མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིའི་མགྲིན་ཚབ་པའི་གོ་ཆོད་དགོས།

བོད་ཀྱི་དུས་བབ།
༢༠༡༡/༠༡/༡༧
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ཚེས་ ༡༤ ཉིན་སྲིད་འཛིན་ཨོ་བྷ་མ་ལགས་ལ་ཨ་རིའི་ཆབ་སྲིད་ཚོགས་པ་གཉིས་ཀྱི་གྲོས་ཚོགས་འཐུས་མི་ ༣༢ ཙམ་གྱིས་མིང་རྟགས་བཀོད་པའི་སྙན་ཞུ་ཞིག་ཕུལ་ཏེ།  ཕྱི་ཚེས་ ༡༩ ནས་ ༢༠ བར་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་ཨ་རིར་གཟིགས་སྐོར་སྐབས།  རྒྱ་ནག་ནང་གི་སྐྱི་གཡའ་བའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་། དེ་བཞིན་བཙོན་འཇུག་མནར་གཅོད་འོག་གི་དམངས་གཙོ་དོན་གཉེར་བ་རྣམས་ཀྱི་མིང་ཐོ་གསལ་བཤད་གནང་དགོས་པར་མ་ཟད། རྒྱ་གཞུང་གིས་ཁ་ཡོད་ལག་ཡོད་ཀྱི་སྒོ་ནས་ངེས་པར་དུ་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་གཏོང་དགོས་པར་ནན་སྐུལ་ཞུ་དགོས་པའི་འབོད་སྐུལ་བྱས་འདུག

 

 སྙན་ཞུ་དེའི་ནང་། རྒྱུན་པར་གཞུང་གིས་རང་ཉིད་ཀྱི་དཔལ་འབྱོར་གནས་བབ་ཁོ་ན་གླེང་སློང་བྱེད་ཀྱི་ཡོད། ད་ལྟ་རྒྱ་ནག་འཛམ་གླིང་དཔལ་འབྱོར་ཚོང་རའི་གར་སྟེགས་སྟེང་བསླེབས་ཡོད་ཀྱང་། ཁོ་ཚོས་ད་དུང་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དང་འཛམ་ཡོངས་ཁྱབ་རིན་ཐང་རྩ་བ་ནས་ངོས་ལེན་གནང་གི་མེད། ལོ་སྔོན་མའི་ནོ་བྷེལ་ཞི་བདེའི་གཟེངས་ཀྱི་མཛད་སྒོའི་སྔོན་གྱི་དུས་ཚོད་ཐུང་ངུ་དེའི་ནང་། རྒྱ་གཞུང་གིས་འཁྲབ་སྟོན་བྱས་པའི་བྱ་སྤྱོད་དེ་དག་གིས་ཁོ་ཚོའི་རང་གཤིས་ངོ་མ་དམར་རྗེན་དུ་མངོན་ཡོད། རྒྱ་ནག་གཞུང་གིས་འཛེམས་དོགས་དང་། གཞན་ལ་བརྩི་བཀུར་ཕྲན་ཙམ་མེད་པའི་སྒོ་ནས་འཛམ་གླིང་རྒྱལ་ཁབ་གཞན་དག་གཟེངས་རྟགས་མཛད་སྒོར་མི་རྒྱུར་སྐུལ་སློང་དང་། ཚོང་འབྲེལ་གྱི་ཐབས་ལམ་སྤྱད་དེ་གནོན་ཤུགས་སྤྲོད་ཐབས་བྱས་ཡོད། དེ་བཞིན་ལིག་ཞོ་པོ་ཡི་ནང་མི་གཙོས་པའི་དམངས་གཙོ་དོན་གཉེར་བ་མང་པོར་སྔར་ལས་ལྷག་པའི་བཀག་སྡོམ་བྱས་ཡོད།

སྲིད་འཛིན་ཁྱེད་ཉིད་ཀྱང་། ནོ་བྷེལ་ཞི་བདེ་གཟེངས་རྟགས་ཐོབ་མཁན་ཡིན་པར་མ་ཟད། ནོ་བྷེལ་ཞི་བདེ་གཟེངས་རྟགས་སྐུ་ཞབས་ལིག་ཞོ་པོ་ལ་སྤྲོད་རྒྱུར་ཁྱེད་ཀྱིས་ཀྱང་གུས་བརྩི་བྱས་ཡོད་ན། ཐེངས་འདིར་སྐུ་ཞབས་ལིག་ཞོ་པོ་དང་། ཁྲིན་ཀོང་ཁྲིན། ཡུ་གུར་མི་རིགས་ཀྱི་དབུ་ཁྲིད་རེ་བྷེ་ཡ་ཡི་བུ་སོགས་བཙོན་འོག་ཏུ་ཡོད་པའི་དམངས་གཙོ་དོན་གཉེར་བ་དང་གཞུང་དང་ལངས་ཕྱོགས་ཐ་དད་འཛིན་མཁན་རྣམས་ཀློད་གྲོལ་གཏོང་རྒྱུར་ནན་སྐུལ་གནང་རྒྱུ་དང་། དེ་བཞིན་རྒྱ་ནག་ནང་རྒྱལ་སྤྱིའི་གནས་འཕྲིན་དྲ་རྒྱའི་བརྗོད་བྱར་ཞིབ་བཤེར་བཀག་སྡོམ་དང་། ཟིན་བྲིས་བ་དང་གསར་འགོད་པ་མང་པོ་བཙོན་འཇུག་བཀག་ཉར། བོད་དང་ཡུ་གུར་གཙོས་པའི་གྲངས་ཉུང་མི་རིགས་དང་། ལྷག་པར་དུ་ཆོས་ལུགས་དད་མོས་རང་དབང་བརྡལ་བཤིག་དང་བཙན་གནོན་བྱེད་བཞིན་པ་སོགས་མཚམས་འཇོག་གིས་འགྲོ་བ་མིའི་གཞི་རྩའི་རང་དབང་དང་ཐོབ་ཐང་ལ་བརྩི་བཀུར་དགོས་ཡོང་རྒྱུའི་ཐད་དོན་ཕན་ལྡན་པའི་གྲོས་མོལ་བྱ་དགོས་པ་སོགས་བཀོད་ཡོད་འདུག

 

ད་དུང་སྙན་ཐོ་དེའི་ནང་། སྲིད་འཛིན་ཨོ་བྷ་མས་རང་ཉིད་ལ་ནོ་སྦེལ་ཞི་བདེ་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོའི་གཏམ་བཤད་སྐབས། ཨ་རི་དུས་ནམ་ཡང་འགྲོ་བ་མིའི་ཡོངས་ཁྱབ་རིན་ཐང་མངོན་འགྱུར་ཡོང་བའི་རེ་སྙེག་ཀྱི་འབོད་སྒྲ་སྒྲོག་གི་ཡིན། ཞེས་བརྗོད་ཡོད་པས། ང་ཚོ་གྲོས་ཚོགས་འཐུས་མི་དག་གི་ངོས་ནས། ཁྱེད་རང་ཧུའུ་ཅིན་ཐོ་དང་ཐུག་སྐབས། རེ་སྙེག་དེ་མངོན་འགྱུར་ཡོང་ཕྱིར་གྲོས་མོལ་གནང་རྒྱུར་འབོད་སྐུལ་ཞུ་རྒྱུ་ཡིན། འདས་པའི་ཉམས་མྱོང་གྱིས་གསལ་སྟོན་གནང་བ་ལྟར། ཁྱེད་ཀྱིས་སྲིད་སྐྱོང་གནང་བའི་དུས་སྐབས་རིང་འབོད་སྒྲ་དེ་དག་མཚམས་འཇོག་དང་གྲགས་མེད་འགུལ་མེད་ཀྱི་རྣམ་འགྱུར་བཟུང་བ་མཐའ་དག རྒྱ་གཞུང་གི་ངོས་ནས་དེ་ནི་ཨ་རིའི་ནུས་ཤུགས་ཉམས་པ་དང་སྤོབས་པ་ཞུམ་པའི་རྟགས་མཚན་ཞིག་ལ་ངོས་འཛིན་བྱས་ཡོད། དེར་བརྟེན། ང་ཚོས་ངོས་ནས་ཁྱེད་ཀྱིས་ཤུགས་ཆེན་པོ་དང་ཧ་ཅང་གསལ་ཐག་ཆོད་པོའི་སྒོ་ནས་ཨ་རིའི་མི་མང་གི་མགྲིན་ཚབ་གནང་སྟེ། རྒྱ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་གནས་ཚུལ་གསལ་འདོན་དང་། གང་མགྱོགས་གནས་བབ་དེ་ལེགས་བཅོས་བྱ་དགོས་པའི་སྐུལ་འདེད་གནང་དགོས། ཞེས་བརྗོད་ཡོད་པ་རེད།   

གསར་འགོད་པ། ཚེ་རིང་རྒྱལ།

 

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་གི་“མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་”ནི་“མཐུན་སྒྲིལ་”གྱི་མིང་འོག་“གྲངས་ཉུང་མི་རིགས་”རྒྱ་བསྒྱུར་ལས་གཞི་མགྱོགས་སུ་གཏོང་ཆེད་རེད།

ཆུ་ཚོད་ ༨ སྔོན་ལ།
པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།/༢༧
Mobile App

ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁ་མཆུ་ཨང་ ༢༢ པ་རྒྱུན་སྐྱོང་མ་ཐུབ་པའི་ཐག་གཅོད་གནང་འདུག

༢༠༢༦/༠༦/༢༧
སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦/༦/༢༧
༧གོང་ས་མཆོག གསུང་འཕྲིན།

ཝེ་ནེ་སུ་ཝེ་ལར་ས་ཡོམ་གྱི་གོད་ཆག་བྱུང་བར་ཐུགས་སྨོན་མཛད།

༢༠༢༦/༠༦/༢༧
ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༢༦
Mobile App

ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད།

༢༠༢༦/༠༦/༢༦
Mobile App

བོད་རང་བཙན་གཙང་མ་ཡིན་པའི་ལོ་རྒྱུས་ཀྱི་བདེན་དཔང་བློས་གཏོང་ཐུབ་ཀྱི་མེད།

༢༠༢༦/༠༦/༢༦
རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ། བོད་ཀྱི་དུས་བབ་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ།

༢༠༢༦/༠༦/༢༥

མཆན། 2

  1. སྤེན་པ་རྡོ་རྗེ། says:
    ལོ་ 15 སྔོན།

    ཨ་རིའི་སྲིད་འཛིན་གྱིས་ཞབས་འདྲེན་ལུང་པ་གང་ཞུ་རྒྱུ་རེད། འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་ལ་བློ་ཕམ་བཟོད་གླགས་མེད་པ་སྐྱེ་རུ་འཇུག་རྒྱུ་རེད། བོད་དང་ཡུ་གུར་གཙོས་པའི་རྒྱ་ནག་གི་གྲངས་ཉུང་མི་རིགས་ཁག་ལ་ཡིད་ཆད་ཅིག་འོང་གི་འཇུག་རྒྱུ་རེད། རྒྱལ་ཁབ་གཉིས་བར་ཚོང་འབྲེལ་ཡག་ཐག་ཆོད་རྒྱག་རྒྱུ་རེད། ཕྱོགས་གཉིས་བར་གྱི་དམག་གི་འགྲོ་འོང་ཅུང་ཇེ་བཟང་ལ་གཏོང་རྒྱུ་རེད། དེ་ཙམ་རེད།

    Reply
  2. བསེ་རུ། says:
    ལོ་ 15 སྔོན།

    གསར་འགོད་པ་ཚེ་རིང་རྒྱལ་ལགས།
    གསར་འགྱུར་གྱི་ཁ་བྱང་”ཨ་རིའི་མགྲིན་ཚབ་པའི་གོ་ཆོད་དགོས།”ཞེས་པའི་འོག་ཏུ་ངས་མཐོང་བའི་ཡིག་ནོར་དང་ཆད་སྐྱོན་བྱུང་བ་འདི་དག་རེད།
    མཆན་བུ་འདི་མ་འགོག་རོགས། དྲ་ཐོག་གི་ཀློག་པ་པོ་ཚོར་ཡང་ཕན་ཐོགས་ངེས་ཅན་ཡོང་ངེས་རེད།

    མ་དག་པ། དག་པ།

    སྲིད་འཛོན། སྲིད་འཛིན།
    ནར་གཅོད། མནར་གཅོད།
    དཔའ་འབྱོར། དཔལ་འབྱོར།
    རྡུང་བཙན་གནོན་བྱེད་བཞིན་པ། གཅར་རྡུང་བཙན་གནོན་བྱེད་བཞིན་པ།
    རེ་སྙེགས། རེ་སྙེག
    མངོན་འགྱུར་ཡོངས་བའི། མངོན་འགྱུར་ཡོང་བའི།
    གཞིར་རྩའི། གཞི་རྩའི།
    ཉམ་པ། ཉམས་པ།
    འཛམ་ཡོངས་ཁྱབ་རིན་ཐང་། འཛམ་གླིང་ཡོངས་ཁྱབ་རིན་ཐང་།
    འཛམ་གླིང་རྒྱ་ཁབ། འཛམ་གླིང་རྒྱལ་ཁབ།
    ཞི་བདེའི་གཟེངས་ཀྱི་མཛད་སྒོའི། ཞི་བདེའི་གཟེངས་རྟགས་ཀྱི་མཛད་སྒོའི།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese