བོད་རང་སྐྱོང་ལྗོངས་ཀྱིས་རྒྱ་སྒོར་དུང་ཕྱུར་ ༢༠ ལྷག་གི་འགྲོ་སོང་བཏང་སྟེ། བོད་རིགས་སློབ་ཕྲུག་མང་པོ་རྒྱ་ནག་ཏུ་བཏང་སྟེ། འབྱུང་འགྱུར་གྱི་ལོ་ལྔའི་རིང་བོད་རང་སྐྱོང་ལྗོངས་ས་ཁུལ་ལ་མཁོ་བའི་ཤེས་ལྡན་པ་སྐྱེད་སྲིང་བྱ་རྒྱུ་ཡིན་ཟེར།
བོད་རང་སྐྱོང་ལྗོངས་སློབ་གསོ་སྡེ་ཁག་གནས་གནས་ཚུལ་ཁྱབ་བསྒྲགས་བྱས་པ་ལྟར་ན། འབྱུང་འགྱུར་གྱི་ལོ་ ༥ རིང་རྒྱ་ནག་ནང་ལོགས་ཀྱི་གྲོང་ཁྱེར་ཆེ་ཁག་སྐོར་ཞིག་གི་སློབ་ཆེན་དག་ཏུ། བོད་རང་སྐྱོང་ལྗོངས་མངའ་ཁུལ་གྱི་སློབ་ཕྲུག་ཚོར་ཆེད་དུ་འཛིན་གྲྭ་བཙུགས་ཏེ། བོད་ལྗོངས་འཛུགས་སྐྲུན་གྱི་ལས་རིགས་ལ་དགོས་མཁོ་ཆེ་བའི་ལག་རྩལ་པ་མང་པོ་སྐྱེད་སྲིང་བྱ་རྒྱུ་ཡིན་ཟེར། ལས་འཆར་དེའི་ནང་ ༢༠༡༡ ལོར་བོད་ལྗོངས་ཀྱི་སློབ་ཕྲུག་ ༣༠༠༠ ཙམ་རྒྱ་ནག་ཏུ་འབྲིང་རིམ་ལས་རིགས་ལག་རྩལ་བསླབ་པར་གཏོང་རྒྱུ་ཡིན་པ་དང་། ༢༠༡༢ ལོར་སློབ་ཕྲུག་ ༣༠༠༠ ། ༢༠༡༣ ལོར་སློབ་ཕྲུག་ ༥༠༠༠ བཅས་གཏོང་རྒྱུའི་ལས་གཞི་བསྒྲིགས་ཡོད་པ་དང་། ལས་གཞིའི་འདིའི་ཐད་རྒྱ་སྒོར་ཐེར་འབུམ་གཉིས་ ༢༠༠༠༠༠༠༠༠༠ ཙམ་གཏོང་རྒྱུ་གཏན་ཁེལ་ཡོད་འདུག
སྐད་ཆ་འདི་ལ་ཧ་ལས་དགོས་པ་གང་ཡང་ཡོད་པ་མ་རེད་སྙམ།
གང་ཡིན་ཟེར་ན། གནད་དོན་འདི་འདྲ་བ་མང་པོ་ཞིག་ས་ཆ་དེར་སྔོན་ཆད་ནས་བྱུང་དང་འབྱུང་བཞིན་པ་རེད། ས་དེ་གའི་མི་བུ་མགོ་བདེ་ཁ་ཤས་ལས་དེར་ཧ་ཅང་དགའ་པོ་ཡོད་པས་ཡིན།
ནམ་རྒྱུན་རྒྱ་ཀོང་ཁྲན་ཞེས་བསྟོད་པའི་མཐེ་བོང་གནམ་ལ་འདེགས་མཁན་ཡང་དེ་ཚོ་རེད། སྐྱོན་མི་འདུག
ཧའ་ཧའ་གནས་ཚུལ་འདི་ནི་དངོས་ནས་ཡ་ཚན་ཅན་རེད་ད་བར་བོད་ཕྲུག་རྒྱ་ནག་ཏུ་ཕྱིན་པ་འདི་དག་བོད་རངས་སྐྱོང་ལྗོངས་མངའ་ཁོངས་ནས་མ་ཡིན་ནམ་ཡང་ན་ས་ཆ་གཞན་ནས་ཡིན་པ་རེད་པས་
ད་དངོས་ནས་ཟབ་ཟབ་མ་བྱས་ན་བོད་ནང་གི་སློབ་གྲྲའི་ནང་རྒྱ་ཕྲུག་ཡང་སྐྱར་མང་དུ་འགྲོ་ཉེན་འདུག་པས་བོད་ནང་བོད་མི་ཚོས་ཟབ་ཟབ་གནང་དགོས་
འདི་ནི་རྒྱ་མིའི་གཡུ་བྱུས་ཁོ་ན་ཡིན་པ་རེད་།།།།
རྒྱ་ནག་ལ་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། བྱམས་པ་ཕུན་ཚོགས་ཀྱི་རྗེས་འབྲང་བ་མང་ཙམ་གསོ་སྐྱོང་བྱ་རོགས། བཙན་བྱོལ་གཞུང་ནས་ཀྱང་དེ་འདྲ་མང་པོ་འདུག མ་འོངས་པ་དབུས་པའི་བསམ་དོན་འགྲུབ་པའི་སྨོན།
ཨ་ཨ་་་རྒྱ་ནག་གི་ཡང་གཡོ་སྒྱུ་ཞིག་ཁྲབ་ཀི་ཡོད་ནི་རེད་་་