རྒྱ་ནག་ཧྲན་ཞི་ཞིང་ཆེན་གྱི་དམངས་སྲིད་ཚོགས་ཆེན་གཉིས་པ་དེ་ཁ་སིང་ཕྱི་ཚེས་ ༢༠ ཉིན་མཇུག་སྒྲིལ་ཡོད་པ་དང་།ཚོགས་ཐོག་ཏུ་སྲིད་གྲོས་ཀྱི་འཐུས་མི་ལིས་ཡུས་ཞཱན་གྱིས་རྒྱ་ནག་གི་རྒྱལ་གླུར་བསྒྱུར་བཅོས་གཏོང་དགོས་པའི་བསམ་ཚུལ་བཏོན་ཡོད་འདུག
སྲིད་གྲོས་ཀྱི་འཐུས་མི་ལིས་ཡུས་ཞཱན་གྱིས་བརྗོད་དོན། རྒྱ་ནག་གི་རྒྱལ་གླུའི་གླུ་ཚིག་ནི་དུས་རབས་རྙིང་བའི་དམར་དམག་རྒྱང་སྐྱོད་ལ་དཔའ་ངར་སློང་བྱེད་ཀྱི་ཚིག་ཅིག་ཡིན་པ་དང་། ལྷག་པར་དུ་རྒྱལ་གླུའི་མཇུག་ཏུ་”དགྲ་བོས་མེ་སྒྱོགས་ལ་མི་འཛེམ་པར་མདུན་བསྐྱོད། མདུན་བསྐྱོད། བསྐྱོད” ཅེས་པའི་ཚིག་དུམ་དེའི་བརྗོད་དོན་ནི། དེང་གི་དུས་རབས་གསར་བ་དང་འཚམ་པོ་མི་འདུག དེང་དུས་ཀྱི་དམག་འཐབ་ཁྲོད་དགྲ་བོའི་མེ་སྒྱོགས་ལ་མ་འཛེམས་པར་མདུན་བསྐྱོད་མི་དགོས་པར་ཚན་རྩལ་ལ་བརྟེན་དགོས་སྟབས། རྒྱལ་གླུའི་ནང་གི་ཚིག་དེ་ནི་བཀྲ་མི་ཤིས་པའི་ཚིག་ཅིག་རེད། དུས་རབས་གསར་བའི་ནང་དར་སྤེལ་གཏོང་དགོས་པ་དེ་ནི། འགྲོ་བ་མིའི་རིགས་ཀྱི་གཉུག་མའི་རང་གཤིས་མཚོན་པའི་འཆམ་མཐུན་ཡིན་པས། ཕྱི་ལོ་ ༢༠༠༩ ལོའི་རྒྱ་ནག་གི་དམག་གཟིགས་རྔམ་སྟོན་གྱི་བརྗོད་དོན་གླུ་ཚིག་དེ་རྒྱ་ནག་གི་རྒྱལ་གླུའི་གླུ་ཚིག་ཏུ་འོས་པའི་སྐོར་བརྗོད་ཡོད་འདུག
སྲིད་གྲོས་འཐུས་མི་ལིས་ཡུས་ཞཱན་གྱིས་བཏོན་པའི་རྒྱ་ནག་གི་རྒྱལ་གླུའི་ནང་དོན་ལ་བསྒྱུར་བཅོས་གཏོང་དགོས་པའི་བསམ་ཚུལ་དེ་ནི། ཉིན་འདི་གར་ཀྲུང་གོའི་ཕྱི་ནང་གཉིས་ཀྱི་དྲ་བ་དག་གི་གླེང་གཞི་གཙོ་བོར་གྱུར་ཡོད་འདུག
གསར་འགོད་པ། ཚེ་རིང་རྒྱལ།
གསར་འགྱུར་འདིའི་ནང་གི་དམངས་སྲིད་ཚོགས་ཆེན་གཉིས་པ་ཟེར་བ་དེ་གང་དུ་འཚོགས་པ་རེད། དེའི་དོན་ཅི་རེད།།
བདག་གི་གསལ་བཤད། ཉེ་ལམ་འཚོགས་ཟིན་པ་དེ་ཧྲན་ཞི་ཞིང་ཆེན་གྱི་དམངས་འཐུས་དང་སྲིད་གྲོས་ཀྱི་ཚོགས་ཆེན་གཉིས་པོ་རེད།
དེ་གཉིས་ངོ་བོ་མི་གཅིག་པའི་ཚོགས་འདུ་གཉིས་རེད་ལགས།
དྲ་གྲོགས་ཚོ། རྒྱ་ནག་ཕྱོགས་ནས་བསྒྱུར་བཅོས་་བྱེད་དགོས་པ་གང་དང་གང་ཡིན་པ་རིམ་བཞིན་བསྒྱུས་བཅོས་བྱེད་པའི་བཟང་ཕྱོགས་ཀྱི་བརྡ་ལན་ཞིག་རེད།
གནམ་སྐོས་དགའ་བ་བརྒྱ་ལྡན་དབུ་འཕང་དགུང་ལ་རེག།
རྒྱལ་ཁབ་གཞན་ཁག་གི་རྒྱལ་གླུའི་ནང་སོ་སོའི་ལུང་པའི་ཁྱད་ཆོས་རེ་ཟུང་ཙམ་ལས་འཛམ་གླིང་ཞི་བདེས་ཁྱབ་ཟེར་བ་དང་། ཕྱོགས་ཀུན་བྱམས་བརྩེས་སྐྱོང་ཟེར་བ་རླབས་ཆེན་ཚིག་དེ་དག་མེད་སྟབས། བོད་ཀྱི་རྒྱལ་གླུས་འཛམ་གླིང་རྒྱལ་གླུའི་འགྲན་རྩོད་ནང་ཨང་དང་པོ་བླངས་པ་དེ་གོ་མེད་པ་འདྲ།། །།
ཉལ་སའམ། ཁྲིམས་གསར་དུ་བཅའ་རན་འདུག དང་། ཉལ་སའམ་ཁྲིམས་སྔར་བཅས་ཟིན་པ་ཞིག་ཉིད། ཡང་བསྐྱར་བཟོ་བཅོསརན་འདུག་གིས་ཁྱད་པར་ཙམ་མོ། །
དྲ་གྲོགས་ཚོ་ཕྱི་ལོ་ ༢༠༠༩ ལོའི་རྒྱ་ནག་གི་དམག་གཟིགས་རྔམ་སྟོན་གྱི་བརྗོད་དོན་གླུ་ཚིག་དེ་གང་ཡིན་ནམ།
དྲ་གྲོགས་ཚོས་དྲིས་ལན་སྐྱོན་རོགས།
བཅའ་རན་འདུག་དང་བཅོས་རན་འདུག་གཉིས་ལ་ཁྱད་པར་ཅི་ཡོད་དམ།
དེ་ཡག་པོ་འདུག སྤྱི་ཚོགས་ཀྱི་འགྲོས་དང་བསྟུན་ནས་འགྱུར་བ་གཏོང་དགོས་ས་མང་པོ་ཡོད་རེད། བོད་པའི་རྒྱལ་གླུ་དེའང་བསྒྱུར་བཅོས་ངེས་པར་དུ་གཏང་དགོས་འདུག དེའི་ནང་མི་དགོས་པའི་རིགས་མང་དག་འདུག་ལ། བོད་རྒྱལ་ཁབ་ཆེན་པོ་སྤྱིའི་གླུ་ཚིག་ཅིག་ཡིན་དུས་སྤྱི་ལ་འཚམས་པའི་ཚིག་ཅིག་དགོས་ཀྱི་རེད་བ།
རྒྱ་ནག་གི་རྒྱལ་གླུ་ནང་ལ་བཀྲ་མི་ཤིས་པའི་ཚིག་ཡོད་ན། ངེས་པར་དུ་བསྒྱུར་བཅོས་དགོས་པ་མ་ཟད། ཤོག་དངུལ་ནང་གི་མྰའོའི་འདྲ་དཔར་འདི་ནི། གཡི་རག་གི་སྰ་དམ་ཧུ་སིན་དྲན་གསོ་སློང་མཁན་ལྟར་རྣམ་རྟོག་སློང་མཁན་ལྟར་གྱུར་མི་འདུག་གམ། ང་ཚོའི་རྒྱ་རིགས་ཚོས་སོམས་དང་།