེར་ཆོས་ཀྱི་སྒྲ་སྙན་པོ་དང་རྟེན་སྐུ་རྩ་ཆེན་མཇལ་སྐབས་ཀྱི་དབང་ཤེས་ཀྱི་ཚོར་བ་དེས་ཡིད་ཤེས་ཀྱི་ཚོར་བར་བདེ་བ་འདྲེན་གྱི་ཡོད། ངོས་ཀྱིས་ཕྲུ་གུ་ལག་ཏུ་འཛིན་པའི་ཡེ་ཤུའི་ཨ་མ་མེ་རིའི་སྐུ་བརྙན་ནམ་མཇལ་ཡང་སྐུ་བརྙན་དེ་བྱམས་པ་དང་བརྩེ་བའི་མཚོན་དོན་ཞིག་ཡིན་པའི་བསམ་བློ་ཤུགས་ཆེན་སླེབས་ཀྱི་འདུག  ཅེས་དང་།

འཇིག་རྟེན་བཀོད་པ་པོ་འདོད་མིན་སུ་ཡིན་ཡང་། རང་གཅེས་འཛིན་གྱི་བསམ་བློ་ཤུགས་ཆུང་དུ་གཏོང་རྒྱུའི་ཐབས་འདྲ་མིན་ལག་བསྟར་བྱེད་ཀྱིན་ཡོད། འཇིག་རྟེན་བཀོད་པ་པོ་འདོད་མཁན་ཡེ་ཤུ་ལྟ་བུར་མཚོན་ན། རང་ཉིད་མཐའ་གཅིག་ཏུ་འཇིག་རྟེན་བཀོད་པ་པོའི་སྐྱབས་འོག་ཏུ་ཡོད་བསམ་པའི་བློ་དེས་ང་རྒྱལ་ཆུང་དུ་གཏོང་གི་ཡོད་ལ། འཇིག་རྟེན་བཀོད་པ་པོ་མི་འདོད་མཁན་ནང་པ་དང་གཅེར་བུ་བ་ལྟ་བུར་མཚོན་ན། ལས་འབྲས་ཀྱི་རྣམ་གཞག་ཁས་ལེན་པར་བརྟེན་ལས་བཟང་པོ་ལས་འབྲས་བུ་བཟང་པོ་ཡོང་བར་ཡིད་ཆེས་བྱེད་ཀྱི་ཡོད། ནང་པ་ལྟ་བུར་མཚོན་ན། དགེ་བའི་ལས་ལ་བརྟེན་ནས་རྣམ་སྨིན་མི་དགེ་བ་འགོག་ཐུབ་པའི་ཡིད་ཆེས་བྱེད་ཀྱི་ཡོད་པ་སོགས། བྱམས་བརྩེ་དང་གཞན་དོན་གྱི་བསམ་པ་སོགས་ནང་གི་རིན་ཐང་གོང་འཕེལ་གཏོང་བར་ཆོས་ཁས་ལེན་མིན་ལ་ཁྱད་པར་གང་ཡང་མེད་མོད། མི་ཚེ་བདེ་སྐྱིད་ལྡན་པ་ཞིག་ཡོང་བར་ནང་གི་རིན་ཐང་དེ་ཧ་ཅང་དགོས་ངེས་ཤིག་ཆགས་ཡོད། ཅེས་གསུངས་འདུག  

ཕྱི་ཚེས་ ༩ ཉིན་༸གོང་ས་མཆོག་གིས་ཐེངས་འདིའི་ལྡི་ལི་ཁུལ་གྱི་མཛད་འཕྲིན་ཡོངས་སུ་གྲུབ་ཡོད་ལ། ཁ་སང་ཕྱི་ཚེས་  ༡༠ ཉིན་ལྡི་ལི་ནས་མཁའ་ལམ་བརྒྱུད་ཝར་ཎ་གནམ་ཐང་དུ་ཞབས་སོར་འཁོད་ཡོད་ཅིང་། དེར་ཡོད་ཝར་ཎ་གཙུག་ལག་མཐོ་སློབ་ཀྱི་ངེས་སྟོན་པ་དང་ཐེངས་འདིའི་གསུང་ཆོས་ཀྱི་སྦྱིན་བདག  དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་ཤར་བྱང་ཆོས་རྗེ་རྣམ་གཉིས་ཀྱིས་དབུས་གདན་ས་ཁག་གི་མཁན་བླ་སྤྲུལ་རྣམ་པ་དང་། དེར་ཡོད་སེར་སྐྱ་མི་མང་གི་ཕེབས་བསུའི་ཁྲོད་༸གོང་ས་མཆོག་ཝར་ཎ་མཐོ་སློབ་དུ་ཞབས་སོར་བཀོད་ཡོད།  དེ་རིང་༸གོང་ས་མཆོག་བསྟན་འགྱུར་བོད་སྐད་ནས་སྐད་ཡིག་གཞན་ནང་ཕབ་བསྒྱུར་ཞུ་བའི་ཚོགས་ཆེན་གྱི་མཇུག་བསྡོམས་ཐོག་ཆིབས་བསྒྱུར་གནང་སྟེ་བཀའ་སློབ་གསུང་བཤད་གནང་ཡོད་པར་མ་ཟད། སང་ཉིན་ཕྱི་ཚེས་ ༡༢ ནས་ཉིན་ལྔའི་རིང་གི་གསུང་ཆོས་དབུ་འཛུགས་ཞུ་རྒྱུ་ཡིན་འདུག  

 

 

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

ཆུ་ཚོད་ ༡༦ སྔོན་ལ།
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

ཆུ་ཚོད་ ༡༦ སྔོན་ལ།
བོད་རྔ་བ་ཁུལ་ཁྱུང་ཆུ་རྫོང་དུ་རྒྱ་གཞུང་གིས་དམག་མི་མང་པོ་འགྲེམས་འཇོག་བྱས་ཏེ་སྔར་ལས་དམ་དྲག་བྱས། ༢༠༢༦།༠༣།༡༠ དྲ་ལམ་གྱི་པར།
Mobile App

གསུམ་བཅུ་དུས་དྲན་སྐབས་རྒྱ་གཞུང་གིས་སྔར་ལྷག་དམ་དྲག་བྱས།

ཆུ་ཚོད་ ༡༧ སྔོན་ལ།
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ལ་སྙིང་རྗེའི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་སོང་།

ཆུ་ཚོད་ ༡༩ སྔོན་ལ།
Mobile App

གཅེས་ཕྲུག་གསུམ་ལ་ཨ་མའི་སྙིང་གཏམ།

ཆུ་ཚོད་ ༢༢ སྔོན་ལ།
པར་འགྲེལ། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༣།༡༠ དུས་བབ་གསར་ཁང་གི་པར།
Mobile App

གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོགས།

༢༠༢༦/༠༣/༡༠

མཆན། 1

  1. ཁམས་སེམས་བཟང་། says:
    ལོ་ 15 སྔོན།

    ༄༅། །གོང་ས་མཆོག་གནས་དེར་ཞབས་སོར་འཁོད་པ་དང་དེ་རིང་ནས་གསུགས་ཆོས་དབུ་འཛུགས་གནང་མཚམས་འདྲི་བཀྲིས་བདེ་ལེགས་གྲངས་མེད་དང་གང་ཉིད་ཀྱི་སྐུ་ཚེ་མཛད་འཕྲིན་རྒྱས་པའི་སྨོན་འདུན་གྱངས་མེད་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese