བོད་ནང་གི་གསར་ལམ་དུ་གནས་ཚུལ་སྤེལ་བ་ལྟར་ན། ཉེ་ལམ་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རེབ་གོང་རོང་བོ་གྲོང་བརྡལ་དུ་༼དམངས་ཁྲོད་མདའ་རྩེད་ལྷན་ཚོགས༽ ཟེར་བའི་མདའ་འཕེན་པའི་ཚོགས་པ་ཞིག་གསར་འཛུགས་བྱས་ཏེ། འགྲོ་བ་མིའི་རིགས་ཐུན་མོང་གི་གདོད་མའི་མཚོན་ཆ་དང་། ལྷག་པར་དུ་བོད་པའི་སྲོལ་རྒྱུན་གྱི་རིག་གཞུང་ངམ། ཕོ་རྩེད་སྣ་དགུའི་ཡ་གྱལ་དམངས་ཁྲོད་མདའ་རྩེད་འགྲན་བསྡུར་གྱི་མཛད་སྒོ་ཞིག་བསྡུས་ཡོད་འདུག
མདའ་འཕེན་པའི་ལྷན་ཚོགས་དེའི་ཐོག་སྐབས་གསར་བའི་མགོ་ཁྲིད་འོས་འདེམས་དང་དམངས་ཁྲོད་མདའ་འཕེན་པ་འཚོལ་ཞིབ། མ་འོངས་མདའ་རྩེད་རིག་གནས་དར་རྒྱས་གཏོང་ཕྱོགས་བཅས་ལ་གྲོས་བསྡུར་བྱས་ཡོད་པ་མ་ཟད། མདའ་རྩེད་ལྷན་ཚོགས་དེའི་སྒྲིག་གཞི་གསར་བཟོ་བྱས་ཏེ། ཚོགས་པ་དེབ་སྐྱེལ་གྱི་སྲིད་གཞུང་གི་དཔང་རྟགས་ཀྱང་བླངས་ཡོད་འདུག ཐེངས་འདིའི་བྱ་འགུལ་དེ་ནི་བོད་པའི་དམངས་ཁྲོད་དུ་དར་ཁྱབ་ཆེ་བའི་སྲོལ་རྒྱུན་མདའ་རྩེད་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་ལ་དམིགས་པ་ཞིག་ཡིན་འདུག
དམངས་ཁྲོད་མདའ་རྩེད་འགྲན་སྡུར་འདི་ཧ་ཅང་ཡག་པོ་འདུག འདི་མུ་མཐུད་དུ་རྒྱུན་འཁྱོངས་བྱེད་རྒྱུ་གལ་ཆེན་པོ་འདུག
པག་རིགས་གྱོན་རྒྱུ་དང་གྲི་དང་མདའ་གཞི་སོགས་མདོར་ན་མཚོན་ཆའི་རིགས་རིགས་གཞུང་ངམ་གོམས་གཤིས་ཞིག་ཡིན་ཀྱང་་་་་ད་མེད་སོང་ན་རེད
འོ། འདི་ཡང་། རིགས་གཞུང་། ཉམས་གསོ་བྱེད་སྟངས་ཞིག་རེད་གདའ།