མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྒྲོལ་མའི་མགུལ་རྒྱན།

བོད་ཀྱི་དུས་བབ།
༢༠༡༡/༠༡/༢༤
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ལམ་ཁ་བ་ཅན་གློག་བརྙན་ཁྱབ་སྤེལ་ཁང་གིས་ཕབ་སྐྲུན་སྒྲིག་སྦྱོར་དང་། ཞི་བདེ་ཉི་མ་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་བརྩམས་ཆོས་གསར་པ་༼སྒྲོལ་མའི་མགུལ་རྒྱན༽ཞེས་པ་དེ་དབུས་སྐད་དང་ཨམ་སྐད་གཉིས་གཙོས་པའི་རྒྱ་སྐད་དང་། དབྱིན་སྐད་སོགས་ཀྱི་ཐོག་སྒྲིག་སྦྱོར་བྱས་ཏེ་ཡོངས་སུ་ལེགས་འགྲུབ་བྱུང་འདུག་ལ།  བོད་ལྕགས་མོ་ཡོས་ལོའི་ལོ་སར་སྐབས་དང་བསྟུན་ཏེ། རྒྱ་ནག་དབུས་བརྙན་འཕྲིན་ཁང་དང་། མཚོ་སྔོན་བོད་སྐད་བརྙན་འཕྲིན་ཁང་བཅས་ནས་མང་ཚོགས་ལ་གཟིགས་འབུལ་བྱ་འཆར་ཡོད་འདུག

 གློག་བརྙན་འདིའི་ནང་། མིང་ལ་སྒྲོལ་མར་འབོད་པའི་ཕྱུག་རྫི་བུ་མོ་ཞིག་གི་སྤྱིར་བཏང་གི་འཚོ་བའི་ཁྲོད་ཀྱི་ཆེས་བབ་ཆགས་དང་། ཆེས་མཛེས་སྡུག་ལྡན་པའི་ཡིད་འགུག་གི་གཏམ་རྒྱུད་ཅིག་གི་བྱུང་རིམ་བརྒྱུད་དེ། མཐར་བུ་མོ་དེས་རྒྱུ་འབྱོར་དང་ཕྱི་ཡུལ་གྱི་མཛེས་སྡུག་སོགས་ཡོད་ཚད་བློས་གཏོང་གིས་ནང་སེམས་ཀྱི་མཛེས་སྡུག་ལ་བསྙེགས་པའི་བརྒྱུད་རིམ་གསལ་བོར་བསྟན་ཡོད་ཅིང་། གློག་བརྙན་དེས་མཐོ་སྒང་ན་གཞིས་ཆགས་པའི་བོད་མིའི་འཚོ་བ་དངོས་རྗོད་ཀྱིན་པར་མ་ཟད། བོད་མི་རིགས་ཀྱི་སྙིང་རྗེ་དང་བྱང་སེམས། སེམས་ཅན་ཐམས་ཅད་ལ་བདེ་བ་ལྡན་ཞིང་སྡུག་བསྔལ་ཞི་བའི་གསོལ་འདེབས་ཀྱི་གོམས་སྲོལ་བརྒྱུད་དེ། མཐོ་སྒང་དུ་གནས་སྡོད་བོད་མི་རྣམས་ཀྱི་མི་ཚེའི་འཚོལ་སྙེག་གི་ཟུར་ངོས་གཞན་ཞིག་ཀྱང་བསྟན་ཡོད་ཟེར།  

གསར་འགོད་པ། དོན་གོས་བསྡུ་སྒྲིག་བྱས།

འབྲེལ་ཡོད་གསར་འགྱུར།

རྭ་རྒྱ་དགོན་པའི་མཁན་ཟུར་བསྟན་པ་རྒྱ་མཚོ།
Mobile App

མདོ་སྨད་རྭ་རྒྱ་དགོན་པའི་མཁན་ཟུར་བློ་བཟང་བསྟན་པ་འཛིན་བཟུང་གིས་ལོ་ལྔའི་ཁྲིམས་ཆད་བཅད་འདུག

༢༠༢༦/༡༠/༡༧
Changpa nomads walk on a rugged path in Ladakh's Chushul valley [Tarushi Aswani/Al Jazeera]
Mobile App

རྒྱ་ནག་དཀར་གྱི་ས་མིང་བརྗེ་བསྒྱུར་རྩོད་རྙོག

༢༠༢༦/༡༠/༡༦
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ལྷོ་ཨ་ཧྥེ་རི་ཁའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ལ་རྡོ་སྣུམ་འབར་རྫས་འཕངས་ནས་གཏོར་སྐྱོན་བྱུང་འདུག

༢༠༢༦/༡༠/༡༥
Mobile App

རྒྱ་ནག་གི་རྒྱལ་སྲུང་ལས་དོན་སྒྲུབ་མཁན་གྱི་ཚོགས་སྡེ་ ༡༥༦ ལྷག་ནག་ཁུངས་ནང་འཇུག་དགོས།

༢༠༢༦/༡༠/༡༥
བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་འདུག

༢༠༢༦/༡༠/༡༥
པར་རྩོམ་པ་པོས་མཁོ་སྤྲོད་བྱས།
Mobile App

བོད་ཀྱི་བདུན་ཕྲག་སྲུང་བརྩི་དང་དཔེ་སྟོན་སློབ་གྲྭ་དབུ་བརྙེས་པའི་དུས་དྲན་ལས་འཕྲོས་པའི་གཏམ་ཐོར་བུ།

༢༠༢༦/༡༠/༡༥

མཆན། 10

  1. བཀྲ་ཤིས་དོན་གྲུབ། says:
    ལོ་ 16 སྔོན།

    མཐར་བུ་མོ་དེས་རྒྱུ་འབྱོར་དང་ཕྱི་ཡུལ་གྱི་མཛེས་སྡུག་ཡོད་ཚད་བློས་གཏོང་གི་ནང་སེམས་ཀྱི་མཛེས་སྡུག་ལ་བསྙེགས་པའི་བརྒྱུད་རིམ་གསལ་པོར་བསྟན་ཡོད་པ་འདི་འདྲ་ཞིག་ཡིན་ན་རྒྱ་ནག་དབུས་བརྙན་འཕྲིན་ཁང་ནས་སྟོན་དགོས་པ་ལ་ངོ་མ་རྒྱུ་མཚན་འདུག མི་རིགས་ཤིག་གི་མགོ་གནོན་དགོས་ན་བོད་མི་རིགས་ཀྱི་སྙིང་རྗེ་དང་བྱང་སེམས། སེམས་ཅན་ཐམས་ཅད་ལ་བདེ་བ་ལྡན་ཞིང་སྡུག་བསྔལ་ཞི་བའི་གསོལ་འདེབས་ཀྱི་རིགས་དར་ཞིང་རྒྱས་དགོས་པ་འདི་ལོ་རྒྱུས་ཀྱི་བདེན་དབང་བྱས་ཡོད་པས་དངོས་དོན་ཞིག་རེད། ང་ཚོའི་རང་མི་རིགས་ཀྱི་དཀའ་ངལ་སེལ་ཐབས་ལ་འབད་བརྩོན་བྱས་ཏེ་དེ་ནས་སེམས་ཅན་གཞན་གྱི་བདེ་སྡུག་ལ་གདོང་ལེན་བགྱིས་ན་འོས་འཚམས་ཤིག་མ་ཡིན་ནམ། གསོལ་འདེབས་ཀྱིས་གང་ཡང་འཐུས་ན་ང་ཚོའི་གནས་བབ་འདི་འདི་འདྲའི་ཉམ་ཆུང་དང་། ཉམ་ཐག ཉམ་ང་བ་ཞིག་ཏུ་ཅི་ལ་འགྱུར།

    Reply
  2. གཟེར་མ། says:
    ལོ་ 16 སྔོན།

    བཀྲ་་་ཤིས་བདེ་ལེགས། སྒྲོལ་མའི་མགུ་རྒྱན་ཞེས་པའི་གཟིགས་མོ་ཞིག་གསར་འགྱུར་སྤེལ་བ་ཐུགས་རྗེ་ཆེ། གང་ཡིན་ཟེར་ན་ང་རང་གློག་བརྙན་ལ་དགའ་བོ་ཡོད།

    Reply
  3. migyur says:
    ལོ་ 16 སྔོན།

    སྒྲོལ་མའི་མགུར་རྒྱན་ཞེས་པའི་གློག་བརྙན་དེ་དངོས་གནས་མཐོང་འདོད་ཞེ་དྲགས་བྱུང་། ཡིན་ན་ཡང་རྒྱ་ནག་པོའི་སྲིད་ཇུས་ཀྱི་སླད་མེད་པ་ཡོང་མི་སྲིད་པ་རེད་སྙམ། དེང་སང་ཁོང་ཚོས་དངོས་ཤུགས་བརྒྱུད་གསུམ་གྱི་ལམ་ནས་ཁྱབ་སྤེལ་དང་། ངོམས་སོ་བྱེད་ཀྱིན་ཡོད་པ་རེད།
    གསར་འགོད་པ་ལགས་ཀྱིས་གློག་བརྙན་དེར་ལེའུ་ག་ཚོད་ཡོད་མེད་མ་གསུངས་བ་དེ་ཅུང་མ་འགྲིགས། གང་ཡིན་ཟེར་ན། སྒྲུང་རིང་ལེའུ་མང་པོ་ཡོད་པའི་སྒྱུ་རྩལ་ཅན་གྱི་སྟོན་མོ་ཞིག་ཡོད་ཚེ་བལྟ་འདོད་ཀྱི་ཚོར་ཤུགས་ལྷག་ཏུ་འབར་ཡིན།

    Reply
  4. གངས says:
    ལོ་ 16 སྔོན།

    ཨ་ཁུ་ཞི་བདེ་ལགས། བཀྲ་ཤིས་བདེ་ལེགས།
    མང་པོ་ཞིག་གིས་ཁྱེད་རང་སྤྱང་གིས་རང་གཤིས་ལ་དགའ་བ་ནོར་འདུག་ཟེར་ཡང་། ང་ཁྱེད་ལ་ཧ་ཅང་དགའ། རྒྱུ་མཚན་ཁྱེད་རང་ནི་ངེས་དོན་གྱི་སྒྱུ་རྩལ་བྱང་ཆུབ་པ་ཞིག་རེད།

    Reply
  5. འཁྱམས་པོ། says:
    ལོ་ 16 སྔོན།

    དེ་ནི་རྗེས་སུ་ཡིད་རིང་གི་གནས་ཤིག་རེད། འདི་ལྟར་རིག་གཞུང་གོང་སྤེལ་གཏོང་དགོས་པ་རེད།

    Reply
  6. སངས་རྒྱས་རྡོ་རྗེ། says:
    ལོ་ 16 སྔོན།

    ཨོ་ངོ་མ་ཡ་མཚན་ནི་ཞིག་རེད་
    བོད་པ་ཞིག་གི་སེམས་ཤུགས་དང་བོད་ཞིག་གི་རྣམ་སྤྱོད་དེ་ལ་གུས་ཞབས་ཡོད་ཡ།

    Reply
  7. ཨ་རིག་དགེ་མཐོང་། says:
    ལོ་ 16 སྔོན།

    བོད་ནང་ནས་ད་ནི་སྙན་ངག་དང་སྒྲུང་གཏམ་སྐོར་གྱི་འགྲན་བསྡུར་མཚམས་བཞག་ནས་གློག་བརྙན་འགྲན་བསྡུར་མགོ་བརྩམས་པ་རེད། འོན་ཀྱང་ག་དུས་ཡིན་ན་ཞི་བདེ་ཉི་མ་སྔོན་དུ་ཤོར་ཡོད། སྔོན་སྙན་ངག་ཕྱོགས་ནས་ཤོར། དེའི་རྗེས་ཁ་ཤགས་སྐོར་ནས་ཤོར། ད་ནི་གློག་བརྙན་ཕྱོགས་ནས་ཀྱང་ཤོར་སོང་། མོ་སྟོན་ཕག་མགོ་ངས་སེམས་ནས་མི་བརྗེད་ཀི ། ཞི་བདེ་ཉི་མ་ཕྱོགས་ཀུན་ནས་རྒྱལ་གྱུར་ཅིག

    Reply
  8. རིགས་བཟང་། says:
    ལོ་ 16 སྔོན།

    ཨ་ཁུ་ཞི་བདེ་ལགས། བཀྲ་ཤིས་བདེ་ལེགས།
    གྲྭ་བ་ཚོས་རྐང་འོག་ནས་འདས་ལོག་བརྒྱབ་ཡོང་བའི་བུ་རྒོད་པོ་ཁྱེད།
    སྒང་བ་བོད་པ་ཚང་ལ་ཇི་འདྲའི་དགོས་མཁོ་ཆེ་བ་ལ།
    ཁ་དྲོ་བཀྲ་ཤིས།

    Reply
  9. གནས་ཚང་། says:
    ལོ་ 16 སྔོན།

    མོ་སྟོན་ཕག་མགོ་ནས་སྒྲོལ་མའི་འགུལ་རྒྱན་སླ་མོ་མ་རེད་ཡ། བཀྲ་ཤིས་བདེ་ལེགས་ཡོད།

    Reply
  10. གནམ་ལྕགས། says:
    ལོ་ 16 སྔོན།

    《སྒྲོལ་མའི་སྐེ་རྒྱན》ལ་ལེའུ་ག་ཚོད་ཡོད་མེད་མ་ངེས་པ་འདིས་གསར་འགྱུར་ཕྱེད་ཀར་བཏང་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese