མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

དགེ་འདུན་པ་ཞིག་འཛིན་བཟུང་།

བོད་ཀྱི་དུས་བབ།
༢༠༡༡/༠༡/༢༨
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་གྱི་ཉིན་རྒྱབ་ཆུ་ཚོད་ ༢ པའི་སྟེང་སི་ཁྲོན་ཞིང་ཆེན་རྔ་པ་ཁུལ་མཛོད་དགེ་ལྕང་ཚ་དྲན་པ་དགོན་པའི་རང་ལོ་ ༣༩ ཡིན་པའི་གྲྭ་བཟོད་པ་རྒྱ་མཚོ་ལགས། ན་ཚའི་རྐྱེན་པས་རྒྱ་ནག་ཁྲིན་ཏུའུ་གྲོང་ཁྱེར་གྱི་སྨན་ཁང་ཞིག་ཏུ་སྨན་བཅོས་བྱེད་སྐབས། མཛོད་དགེ་རྫོང་ཉེན་རྟོག་པ་ ༧ ཙམ་བསླེབས་ཏེ་རྒྱུ་མཚན་གང་ཡང་འགྲེལ་བཤད་མེད་པའི་ཐོག་ནས་འཛིན་བཟུང་བྱས་ཡོད་འདུག

གྲྭ་བཟོད་པ་རྒྱ་མཚོ་ལགས་སྔོན་མ་རྒྱ་གར་ནང་ལོ་མང་རིང་སློབ་གཉེར་གནང་མྱོང་མཁན་ཞིག་ཡིན་པ་མ་ཟད། ཕྱིར་རང་ཡུལ་དུ་ལོག་རྗེས་དྲན་པ་དགོན་པའི་དགེ་འདུན་པ་གཙོས་ས་གནས་མང་ཚོགས་ལ་གཅན་གཟན་རི་དྭགས་ཀྱི་པགས་རིགས་གྱོན་མི་རུང་བའི་བསླབ་བྱ་དང་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བའི་ཐོག་གོ་རྟོགས་སྤེལ་ཡོད་པ་མ་ཟད། དེ་སྔ་དྲན་པ་དགོན་པར་སྲུང་མ་འདྲ་མིན་བསྟེན་སྲོལ་ཡོད་པ་ཚོར་ཡང་ཁ་ཏ་སློབ་གསོ་བྱས་ཏེ་གཙང་སེལ་གནང་ཡོད་འདུག

གྲྭ་བཟོད་པ་རྒྱ་མཚོ་ལགས་ཀྱིས་རླབས་ཆེན་གྱི་ལས་དོན་མང་དག་ཅིག་བསྒྲུབས་དང་སྒྲུབ་བཞིན་ཡོད་སྟབས། གཞུང་ཕྱོགས་ཀྱི་མིག་ལ་མ་རན་པར་དེ་སྔ་ཁོང་ཐེངས་འགར་བཀག་ཉར་དང་འདྲི་རྩད་བྱས་ཡོད་འདུག་ལ། མ་འོངས་པར་འདུག་ཚོད་མ་ཟིན་ཚེ་ནག་ཉེས་ཅི་འགེལ་བཤད་དཀའ་བའི་ཉེན་བརྡ་ཡང་བཏང་ཡོད་སྟབས། ཐེངས་འདིར་ཡང་གནད་དོན་དེ་དག་དང་འབྲེལ་བ་ཡོད་པར་ཚོད་དཔག་བྱེད་ཀྱི་ཡོད་འདུག

གསར་འགོད་པ། དོན་གོ  

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་དང་རྒྱལ་སྤྱིའི་ཆབ་སྲིད་འགྱུར་ལྡོག རེ་བ་དང་གདོང་ལེན་གླེང་བ། ༢༠༢༣།༠༦།༨-༡༠ དུས་བབ་ཀྱི་པར།
Mobile App

རྒྱ་ནག་གི་བཙན་གནོན་མྱོང་བཞིན་པའི་མི་རིགས་མི་འདྲ་བས་མ་འོངས་ནུས་པ་མཉམ་སྤུང་གི་གཞི་རྟེན་འཚོལ་གྱི་འདུག

༢༠༢༣/༠༦/༠༨
Advertisement for App

ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་སྐབས་གཉིས་པའི་འབུམ་རམས་སློབ་མ་གསར་བསྡུའི་གསལ་བསྒྲགས།

༢༠༢༣/༠༦/༠༨
Sikyong Penpa Tsering and the members of the Tibetan Parliament’s Standing Committee with the diplomats of the US Embassy, Photo : TibetDotNet
Mobile App

བཀའ་སྤྱི་གཉིས་ཀྱིས་རྒྱལ་ས་ལྡི་ལིར་བོད་དོན་ཞུ་གཏུགས་ལས་འགུལ་སྤེལ།

༢༠༢༣/༠༦/༠༨
Mobile App

བོད་ཀྱི་འདས་དོན་གྱི་བསམ་ཚུལ་འགའ་གླེང་བར་བྱ།

༢༠༢༣/༠༦/༠༧
བྷི་ཧར་མངའ་སྡེའི་ཟམ་ཆེན་ཞིག་ལ་གློ་བུར་རྡིབ་སྐྱོན་བྱུང་།
Mobile App

བྷི་ཧར་གྱི་ཟམ་ཆེན་ཞིག་ལ་གློ་བུར་དུ་རྡིབ་སྐྱོན་བྱུང་།

༢༠༢༣/༠༦/༠༥
League of Social Democrats leader Chan Po-ying, center, argues with police before being taken away in Hong Kong’s Causeway Bay shopping district on 4th june 2023.Photo :AFP
Mobile App

དྲུག་བཞིའི་དོན་རྐྱེན་ལ་རྗེས་དྲན་ཞུ་མཁན་མང་པོ་ཞིག་བཙན་འཁྲིད་བྱས་འདུག  

༢༠༢༣/༠༦/༠༥

མཆན། 1

  1. རིགས་བཟང་། says:
    ལོ་ 12 སྔོན།

    ཨ་མདོ་བ་བསམ་གཞིགས་མང་ཙམ་གཏོང་རོགས། ཝ་ཡི་རིགས་དང་དུད་འགྲོའི་འདུ་ཤེས་འཛིན་པ་རྣམས་སྐྱིད་ཟ་སྐྱིད་ཉལ་བྱས་ནས་བསྡད་ན། འུ་ཚང་གི་རང་སྲོག་འབེན་ལ་བཞག་ནས་སྒང་བ་བོད་པ་ཚང་གི་བདེ་སྡུག་གླུ་རུ་གྱེར་དགོས་པ་རེད་དམ། འུ་ཚང་ལ་དམིགས་བསལ་གྱི་འོས་འགན་ཡོད་དམ། འུ་ཚོས་ཀྱང་སྐབས་བསྟུན་འཚོ་སྐྱིད་བྱས་ན་མི་བཟང་ངམ། ཅི་ཞིག་ལ་ང་ཚོ་ཤི་དགོས་པའམ། ཡང་ན་བཙོན་ཁང་དུ་འདུག་དགོས་པ་རེད།
    ང་ཚོས་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
    ལྐུགས་པ་དངོས་ན་དེ་འུ་ཚང་རེད་པ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist