དེ་རིང་ཉིན་རྒྱབ་རྒྱུད་སྟོད་ཀརྨ་བླ་བྲང་དུ་ཨོ་ནཱ་ཉེན་རྟོག་ལས་ཁུངས་ཀྱི་མགོ་གཙོ་གཞོན་པ་དང་། རྒྱ་གར་གྲོས་ཚོགས་འཐུས་མི་ཟུར་བ་འབྲས་ལྗོངས་བ་ཀརྨ་སྟོབས་ལྡན། རྒྱ་གར་དབུས་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་རྩོད་པ་སྐུ་ཞབས་ནཱ་རེ་ཤུ་མཊུར་ལགས་བཅས་ཀྱིས་ཀརྨ་བླ་བྲང་གི་གནད་དོན་དེའི་སྐོར་ལ་གསལ་བཤད་བྱས་ཡོད།
ཁ་སང་ཕྱི་ཚེས་ ༢༩ ཉིན་རྒྱལ་པ་ཀརྨ་པའི་བླ་བྲང་ནས་ཡིག་ཐོག་གི་གསལ་བསྒྲགས་ཤིག་སྤེལ་བའི་ནང་། ཐེངས་འདིར་རྒྱལ་བ་ཀརྨ་པ་དང་ཁོང་གི་བླ་བྲང་ལ་སྐྱོན་འཛུགས་བྱེད་པ་དང་། ལྷག་པར་དུ་རྒྱ་གཞུང་དང་འབྲེལ་བ་ཡོད་སྐོར་བཤད་པ་ནི་གཞི་རྩ་གང་ཡང་མེད་པའི་དཀྲོགས་གཏམ་རེད། ཉེན་རྟོག་པ་ཚོས་བླ་བྲང་ནས་རྒྱལ་ཁབ་འདྲ་མིན་གྱི་དངུལ་ཕྱིར་བཏོན་པ་དེ་དག རྒྱལ་ཁབ་འདྲ་མིན་གྱི་ཆོས་ཞུ་བ་དག་གིས་བསྔོ་རྟེན་དང་སྐྱབས་རྟེན་དུ་ཕུལ་བ་ཁོ་ན་ཡིན། ང་ཚོས་དངུལ་དེ་དག་བླ་བྲང་གི་འགྲོ་སོང་དང་ཤེས་ཡོན་སྡེ་ཚན་ཁག་ལ་གཏོང་གི་ཡོད། རྒྱ་སྒོར་མང་ཆེ་བ་བོད་ནས་ཕེབས་མཁན་ཆོས་ཞུ་བ་དག་གིས་ཕུལ་བ་རེད། ཅེས་དང་།
རྒྱལ་བ་ཀརྨ་པའི་དགོན་པ་རྒྱག་རྒྱུར་ས་ཉོ་རྩིས་ཡོད་པ་དེ་ནི་དངོས་ཡོད་ཡིན་ལ། དེ་ནི་འབྲེལ་ཡོད་རྒྱ་གར་གཞུང་དང་མངའ་སྡེ་གཞུང་ལ་ཆོག་མཆན་ཆ་ཚང་ཞུས་ཡོད་པ་མ་ཟད། ད་ལྟ་ལས་རིམ་འགྲོ་བཞིན་པ་ཡིན། ང་ཚོའི་བླ་བྲང་གི་ངོས་ནས་བཀག་ཉར་འོག་ཡོད་པའི་དངུལ་གཉེར་བ་གང་མགྱོགས་ཀློད་གྲོལ་ཡོང་བའི་རེ་བ་ཞུ་བཞིན་ཡོད། ཉེན་རྟོག་པ་ཚོར་དོགས་གཞི་གང་ཞིག་ཡོད་ཀྱང་ང་ཚོས་དུས་ཐོག་ལ་ལན་འདེབས་ངེས་ཡིན་ལ། རྒྱལ་བ་ཀརྨ་པ་མཆོག་གིས་ཀྱང་འབྲེལ་ཡོད་དཔོན་རིགས་ཚོར་བཀའ་ལན་གནང་རྒྱུ་གྲྭ་སྒྲིག་ཡིན།
དེ་རིང་ཕྱི་ཚེས་ ༣༠ ཉིན་ཉེ་ཆར་གྱོད་དོན་འདི་མགོ་བསླངས་ས་ཨོ་ནཱ་ས་གནས་ཉེན་རྟོག་སྤྱི་ཁྱབ་གཞོན་པ་ཀཱ་པོར་ G.S Kapoorརྒྱུད་སྟོད་དུ་འབྱོར་ཏེ་རྒྱལ་བ་ཀརྨ་པ་མཆོག་ལ་དངོས་སུ་འདྲི་རྩད་བྱས་ཡོད་འདུག་ལ། དེའི་རྗེས་ཁོས་གསར་ལམ་ཁག་ཏུ། ངས་ཀརྨ་པ་མཆོག་ལ་དྲི་བ་བཏང་བ་ཁག་ལ་ལན་གསལ་བོ་གནང་སོང་། བླ་བྲང་གི་དངུལ་གྱི་བྱུང་སོང་ཐད་ཁོང་ལ་འབྲེལ་བ་གང་ཡང་མི་འདུག གལ་སྲིད་དགོས་མཁོ་བྱུང་ན་བསྐྱར་དུ་ཁོང་ལ་འདྲི་རྩད་ཞུ་རྒྱུ་ཡིན། ཞེས་བརྗོད་སོང་།
དེ་རིང་ཉིན་རྒྱབ་བླ་བྲང་གི་ངོས་ནས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་སྐབས། འབྲས་ལྗོངས་ནས་ཡིན་པ་རྒྱ་གར་གྲོས་ཚོགས་འཐུས་མི་ཟུར་བ་དང་ཀརྨ་པའི་སློབ་སྟོན་པ་སྐུ་ཞབས་ཀརྨ་སྟོབས་ལྡན་ལགས་ཀྱིས་ཐེངས་འདིའི་གྱོད་དོན་སྐོར་བརྗོད་རྒྱུར། རྒྱལ་བ་ཀརྨ་པ་རྒྱ་གར་ལ་བྲོས་བྱོལ་དུ་ཡོང་དགོས་པའི་རྒྱུ་མཚན་དང་། ཁོང་གི་དངུལ་གྱི་ཡོང་ཁུངས་གང་ཡིན་ཟེར་ན། རྒྱལ་ཁབ་འདྲ་མིན་ནང་ཡོད་པའི་དད་ལྡན་མི་མང་གིས་ཕུལ་བ་རྐྱང་རེད། དེ་སྔོན་བླ་བྲང་གིས་རྒྱ་གར་གཞུང་ལ་ཕྱི་དངུལ་ཉར་ཚགས་དང་། ཧིན་སྒོར་དངུལ་ཁང་ལ་འཇོག་རྒྱུར་རྒྱ་གར་དབུས་ལྷན་ཁང་ Enforcement Department and Income Department ཆོག་མཆན་ཞུས་ཡོད་ཀྱང་། ད་བར་རྒྱ་གར་གཞུང་གིས་ཡ་ལན་སྤྲད་མེད་སྟབས། ཕྱི་དངུལ་རིགས་བླ་བྲང་ནས་མི་ཉར་ཐབས་མེད་བྱུང་ཡོད། དེའི་ཐད་རྒྱ་གར་གཞུང་ལ་ཡང་འགན་ཡོད་པ་རེད། ཀརྨ་པ་ཁོང་ད་བར་རྒྱུད་སྟོད་དགོན་པར་གནས་ཚང་གཡར་ནས་བསྡད་པ་རེད། ད་ཆར་ཁོང་གིས་ས་ཉོས་ཏེ་བཞུགས་གནས་ཤིག་གྲ་སྒྲིག་བྱེད་ཀྱི་ཡོད་པ་དེར་ང་ཚོས་དགའ་མོས་དང་རྒྱབ་སྐྱོར་ཞུ་དགོས་པ་ཞིག་ཆགས་ཡོད་ཟེར།
དེའི་རྗེས་རྒྱ་གར་དབུས་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་རྩོད་པ་སྐུ་ཞབས་ནཱ་རེ་ཤུ་མཊུར་ལགས་ཀྱིས་བརྗོད་དོན། ཐེངས་འདིའི་གནད་དོན་ལ་རྒྱུ་རྐྱེན་ཁ་ཤས་ཡོད། དང་པོ། ཨོ་ནཱ་ས་གནས་སུ་རྒྱ་གར་བ་གཉིས་ཀྱི་ལག་ནས་ཧིན་སྒོར་འབུམ་ ༡༠༠ ཐོན་སྐབས། ཁོང་གཉིས་ཀྱི་ཁྲིམས་མཐུན་མིན་པའི་རླངས་འཁོར་ཞིག་སྐོར་ཡོད། དེ་ནི་ཀརྨ་པའི་ཕྱོགས་ཀྱི་གནད་དོན་མ་རེད། བླ་བྲང་གིས་རྒྱ་གར་གཞུང་དང་མངའ་སྡེ་གཞུང་ལ་སྙན་གསེང་ཞུས་ཏེ་ས་ཉོ་རྩིས་བྱས་ཤིང་། ས་རིན་ལྡི་ལི་ནས་ལུགས་མཐུན་ཐོག་བླ་བྲང་གི་དངུལ་གཉེར་བས་ས་བདག་རྒྱ་གར་བ་དེ་གཉིས་ལ་རྩིས་སྤྲོད་བྱས་ཟིན་པའི་བྱུང་འཛིན་ཁ་གསལ་ཡིན་སྟབས། ཧིན་སྒོར་འབུམ་ ༡༠༠ དེ་ཀརྨ་བླ་བྲང་ལ་འབྲེལ་བ་མེད་པ་ལྟ་བུ་རེད།
གཉིས་པ། བླ་བྲང་ནས་རྒྱ་སྒོར་མང་པོ་ཞིག་ཐོན་ཡོད་སྟབས་རྒྱ་གཞུང་དང་འབྲེལ་བ་ཡོད་པའི་དོགས་གཞི་ཞིག་བྱུང་ཡོད། དེ་ནི་དགོད་བྲོ་བ་ཞིག་རེད། རྒྱ་སྒོར་ཡོད་པ་ཙམ་གྱིས་རྒྱ་གཞུང་ལ་འབྲེལ་བ་ཡོད་དགོས་ན། ཕྱི་དངུལ་མང་ཤོས་ཨ་སྒོར་ཐོན་ཡོད། དེས་ན་ཀརྨ་པ་ཨ་རིའི་གསང་མྱུལ་བ་རེད་ཟེར་ན་འགྲིག་གམ། ཀརྨ་བླ་བྲང་གི་ཕྱི་དངུལ་ལས་རྒྱ་སྒོར་གྱིས་བརྒྱ་ཆ་ ༡༠ ཙམ་ལས་ཟིན་མེད། དེ་རྣམས་བོད་ནས་ཕེབས་པའི་མཆོད་མཇལ་བ་དང་། རྒྱ་རིགས་དད་ལྡན་པ་ཚོས་ཕུལ་བ་རྐྱང་རེད། བོད་དང་རྒྱ་ནག ཕྱི་རྒྱལ་སོགས་ནས་ཉིན་ལྟར་ཀརྨ་པར་མཇལ་དུ་ཡོང་མཁན་ག་ཚོད་ཡོད་མེད་ཀྱི་གྲངས་ཐོ་རྒྱ་གར་གཞུང་ལ་གསལ་བོར་ཡོད། ཐེངས་འདིའི་དོན་རྐྱེན་ཐད་ཉེན་རྟོག་པའི་བྱེད་སྟངས་ཚད་ལས་རྒལ་བ་རེད། ཅེས་ཟེར།
གསར་འགོད་གསལ་བསྒྲགས་དེའི་རྗེས་སུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་མུད་མེད། དགུ་བཅུ་གསུམ། རྒྱལ་ཡོངས་དམངས་གཙོ་ཚོགས་པ། བོད་རང་དབང་སློབ་ཕྲུག་ཚོགས་པ་བཅས་ཐུན་མོང་ཐོག་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། སྤྱིར་གསར་འགྱུར་བརྒྱུད་ལམ་ཁག་ནི་ཧ་ཅང་གལ་ཆེན་པོ་ཡིན་པ་ཇི་བཞིན་ང་ཚོས་བརྩི་མཐོང་བྱེད་ཀྱི་ཡོད། འོན་ཀྱང་ཐེངས་འདིར་རྒྱ་གར་གསར་ལམ་ཁག་ཅིག་གིས་རྒྱལ་བ་ཀརྨ་པ་རྒྱ་ནག་གཞུང་དང་འབྲེལ་བ་ཡོད་ཚུལ་གྱི་དཀྲོགས་གཏམ་སྤེལ་ཏེ། ཀརྨ་པ་མཆོག་གི་མཚན་སྙན་ལ་དམའ་འབེབ་ཚད་མེད་བྱས་པར་ངེད་ཚོགས་པ་ལྔས་བོད་རིགས་མི་མང་གི་ཚབ་བྱས་ཏེ། ངོ་རྒོལ་བྱེད་ཀྱི་ཡོད་ཅེས་བཀོད་འདུག
ཀརྨ་བླ་བྲང་གི་ངོས་ནས། ཉིན་འདི་འགའི་རིང་རྒྱལ་བ་ཀརྨ་པ་མཆོག་གི་མཛད་རིམ་ཡོངས་རྒྱུན་ལྡན་ཡིན་ལ། ཆོས་ཞུ་བ་ཚོར་སྔར་རྒྱུན་བཞིན་མཇལ་ཁ་དང་། མི་སྣ་གལ་ཆེན་རིགས་ལ་ཐུག་འཕྲད་བྱེད་ཀྱིན་ཡོད། ཐེངས་འདིར་བླ་བྲང་ནང་ཧིན་སྒོར་དང་། ལྷག་པར་དུ་ཕྱི་དངུལ་ཉར་འཇོག་བྱས་པ་དེར། རྒྱ་གར་གཞུང་གིས་ཁྲལ་ལམ་ཉེས་ཆད་གཏོང་སྲིད་ཀྱང་། དེ་ལ་ང་ཚོས་ངོས་ལེན་གཙང་མ་ཞུ་རྒྱུ་ཡིན་ལ། དེ་ལས་གཞན་པའི་གནད་དོན་ཚབས་ཆེན་གང་ཡང་ཡོད་པ་མ་རེད། ཅེས་བརྗོད་བྱུང་།
གསར་འགོད་པ། བནྡེ་སྐྱབས།
ཀརྨ་པ་ལ་གཞི་མེད་ཀྱི་ཉེས་ཙུག་བྱས་འདུག་ཟེར་།་གཞི་དེ་ལེ་ཆེ་བ་ག་རེ་དགོས་རེད་།
༧རྒྱལ་བ་ཀརྨ་པ་ལ་ཉེས་མེད་སྐྱོན་འཛུགས་བྱས་པ་དེ་གལ་འགངས་ཆེ་བའི་གནད་དོན་ཞིག་ཡིན། རྒྱ་གར་གྱི་གསར་འགོད་པ་ཁྱེད་ཚོས་གནས་ཚུལ་གང་ཡིན་པ་ཇི་མ་ཇི་བཞིན་མ་ཤེས་ཚེ་དོན་མེད་སྤྱི་ཚོགས་ཀྱི་བདེ་འཇགས་ལ་གནོད་པའི་ཁུངས་མེད་རྫུན་བཟོ་བྱས་པ་ནི་མི་ཞིག་གི་རྩ་བའི་ཀུན་སྤྱོད་དང་འགལ་བ་མ་ཟད་རྒྱ་གར་རང་ཉིད་ཀྱི་དམངས་གཙོའི་ཁེ་དབང་ཁ་རུ་འཁྱེར་ནས་མི་རིགས་ཀྱི་མཐུན་སྒྲིལ་དང་མ་ཟད་དགེ་སློབ་ཀྱི་དམ་ཚིག་ལའང་གཏོར་བཤིག་བཏང་བ་ཞིག་ཡིན།
རྒྱ་གར་བས་བོད་མི་ཙམ་མ་ཟད་འཛམ་གླིང་གི་དད་ལྡན་སྐྱེ་བོ་ས་ཡ་མང་པོས་གོང་དུ་བཀུར་བའི་བླ་མ་ཞིག་ལ་མ་ཉེས་ཀ་གཡོགས་དེ་ལྟ་བུ་བྱེད་ཚུལ་ལ་བལྟས་ན་བོད་མི་སྐྱབས་བཅོལ་བ་སྤྱིར་བཏང་ཞིག་ནི་ཁོ་ཚོའི་རྐང་འོག་གི་འབུ་སྲིན་གྱི་མཐོང་ལ་འཇོག་གི་མ་རེད། ད་ནི་བོད་མི་ཚོར་ཞུ་རྒྱུར་ང་ཚོས་རྟག་ཏུ་མར་མེ་ཁྲོམ་སྐོར་ཁོ་ནས་ཞི་རྒོལ་བྱེད་རྒྱུར་གཡེང་ནས་མ་བསྡད་པར། རྒྱ་གར་གྱི་ཟ་བཅའི་ཚོང་ཁང་སོགས་སུ་མི་བསྐྱོད་པར་ཁོ་ཚོར་ཁ་ཚ་དགོས་གཏུགས་ཀྱི་ཡ་ལན་ཞིག་མ་སློག་ན་རྟག་ཏུ་ང་ཚོར་བརྙས་བཅོས་དང་མཐོང་ཆུང་བྱེད་དང་བྱེད་མུས་ཡིན་ལ། མ་འོངས་པར་དེ་ལས་ཀྱང་སྡུག་ཏུ་བྱེད་ངེས་ཡིན།
ཀརྨ་པའི་ཕྱག་མཛོད་དང་ཞབས་ཞུ་དེ་ཚོ་ནམ་རྒྱུན་སྣང་བ་མཐོ་པོ་ཡོད། ད་གོ་རྒྱུ་མི་འདུག། གསལ་བྱེད་ཡག་པོ་ཞིག་གནང་རྒྱུ་གལ་ཆེ། སྐུ་འཁོར་དེ་ཚོ་སློབ་སྦྱོང་དོག་ཙམ་གནང་ཐུབ་ཚེ་མ་འོངས་བ་ཡག་པོ་ཡོང་སྲིད།
དཔེ་ཤག་ཕོན་ཆེན་དེ་དག་ཡོང་ཁུངས་རེ་རེ་བཞིན་བྱུང་འཛིན་ནམ་རྩིས་ཁྲ་སྟན་ན་རྙོག་སྒྲ་གཙང་སེལ་ཐོབ། གལ་ཏེ་དེ་དག་དངོས་སུ་སྟན་ཡག་མེད་ན་འགྲེལ་བཤད་སུ་གཅིག་གིས་རྒྱག་མི་ཐུབ། གལ་ཏེ་མི་ཕོག་པ་འབྲེལ་བཤད་རྒྱབ་ན་རང་ཉིད་ལ་ཡང་རྙོགས་སྒྲའི་ནང་དུ་ཚུད་པར་སེམས།
སྤྱི་སྟངས་ཚོགས་པ་ཆེ་ཆུང་ག་རེ་ཡིན་ན་རྩིས་ཁྲ་ཡོད་པ་མ་ཟད་གང་ཟག་སྒེར་པ་ལའང་འགྲོ་སོང་ཡོང་བབ་ཁ་གསལ་ཡོད་རེད།
དེ་རིང་འདི་ཁྱད་མཚར་ཞིག་འདུག་ག།
མཚུར་ཕུ་བླ་བྲང་འདིས་ག་དུས་ཡིན་ཡང་ལས་དོན་ཚག་ཚུད་ཞིག་འགྲུབས་དུས་མེད། ད་ཐེང་ཡང་༧རྒྱལ་དབང་མཆོག་ལ་གཞི་མེད་ཀྱི་སྐུར་འདེབས་ཞིག་རྒྱ་གར་གསར་འགྱུར་བརྒྱུད་ལམ་ཁག་ནས་བྱེད་བཞིན་པ་འདི་ལ་བོད་མི་ཡོངས་ཀྱིས་ངེས་པ་དུ་མཚམས་འཇོག་དགོས་པའི་ངོ་རྒོལ་བྱེད་དགོས་པ་མ་ཟད་མཚུར་ཕུ་བླ་བྲང་གིས་ཁྲིམས་ཐོག་ནས་ར་སྤྲོད་གསལ་བོ་ཞིག་བྱེད་མ་ཐོབ་ན་རྒྱ་གར་མི་མང་ཚོའི་སེམས་ལ་དོགས་པ་ངན་པ་ཞིག་འཇོག་སྲིད་པས་བོད་གཞུང་དང་མི་མང་ཚང་མས་བསམ་གཞིག་བྱེད་དགོས།
རྒྱ་གར་གྱི་ཉེན་རྟོག་པ་ཚོ་བོད་པ་ཚོར་འཕྲོག་བཅོམ་བྱས་ནས་ལངས་ཤོར་ལ་སོང་དྲག་པ་རེད།
ཀརྨ་པ་དང་ཀརྨ་པའི་སྐུ་འཁོར་ཟེར་ནས་ལོགས་སུ་དབྱེ་ན་ཡང་དངུལ་དེ་ཀརྨ་པ་ལ་མིས་ཕུལ་བ་རེད་ཟེར་གྱིན་འདུག ཕུལ་མཁན་སུ་ཡིན་ད་དུང་ཤེས་ཡོད་པ་མ་རེད། བོད་མི་ཟེར་བ་འདི་ཚོས་ནམ་ཡིན་ཡང་སྐྱོན་ཆ་དེ་མི་ཆུང་ཆུང་ཚོའི་མགོར་འཇོག་རྒྱུར་དགའ་བོ་ཡོད་པ་རེད། དངུལ་དེ་ཚོ་ཀརྨ་པའི་ཕྱག་དངུལ་ཡིན་ན་འགན་དེ་ཡང་ཀརྨ་པས་བཞེས་དགོས་པ་རེད། དངུལ་དེ་ཚོ་ཀརྨ་པའི་སྐུ་འཁོར་གྱི་ལག་དངུལ་ཡིན་ན་སྐུ་འཁོར་ཚོས་འགན་འཁྱེར་དགོས་པ་རེད། ད་ནི་ང་ཚོ་བོད་མི་མང་ཚོས་ལྷ་དང་བླ་མ་སྲུང་སྐྱོབ་མི་ཐུབ་པའི་དཀའ་ངལ་ཆེན་པོ་འདུག་ག
ད་རེས་ཀྱི་གནས་ཚུལ་འདི་་རྒྱལ་དབང་མཆོག་ལ་ཐུགས་ཁག་མེད་་་་མི་འཇོན་འཇོན་དོགས་ཀྱི་ཕྱག་མཛོད་དེ་ཚོས་མིན་འཇོན་པའི་རྟགས་རེད་།
གོང་ས་ཡིད་བཞིན་ནོར་བུ་ཞབས་བཞུགས་ཀྱི་དུས་འདིར་རང་ཅག་བོད་མི་ཡོངས་ཀྱི་གནད་འདི་དག་ལ་ཤིན་ཏུ་གཟབ་དགོས་པ་མ་ཚད་་་གྲགས་པ་ཡོད་པའི་བླ་བྲང་སོ་སོའི་ད་རེས་འདི་ཉེས་བརྡ་ཞིག་ཡིན་པ་གོ་དགོས་།།
དཔལ་རྒྱལ་བ་ཀརྨ་པ་མཆོག་ལ་ཉེ་ལམ་རྒྱ་གར་ཉེན་རྟོག་པས་ཉེས་མེད་ཉེས་འཛུགས་བྱས་པ་ནི་དོན་དངོས་དང་མི་མཐུན་པས་འདིའི་རྒྱབ་ལྗོངས་དང་ངན་བསྐུལ་བྱ་མཁན་གང་ཞིག་ཡིན་མིན་བརྩད་འཚོལ་ཞིབ་ཚགས་བྱ་དགོས་པ་ནི་ཧ་ཅང་གི་གལ་ཆེན་པོ་ཞིག་་རེད།་
ད་ནི་འཛམ་གླིང་གང་སr་འཁོད་པའི་དད་ལྡན་མང་པོ་ཞིག་གིས། འདི་ལྟ་བུའི་༧རྒྱལ་དབང་ཀརྨ་པ་མཆོག་ལ་མཚན་ཤས་དང་སྐུར་འདེབས་སྐྱོན་རྫོད་བྱས་ལ་འགའ་ཞིག་ཧག་ལས་ཤིང་ཧང་སང་པ་དང་འགའ་ཞིག་སེམས་ཕམ་དང་མྱང་ངན་གྱི་གནས་སུ་གྱར། མ་ཟད་དེའི་སྐོར་བོད་ནང་ནས་མི་ཞིག་གིས་ཁ་པར་རྒྱུད་ནས་བཤད་རྒྱུར་། སྤྱིར་༧རྒྱལ་བ་ཐམས་ཅད་མཁྱེན་པ་རྒྱ་གར་རྒྱལ་ཁབ་ལ་སྐྱབས་བཅོལ་བ་དང་ལྷག་པར་དུ་༧རྒྱལ་དབང་ཀརྨ་པ་དྲུང་སྒེར་ལ་ཆགས་བཞག་ན། ཡབ་ཡུམ་དང་དགོན་སྡེ་གྲྭ་ཚང་ཏང་སྲིད་གཞུང་གིས་ཆེ་མཐོའི་གུས་བཀུར་མདོར་ན་ཡོད་ཚད་བློས་བཏང་སྟེ་ཡིད་ཆེས་དང་བློ་གཏད་ཡོངས་རྫོགས་རྒྱལ་བ་རིན་པོ་ཆེ་དང་བཙན་བྱོལ་བོད་གཞུང་ལ་བཅོལ་ཏེ་ཞབས་ཀྱི་ཁ་ལོ་རྒྱལ་གར་དྲང་བདེན་གྱི་རྒྱལ་ཁབ་ཏུ་ལུང་པར་སྒྱུར་བ་རེད། རེད་ཏེ་དེ་རིང་ཁར་ཙང་རྒྱ་གར་གྱི་གསར་འགྱུར་དང་དྲྭ་ལམ་ཁག་དུ་ག་འདྲའི་སྐད་ཆ་སྡུག་པོ་བཤད་གི་གདའ་རྒྱ་མི་གསང་ཉུལ་དང་ནག་ཚོང་བརྒྱག་མཁན་སོགས་མདོར་ན་ལོག་བཤད་དེ་ལས་ཆེ་བ་ཞིག་གང་དུ་ཡོད། ད་ནི་རྒྱ་གར་རྒྱལ་ཁབ་ཀྱིས་ཀྱང་དེ་ལྟ་བུའི་འཆོལ་བཤད་དང་མཚན་སྨོད་བྱས་ན་ས་གོ་འདིའི་སྒང་ལ་དྲང་བདེན་དང་རེ་བ་བཅོལ་སའི་རྒྱལ་ཁབ་ཞིག་གང་དུ་འཚོལ། གོང་མའི་མཛད་འཕྲིན་བདག་གིར་བཞེད་ནས་བསྟན་འགྲོའི་དོན་བཟང་སྒྲུབ་ས་ལུང་པ་ཞིག་གང་དུ་ངོས་བཟུང་ཟེར་
གནད་དོན་འདིར། ཧི་མ་ལའི་རི་རྒྱུད་ཀྱི་ནང་པ་ཚོ་དང་། ཕྱི་རྒྱལ་མི་རིགས་རྣམས་ཀྱི་རྒྱབ་སྐྱོར་དང་། གདུང་སེམས་མཉམ་བསྐྱེད་གནང་བའི་རེ་བ་ལས། ང་ཚོར་བདེན་པ་ག་ཚོད་ཡོད་ན་ཡང། བཙན་བྱོལ་བོད་མི་ཞིག་གི་རྣམ་པ་ནས་ཞེ་དྲགས་མ་ངར་ན། མིག་རྒྱང་རིང་བའི་ཕན་ཐོགས་ཡོང་ངེས་ཞེས་སེམས་ཀྱིས་མ་བཟོད་ནས། རེ་བསྐུལ་དུ་ཕུལ།
མཁྱེན་ནོ།
མཁྱེེན་ནོོ།
ཀརྨ་པ་མཁྱེན་ནོ། །
སངས་རྒྱས་བསྟན་པ་རྟག་ཏུ་རྒྱས་གྱུར་ཅིག །
ར྄ྒྱ་གར་ཁྲིམས་ཁང་སོགས་བར྄ྒྱུད་གནས་ཚུལ་དེ་དག་གསལ་པོ་ཆགས་ར྄ྗེས།
བདེན་པ་མཐའ་གསལ་གྱི་གནས་ཚུལ་དེ་དག་ར྄ྒྱ་གར་གསར་ཤོག་ཚོའི་མདུན་ངོས་ཐོན་པ་ཞིག་འབད་འཐབ་བྱེད་དགོས་ས྄ྙམ།
དཀོན་མཆོག་མཁྱེན་་་་་་་་་་་་་་་་་་་་་་་་་་་་་བར་ཆད་འབུམ་བདུན་ཨ་ཛི་་་་་་་་་་་་་་
མགྱོགས་ནས་མྱུར་དུ་བར་ཆད་དེ་གསལ་བའི་སྨོན་ལམ་རྒྱབ་རོགས་གནང་་་་་་་་་་་་་
སྤྱིར་བཏང་གི་ལྐོགས་ཟ་རུལ་བསུངས་ཞེས་པ་དེ་ནི་འཛམ་གླིང་སྤྱི་ཡོངས་ཀྱི་འགྲོ་སྟངས་ཤིག་ལས་དམིགས་བསལ་གསར་བ་ཞིག་གཏན་ནས་མ་རེད།
གཙོ་བོ་ད་རེ་དཔལ་༸རྒྱལ་དབང་ཀརྨ་པའི་བླ་བྲང་ནས་རྙོག་དྲ་དེ་འདྲ་ཐོན་པ་དེ་ནི་རིན་པོ་ཆེ་ཁོང་གི་མཚན་ཞབས་འདྲེན་མཁན་གྱི་མི་ངན་ཁ་ཤས་ལས་གཞན་གང་ཡང་མ་རེད་སྙམ། ཡིན་ན་ཡང་། རིན་པོ་ཆེ་ལ་ང་ཚོས་གང་ཡང་ཞུ་ཡ་ཡོད་པ་མ་རེད་ལ་ཞུས་དགོས་ཡ་རྩ་བ་ནས་ཡོད་པ་མ་རེད།
རིན་པོ་ཆེའི་བླ་བྲང་ནང་གི་ལས་བྱེད་མི་ངན་རེ་ཟུང་གིས་བཟོས་པའི་རྙོག་དྲ་རང་རེད། འོག་གི་མི་ངན་ཁ་ཤས་ཀྱིས་བཟོས་པའི་ལས་ངན་དེ་དག་གིས་རིན་པོ་ཆེའི་མཚན་རྫོབ་པ་ལས་ཕན་ཐོགས་གང་ཡང་བྱ་ཐུབ་རྒྱུ་མེད། སྔོན་ཆེད་ནས་དེང་གི་དུས་འདི་པར་དུ་འོག་རིམ་གྱི་ལས་བྱེད་མི་སྣ་འགའ་ཤས་རྙོག་རང་བཟོས་པ་ལས་ཕན་པའི་ལས་སྣེ་གཅིག་ཀྱང་འཇོན་ཐུབ་མེད་ཟེར་ན་མ་འགྲིགས་པ་རྩ་་བ་ནས་ཡོད་པ་མ་རེད།
མི་ངན་ཁ་ཤས་ཀྱི་བླ་མའི་མཚན་བརླགས་པ་དང་། མི་དམངས་སྡུག་ལ་སྦྱར་བ་ལ་སོགས་པའི་ལས་ངན་མང་པོ་བསགས་ཀྱིན་ཡོད། ད་ལྟ་ང་ཚོས་ཤེས་པ་དེ་ནི་རིན་པོ་ཆེ་ཁོང་གི་འོག་ནས་ལས་ཀ་གནང་མཁན་གྱི་མི་ངན་ལྐོགས་ཟ་རུལ་བསུངས་པ་དེ་ཚོ་རེད། དེ་མ་ཡིན་པའི་ལས་ཁུངས་ཁག་མང་པོ་ཞིག་གི་ནང་ན་ད་དུང་མུ་མཐུད་དེ་ལྐོགས་ཟ་རུལ་བསུངས་འཚོས་ཡོད་མཁན་ཧ་ཅང་མང་པོ་ཡོད་པ་སྨོས་མ་དགོས་པ་ཞིག་རེད།
འདི་དག་ཚང་མ་དག་ཐེར་གཙང་ཐག་ཆོད་པ་ཞིག་བཟོ་དགོས་ན་ངེས་པར་དུ་རྒན་རབས་པ་དེ་ཚོ་བརྗེ་བོ་རྒྱགས་དགོས་པ་གནད་འགག་ཅིག་ཡིན་བ་དོན་གྱི་གནད་དམ་པ་རེད།
ད་ཐེངས་ཀྱི་གནས་ཚུལ་འདིས་རྒྱ་གར་མི་མང་ལ་དོགས་པ་མང་པོ་ཞིག་བསླངས་ཡོད། རྒྱ་གར་བ་མང་པོ་ཞིག་གིས་བོད་པའི་དགོན་པ་ཁག་དང་བླ་མ་ཚོར་ཞིབ་འཇུག་དང་བསྔོ་བཤེར་བྱ་དགོས་རེད་ཟེར་གྱི་འདུག སོ་སོར་ལུང་པ་མེད་དུས་སྒང་ལ་བླ་མ་ཚོའི་བླ་བྲང་གི་ཞབས་ཞུ་བ་ཚོས་གཟབ་དགོས་པ་རེད། ད་ཐེངས་ཀྱི་བྱུང་རྐྱེན་དེ་རྒྱ་ནག་དང་རྒྱ་གར་གྱི་གསར་འགོད་པའི་ནོར་འཁྲུལ་ཁོ་ན་ཡིན་མི་སྲིད། བླ་བྲང་གི་ཞབས་འབྲང་བ་དེ་ཚོ་རེད། མི་དེ་དག་མྱུར་དུ་ཕྱི་ཕུད་གཏོང་དགོས་བ་ཡིན། མ་གཞི་ནས་རྒྱལ་བ་ཀརྨ་པའི་ཞབས་འབྲངས་བ་དེ་ཚོར་དེ་འདྲ་ཞིག་ཡོང་ན་ཏག་ཏག་རེད། ལས་རྒྱུ་འབྲས་འཁོར་འདུག་ག
ཉེན་རྟོག་པའི་དཔོན་ངན་རེ་ཟུང་གིས་ད་ཐེངས་ཡང་བཤུ་བཞོག་བྱེད་ཀྱི་རེག་སོང་བསམ་བསྡད་ཡོད་པ་རེད། དེའི་འོག་ནས་ཨབ་ཕྲུག་འགའ་ཡང་སྟོན་འགོ་ཚུགས་པ་རེད། མི་བདེན་ན་ལྟོས་དང་བླ་བྲང་ཕྱི་ནང་གི་མི་མང་།
ད་ཐེངས་ངོ་མ་ཁ་སྐྱག་ཚང་མའི་གྲོད་ཁོག་ཁེངས་ངེས་རེད།
ད་རེ་བ་ཆེ་ཤོས་ནི་། རྒྱ་གར་གཞུང་གི་ལྟ་སྟངས་སྡུག་ཏུ་མི་འགྲོ་བ་དེ་ཡིན་།
གཞན་ཧེན་སྒོར་འབུམ་བདུན་བརྒྱ་དེ་དག་འབད་རྩོལ་མ་བྱས་པའི་ཐོག་ཚུར་ཡོང་བ་
ཡིན་པས་། ཕར་སོང་ཡང་བསམ་རྒྱུ་གང་ཡང་མེད་ཚོད་རེད།
མདོར་ན་ འཛམ་གླིང་རྒྱུ་དེ་ཕར་འགྲོ་ཚུར་འགྲོ་ཟེར་བ་ལྟར་རེད། གཅིག་བྱས་ན་།
ལས་རྒྱུ་བྲས་ཀྱིས་ཁ་གྲག་ཡིན་པ་འདྲ་། ཧཧཧཧཧཧ
སྤྱིར་གསར་འགྱུར་བརྒྱུད་ལམ་ཁག་ནི་ཧ་ཅང་གལ་ཆེན་པོ་དང་ང་ཚོས་རྩིས་མཐོང་བྱ་དགོས་ངེས་རེད་། ཡིན་ནས་ད་ལེན་གྱི་གསར་དགོད་པའི་བརྗོད་སྟངས་ལ་ང་ཚོ་བློ་འཕམ་པ་ཞིག་རེད་།
དངོས་གནས་དཔེ་ཡག་པོ་བྱུང་འདུག འོན་ཀྱང་རྒྱ་གར་གསར་འགྱུར་འགོད་མཁན་དེ་ཚོ་སླེབས་འདུག་གམ། ཁོ་ཚོས་ད་བར་ངན་བསྒྲགས་བྱས་པ་དེ་དག་ལ་ད་ལྟ་གསལ་བཤད་བྱ་རྩིས་ཡོད་དམ། ང་ཚོ་དུས་བབ་དྲྭ་ཐོག་མཆན་འགོད་པ་རེ་ཟུང་ནས་ཀྱང་འགན་མི་འཁུར་བའི་མཆན་བུ་བཀོད་སོང་བས་ཁྱེད་ཚོར་ཡང་ལན་ཞིག་ཐེབས་པའི་རེ་བ་ཡོད། རྗེས་སོར་ཐུག་པ་མ་འཁོལ་གོང་ནས་མ་ལུད་པའི་རེ་བ་ཆེ།
ཤིང་རྟ་ལགས། མ་འགྲིག་མ་འཐུས་པ་ཐམས་ཅད་རྒྱ་ནག་དང་འབྲེལ་བ་ཡོད་རབས་མ་བཤད་ན་བཟང།
དྲ་གྲོགས་རིགས་ཀྱི་བུས་གསུངས་པ་བཞིན་རེད་འདུག
བོད་ཀྱི་བླ་མ་དང་བླ་བྲང་འདི་ཚོས་་་་་བོད་མི་རིགས་ཀྱི་སྤྱི་ཚོགས་ཁྲོད་གོ་གནས་ངེས་ཅན་བཟུང་ཡོད་པས།་་་་་་་ཁོ་ཚོས་སྐྱགས་པ་གར་གཏོང་དང་སྒོར་མོ་གང་གསོག་རེད།་་་་་་ད་རེའི་ཀརྨ་པའི་བླ་བྲང་གི་གནས་ཚུལ་དའི་བླ་མ་ཁོང་དང་འབྲེལ་བ་སྤུ་ཙམ་མེད་པས་་་ང་ཚོས་ཁོང་ལ་དད་གུས་སྔར་བཞིན་བཅིང་འོས་ཤིང་།་་་ད་དུང་དེ་ལས་ལྷག་པའི་ང་ཚོའི་རེ་བ་དེ་ཁོང་གི་སྒང་ནས་ཕྱིར་འཐེན་བྱེད་མི་རུང་བ་ཞིག་རེད།
འོན་ཀྱང་སྐུ་འཁོར་ཁོག་ན་ཡོན་ཏན་མེད་ལ་ཕྱི་ན་སྤྱོད་པ་ཕལ་བ་ཞིག་ཀྱང་མེད་པའི་གྲ་གཉེར་འདིས་ཚོས།་་་་་་གནའ་ནས་ད་བར་བླ་མ་དང་བླ་མའི་བར་འཁོན་དཀྲུག་བཟོ་མྱོང་ལ།་་་་་གྲུབ་འཐའ་དང་གྲབ་འཐའི་བར་དམག་འཁྲུག་ཀྱང་བསླངས་མྱོང་བས།་་་་་དོན་ངོ་མས་ང་ཚོ་ལ་བླ་ལས་ལྷག་པའི་བླ་གཉེར་པ་མཁྱེན་ཡོང་ཅན་ཞིག་དགོས་པ་ལས།་་་་་་ལོང་བ་ཞིག་ལ་གསེར་གྱི་སྐེ་རྒྱན་རྡུང་བཅུག་ན་་་་་་་གྱོང་ང་ཚོ་བོད་སྤྱི་བ་ལ་རེག་གི་རེད།་་་་་་
སྤྱིར་ང་ཚཽ་བོད་མི་ཚོ་རྒྱ་གར་གཞུང་དང་མི་མང་གིས་གཅེས་ལངས་གཏོང་རྒྱུ་མང་དྲགས་པས་རེད།་་་་་་ཀརྨ་བྲ་བྲང་གིས་ཆོག་མཆན་མེད་པར་འཛམ་གླིང་གི་དངུལ་སྒོར་ལོར་ཁང་བ་གང་བསགས་བསྡད་ན་ཁྲིམས་འགལ་ཡིན་པ་འཛམ་གླིང་རང་བཞིན་གྱི་གནས་ཚུལ་ཞིག་རེད།་་་་་་ད་དུང་བླ་བྲང་གི་ཕྱག་མཛོད་རྒྱག་པ་ང་ཚོ་མི་དཀྱུས་མ་མིག་ནང་ལ་མི་འཇོག་མཁན་དེ་ཚོས་མོ་ཏྲ་རྫིག་ཤོས་དང་སྒོར་མོ་སྒམ་ཆག་སྒམ་ཆག་འཁྱེར་འགྲོ་བ་ནི།་་་་་ང་ཚོས་ནམ་རྒྱུན་མཐོང་རྒྱུ་ཡོད་པ་ཞིག་རེད་ལ་ཁོ་ཚོས་ཀྱང་ང་ཚོ་ལ་ཆེད་དུ་ངོམས་ངོམས་བྱེད་པའི་ལུགས་སྲོལ་ཡོད་པ་རེད།་་་་་་ངའི་རེ་བ་ལ་རྒྱ་གར་གཞུང་གིས་ཀརྨ་པའི་བླ་བྲང་གཅིག་པོ་མ་ཡིན་པར་་་བླ་མིང་ཡོད་པའི་དགེ་བོ་དགེ་ལོག་དང་བླ་ལོག་ས་ཆ་རེ་ལ་སྐྱེས་དམན་རེ་ཡོད་པའི་བོད་ཀྱི་བླ་མ་རྫོབ་པོ་འདི་ཚོའི་བླ་བྲང་ལ་ཐེངས་ཡང་ཡང་བསྔོག་བཤེར་བྱེད་ཐུབ་ན་ཡག་པོ་རེད།
དེས་ན་ཐུགས་རྗེ་ཆེ།་་་་་བོད་མི་ཚོ་ཁྲིམས་ལུགས་ལ་བརྩི་བཀུར་ཞུ་རྒྱུ་མ་བརྗེད་པར་བླ་མ་ལ་ཞེན་ཁོག་བཅིང་ན་འགྲིག་གི་རེད།་་་་་་ནམ་རྒྱུན་བོད་མི་འདི་ཚོ་དཔུང་བསྒྲིགས་དགོས་ས་ན་ཁ་མི་ཆེམས།་་་་་་བརྩི་དགོས་སའི་ས་ན་མགོ་ལ་མི་ཤོངས་པའི་ར་ཅོ་རིང་མོ་རེ་ཡོད་ཡོད་པ་རེད།
ཧོར་གཙང་ལེགས་བཤད།
རྒྱ་ནག་གིས་ཀརྨ་པ་ལ་དག་འབུད་བྱས་པ་འདི་ནི་གཅིག་བྱས་ན་དྲང་བདེན་ཡིན་སྲིད། ཡང་ན་དེ་ལ་རྒྱབ་ལྗོངས་གཞན་ཞིག་ཡོད་སྲིད། དཔེར་ན་ཁོ་རང་ཚོ་ཀརྨ་པ་ལ་ལྷག་བསམ་ཆེ་མདོག་དེས་ཀརྨ་པ་དང་བོད་མི་མང་བར་དང་། ཀརྨ་པ་དང་གོང་ས་མཆོག་གི་བར་ལ་འགལ་ཟླ་བཟོ་ཆེད་ཡིན་སྲིད། དེར་བརྟེན་འདིའི་བསྐོར་ལ་ང་ཚོ་ཚང་མས་ངེས་པར་དུ་གཟབ་གཟབ་བྱེད་དགོས
ད་ཐེངས་རྒྱལ་དབང་ཀརྨ་པའི་བླ་བྲང་གི་གནས་ཚུལ་འདི་ནི་རྐྱེན་ངན་གྲོགས་ཤར་ཡོང་རྒྱུ་ཉག་གཅིག་རེད། གནས་ཚུལ་འདིས་ཡུལ་ཁྲིམས་ཡག་པོ་མི་ཤེས་པ་དང་ཅུང་ཟད་ཤེས་ཀྱང་ལྷོད་ཡང་དུ་འགྲོ་བཞིན་པའི་དགོན་སྡེ་དང་བླ་བྲང་མང་པོ་ཞིག་ལ་སྔོན་བརྡ་བཏང་ཡོད། མ་ཚད་རྒྱལ་དབང་ཀརྨ་པ་མཆོག་ནི་དྭངས་གཙང་ཡུགས་གཅིག་ཡིན་ཀྱང་སྐྱེ་བོ་རེ་འགའི་བློ་ངོར་ཡོད་པའི་དོགས་དྲི་དང་ཐེ་ཚོམ་སོགས་ད་སྐབས་གནས་ཚུལ་འདིའི་བརྒྱུད་ནས་མེད་པ་ཆགས་ཀྱི་རེད། ད་ཆའི་གཞི་མེད་སྐྱོན་འཛུག་འདིས་ཀརྨ་པ་གཅིག་པུ་མ་ཡིན་པར་བོད་རྒྱུད་ནང་བསྟན་དང་བོད་མི་ཡོངས་ལ་མཚན་སྨོད་བྱེད་ཀྱི་ཡོད་རེད།
སྙན་ཞུ་གསུམ།
གཅིག ༽
དཔལ་༸རྒྱལ་བ་ཀརྨ་པ་མཆོག་ལ་གཞི་མེད་ཀྱི་སྐྱོན་འཛུགས་བྱས་ཏེ་མཚན་སྙན་ལ་དམའ་འབེབས་ཚད་མེད་བྱེད་མཁན་གྱི་མི་དེ་ཚོར་རྒྱ་ནག་གིས་ལྐོག་རྔན་སྤྲད་ཡོད་ངེས་པས་རྒྱ་གར་གཞུང་ངོས་ནས་དེ་དག་ལ་དོགས་ཟོན་ནན་མོར་བྱ་དགོས།
གཉིས། ༽
དཔལ་ཀརྨ་པ་མཆོག་ལ་གཞི་མེད་ཀྱི་སྐྱོན་འཛུགས་ནི་ནང་པའི་དབུ་ཁྲིད་གཅིག་ལ་སྐྱོན་འཛུགས་ཡིན་ལ་དེ་ནི་ནང་པ་ལ་སྐྱོན་འཛུགས་བྱས་པ་དང་གཉིས་སུ་མེད་པས་ཉེས་འཛུགས་དེ་དག་ཁུངས་ལུང་ཡོད་མེད་གཞུང་ཕྱོགས་ནས་འགན་ཁུར་དགོས།
གསུམ།༽
དཔལ་ཀརྨ་པ་ལ་གཞི་མེད་ཀྱི་སྐྱོན་འཛུགས་དང་གུས་མེད་ཀྱི་ལས་ཀ་ཚབས་ཆེན་དེ་དག་གིས་ཀརྨ་པའི་སློབ་འབངས་ས་ཡ་མང་པོའི་ཐུགས་ལ་བཟོད་ཐབས་བྲལ་བའི་ན་ཟུག་སྤྲད་ཡོད་པས་གཞུང་ཕྱོགས་ནས་དེའང་འགན་ཁུར་དགོས།
༢༠༡༡ ༡ ༣༠ ཉིན་
བཟང་ཕྱོགས་ཀྱི་གནས་ཚུལ་འདི་གོ་བར་སེམས་པ་དགའ་བྱུང།
ཁྲིམས་རྩོད་པས་ངོ་མ་ཡག་པོ་ཞིག་བཤད་འདུག
རྒྱ་གར་གཞུང་ལ་ཐལ་ངག་རྣམ་དག་ཞིག་བཀོད་ན་ལན་མེད་པར་བཟོ་ཐུབ་ཀྱི་རེད།
ང་ཚོས་སྐད་འབོད་སོགས་མ་རྒྱབ་ན་ལེགས།
དེ་ཡིས་གཞུང་དམངས་གི་སེམས་ཚོར་ཆེ་རུ་གཏོང་རྒྱུ་མ་ཟད།
དགེ་རྒན་དང་དགེ་ཕྲུག་གི་དབར་ལ་དམ་ཚིག་འཁྲུགས་གཞི་ཞིག་ཆགས་སྲིད།
ད་ང་ཚོས་རྟག་ཏུ་དགེ་རྒན་དང་དགེ་ཕྲུག་ཅེས་བཤད་ན་འདི་འདྲ་ཞིག་མ་གཏོགས་ཡོང་རྒྱུ་མེད།
ད་ཡིན་ན་ཡག་པོ་ཡོང་བཞིན་འདུག།
ད་དངོས་ནས་བདེན་པ་ཁ་བསལ་དུ་བསལ་དུ་འགྲོ་གི་འདུག་་་་འོན་ཀྱང་ང་ཚོ་དྲ་གྲོགས་༸གོང་ས་མཆོག་གི་བཀའ་བསྒྲུབ་མཁན་ཚོས་ཟབ་ཟབ་བྱ་དགོས་པ་ཤིག་ལ་དྲ་རྒྱའི་ནང་མི་ངན་རེ་ཟུང་གིས་ཡ་ཚན་ཅན་འདི་འདྲ་བྲིས་ཡོང་གི་འདུག་པས་དེ་རིགས་ལ་་ལན་འདེབས་ངེས་པར་དགོས་་དུས་བབས་ལས་སྣེ་ཚོ་ངས་མདང་ནུབ་རྒྱ་གར་གསར་ལམ་ཁག་ཅིག་ལ་བསམ་ཚུལ་ཅུང་བྲིས་ཡོད་པས་ཁྱེད་རྣམ་པས་དེ་མི་སྟོན་པ་ཅི་ཡིན་ནམ/?བོད་མི་དམངས་ཡང་གནས་ཚུལ་དེ་རིགས་ཤེས་དགོས་ངེས་རེད་་་་་ད་དངོས་ནས་སྤྱི་མཐུས་ནས་ཡང་རྒྱ་གར་གསར་ལམ་ཁག་ལ་ལན་བརྒྱག་དགོས་གི་འདུག་གང་ལ་ཞེས་ན་ས་ཆ་ཉོ་ཚོང་དད་བོད་མི་རེས་ཤས་ཀྱིས་ནོར་འཁྲུལ་བྱས་པ་བོད་མི་ཡོངས་མ་ཚད་༸གོང་ས་མཆོག་གི་མཚན་་ཡང་ཁོང་ཚོས་མཉམ་དུ་སྲེས་ལྷད་བྱེད་བཞིན་འདུག་པས་ང་ཚོས་་མི་དཀར་པོ་ལ་ཞ་མོ་ནག་པོ་་གྱོན་ནས་བསྡོད་ཐུབ་ས་མ་རེད་དངོས་ནས་རྒྱ་གར་གསར་ལམ་ཁ་ཤས་ཀྱིས་དངོས་ནས་ཚབས་ཆེན་ཁྱབ་བསྒྲགས་བྱེད་བཞིན་འདུག་པས་དེ་རིགས་ལ་ལན་དགོས་ངེས་འདུག་
འཛམ་གླིང་གི་ཆོས་ལུགས་བླ་ཆེན་གཞན་དང་གཞན། ཆོས་ལུགས་གི་
ཚོགས་སྡེ་ཁག་ཡོངས་སུ་རྫོགས་པ་ཁྲིམས་འགལ་ཆགས་རྒྱུའི་ཉེན་ཁ་ཧ་ཅང་ཆེ། གང་
ལྟར་ཀྱང་བོད་མི་སུ་གང་དོན་གནད་འདིས་དཔལ་རྒྱལ་བ་ཀརྨ་པར་དོགས་པ་དང་
རྣམ་རྟོག་སེན་མོ་ཙམ་ཡོང་མི་སྲིད་ཀྱང་། ཧོལ་རྒྱུག་ཐོད་བརྒལ་གྱི་རྒྱ་གར་གསར་
འགོད་པ་དེ་ཚོ་ལྟ་བའི་རྒྱ་གར་མང་ཚོགས་ཀྱིས། གོ་ནོར་དང་གོ་འཛོལ་
ཡོང་སྲིད་པས། དབྱིན་ཡིག་ཡག་པོ་ཤེས་མཁན་ཚོས་འདི་དོན་ཁོང་ཚོའི་
ཚགས་པར་ཐོག་གསལ་བཤད་ཀྱི་རྩོམ་ཐུང་རེ་འབྲི་ཐུབ་རྒྱུར་སྙིང་ནས་རེ་སྐུལ་ཞུ༎
གལ་ཏེ། འཛམ་གླིང་ཆོས་ལུགས་ཆེན་མོ་བཞིའི་ཡ་གྱལ་གྱི་མིང་དུ་གྲགས་པའི་ནང་པའི་བླ་ཆེན་ཞིག་ལ་རུས་ཕིས་སི་འབུམ་ཚོ་ཁ་ཤས་
ཡོད་པ་རྒྱུ་མཚན་དུ་བྱས་ནས། ཁྲིམས་འགལ་བརྩི་ཆོག་ན། འཛམ་གླིང་གི་ཆོས་ལུགས་བླ་ཆེན་གཞན་དང་གཞན། ཆོས་ལུགས་གི་
ཚོགས་སྡེ་ཁག་ཡོངས་སུ་རྫོགས་པ་ཁྲིམས་འགལ་ཆགས་རྒྱུའི་ཉེན་ཁ་ཧ་ཅང་ཆེ། གང་
ལྟར་ཀྱང་བོད་མི་སུ་གང་དོན་གནད་འདིས་དཔལ་རྒྱལ་བ་ཀརྨ་པར་དོགས་པ་དང་
རྣམ་རྟོག་སེན་མོ་ཙམ་ཡོང་མི་སྲིད་ཀྱང་། ཧོལ་རྒྱུག་ཐོད་བརྒལ་གྱི་རྒྱ་གར་གསར་
འགོད་པ་དེ་ཚོ་ལྟ་བའི་རྒྱ་གར་མང་ཚོགས་ཀྱིས། གོ་ནོར་དང་གོ་འཛོལ་
ཡོང་སྲིད་པས། དབྱིན་ཡིག་ཡག་པོ་ཤེས་མཁན་ཚོས་འདི་དོན་ཁོང་ཚོའི་
ཚགས་པར་ཐོག་གསལ་བཤད་ཀྱི་རྩོམ་ཐུང་རེ་འབྲི་ཐུབ་རྒྱུར་སྙིང་ནས་རེ་སྐུལ་ཞུ༎
གསར་འགྱུར་འདི་ཐོན་པ་དང་ངས་མཆན་ཞིག་བཏབ་ཡོད། བདེན་པའི་རང་བཞིན་བདེན་པ་ལས། ནམ་ཡང་རྫུན་དུ་གྱུར་མི་སྲིད་པ་དེ་ཡིན། དངུལ་ཁང་གི་འགྲོ་ལུགས་དང་འགལ་ནས་ཡོད་པ་འདིས་བོད་པའི་བླ་བྲང་ཚང་མར་བརྡ་ལན་གསར་པ་ཞིག་ཐོབ་པ་རེད། འོན་ཀྱང་གལ་གནད་ཀྱི་གལ་ཆེན་ནི། གཞི་རྩའི་བྱེད་ལུགས་ལ་སྐྱོན་མེད་པ་འདིས། དེ་རིང་སླར་ཡང་ང་ཚོའི་བདེན་པ་ཕྱི་བསྒྲགས་བྱེད་པའི་གོ་སྐབས་གསར་པ་ཞིག་རག་པ་རེད། བླ་བྲང་རང་གི་གསར་འགོད་གསལ་བསྒྲགས་འདི་ལེགས་པོ་བྱུང་འདུག འོན་ཀྱང་ཉེས་མེད་སྐྱོན་འཛུགས་དང་དཀྲོགས་གཏམ་བསྒྲགས་མཁན་གྱི་གསར་ལམ་དེ་དག་ལ་ཁ་བརྡ་ཚ་པོ་ཞིག་སྤྲོད་པའི་གོ་སྐབས་མ་བརླག་པ་བྱེད་དགོས་འདུག
ཉེན་རྟོག་པས་བྱེད་སྟངས་དེ་ངོ་མ་ཚད་ལས་བརྒལ་འདུག རྗེས་སུ་དོན་དག་འདི་ཐག་གིས་ཆོད་སོང་ན་ཉེན་རྟོག་པ་དང་ཧི་མཱ་ཅལ་བློན་ཆེན་གཉིས་ནས་ཀརྨ་པ་དང་བོད་མི་མང་ལ་དགོངས་དག་ཞུ་དགོས་རྒྱུ་རེད།
ཉེས་ཆད་ཉུང་ཉུང་ལས་གཞུང་བཞེས་མང་བོ་ཞིག་གིས་མི་དགའ་འམ། ཅི་རུང་རྒྱ་གར་གཞུང་ལ་ཁྲིམས་འགལ་ནི་ཆགས་ཀྱི་ཡོད་པ་མ་རེད།
ད་གསལ་བོ་ཆགས་ཡོང་གི་འདུག པེ་ཡག་པོ་རེད། རྒྱ་ཡིག་ནང་དུའང་དབྱེ་ཞིབ་རྩོམ་ཡིག་ཅིག་ཐོན་ཤག གོང་གི་གནས་ཚུལ་དང་འདྲ་བོ་ཞིག་གསུངས་འདུག ལྟ་མཁན་ཡོད་ན། འོག་གི་འབྲེལ་ཐག་ལས་ལྟ་ཐུབ་ཀྱི་འདུག
http://www.boxun.com/hero/201101/dongsai/15_1.shtml