མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ད་ཆར་དོན་དག་འདིའི་ཐོག་ཚང་མས་སེམས་འཚབ་མ་གནང་རོཊ།

བོད་ཀྱི་དུས་བབ།
༢༠༡༡/༠༢/༠༢
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་སྔ་དྲོར་བཞུགས་སྒར་ཁུལ་གྱི་སེར་སྐྱ་མི་མང་དང་སློབ་གྲྭ་ཁག་ཅིག་གི་སློབ་ཕྲུག དེ་བཞིན་ཧི་མ་ལ་ཡའི་རི་རྒྱུད་ཁག་གི་ནང་པ་ཧ་ཅང་མང་པོ་ཞིག་གིས་གཙུག་ལག་ཁང་ནས་རྒྱུད་སྟོད་བར་གདུང་སེམས་ཀྱི་གོམ་བགྲོད་ཅིག་གནང་ཡོད་ཅིང་། ཉིན་རྒྱབ་རྒྱལ་བ་ཀརྨ་པ་མཆོག་གིས་གོམ་བགྲོད་པ་རྣམས་ལ་གསུང་གསུང་བཤད་གནང་ཡོད།

དེ་རང་ཞོགས་པའི་ཆུ་ཚོད་ ༡༠ པའི་སྟེང་ངྷ་སའི་ཉེ་འཁོར་གྱི་བོད་རིགས་སེར་སྐྱ་མང་ཚོགས་གཙོས་པའི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་མང་སྟོང་ཕྲག་འགའ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་ལ་འདུ་འཛོམས་ཀྱིས་ཉེ་ཆར་རྒྱུད་སྟོད་ཀརྨ་བླ་བྲང་ལ་དངུལ་གྱི་དོན་རྐྱེན་ཞིག་བྱུང་བ་དེར་གདོང་སེམས་མཉམ་སྐྱེད་དང་། ཉིན་འདི་འགར་རྒྱ་གར་གྱི་གསར་ལམ་ཁག་ཅིག་ཏུ་དཔལ་རྒྱལ་བ་ཀརྨ་པར་གཞི་མེད་བསྙོན་འཛུགས་སྣ་ཚོགས་ཤིག་བྱེད་ཀྱིན་ཡོད་པ་དེར་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་ཡོད། སྐབས་དེར་ལས་འགུལ་གོ་སྒྲིག་པ་དང་སྣེ་ཁྲིད་པ་སུ་གང་ཡང་མེད་པར་མི་མང་རང་འགུལ་གྱིས་དཔལ་རྒྱལ་བ་ཀརྨ་པ་མཆོག་གི་སྐུ་པར་དང་། ནང་ཆོས་མཚོན་པའི་དར་ཆ་མཇའ་རིས་ཅན། དེ་བཞིན་༧གོང་ས་མཆོག་གི་སྐུ་པར་མཐོང་གྲོལ་ཆེན་མོ་སོགས་བསྣམས་ཏེ། གཙུག་ལག་ཁང་ནས་བང་བསྒྲིགས་ཏེ་ངྷ་ཤོད་ཀ་ཅ་རི་བརྒྱུད་རྒྱུད་སྟོད་དགོན་པའི་བར་ཞི་བའི་གོམ་བགྲོད་ཅིག་གནང་ཡོད། སྐབས་དེར་སེར་སྐྱ་མང་ཚོགས་ཡོངས་ནས་མགྲིན་དབྱིངས་གཅིག་གྱུར་གྱིས“ རྒྱལ་བ་ཀརྨ་པ་མཁྱེན་ནོ ” ཞེས་སྐྱོར་བཞིན་ཧ་ཅང་གདུང་ཤུགས་དྲག་པོས་ཞི་བའི་གོམ་བགྲོད་རིང་མོ་ཞིག་གནང་ཡོད།

 

ཉིན་རྒྱབ་ཆུ་ཚོད་གཉིས་པ་ཙམ་ལ་གོམ་བགྲོད་པ་ཡོངས་རྒྱུད་སྟོད་དགོན་པར་ཚང་འཛོམས་གནང་ཐོག དཔལ་རྒྱལ་བ་ཀརྨ་པ་མཆོག་ཆིབས་སྒྱུར་བསྐྱངས་ཏེ་གོམ་བགྲོད་པ་ཡོངས་ལ་བཀའ་སློབ་གནང་དོན། དེ་རིང་འདིར་ཁྱེད་ཅག་བོད་མི་རྣམས་གཙོ་བྱས་ཏེ། ཧི་མ་ལ་ཡའི་རི་རྒྱུད་ཀྱི་མང་ཚོགས་ཧ་ཅང་ཕོན་ཆེན་པོ་ཞིག་འདིར་ཕེབས་ཏེ། བརྩེ་བ་དང་ཐུགས་ཁུར་ཆེན་པོའི་ཐོག་ནས་ང་ལ་སྐྱིད་སྡུག་མཉམ་མྱོང་གི་རྣམ་པ་སྟོན་གྱི་ཡོད་པ་རེད། འདི་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཚང་མས་མཁྱེན་གསལ་ལྟར་ཉེ་ཆར་འདི་ག་བླ་བྲང་ལ་དངུལ་དང་འབྲེལ་བའི་དོན་དག་ཅིག་བྱུང་སྟེ། མང་ཚོགས་རྣམས་ལ་སེམས་འཚབ་ཆེན་པོ་བསླངས་སོང་ལ། ཐ་ན་༧གོང་ས་མཆོག་ལའང་སྙན་གསེང་ཞུ་དགོས་པའི་གནས་ཚུལ་ཞིག་བྱུང་བ་རེད། འོན་ཀྱང་། ད་ཆར་འདིའི་ཐད་ཚང་མས་སེམས་འཚབ་མ་གནང་རོགས། རྒྱ་གར་ནི་ངེད་ཚོའི་ཕ་ཡུལ་གཉིས་པ་ལྟ་བུ་ཆགས་ཡོད་ལ། གནས་གཡུལ་རྒྱ་གར་གཞུང་འདི་ནི། རྒྱ་དམར་གུང་ཁྲན་དང་མི་འདྲ་བར་དམངས་གཙོ་དང་ཁྲིམས་ཀྱིས་དབང་སྒྱུར་ལྡན་པ་ཞིག་ལ་ང་ཚོས་ཡིད་ཆེས་བྱེད་ཀྱི་ཡོད་པ་རེད། རིམ་པས་ཡག་པོ་ཆགས་ཡོང་གི་རེད། ཚང་མས་ཐུགས་ཁྲལ་གནང་དགོས་པ་མ་རེད། ཅེས་མང་ཚོགས་ལ་བཀའ་སློབ་སྙིང་བསྡུས་ཤིག་བསྩལ་སོང་།

རྒྱལ་བ་ཀརྨ་པ་ཕྱིར་གཟིམ་ཤག་ཏུ་ཕེབས་རྗེས། ཀརྨ་བླ་བྲང་གི་མགྲིན་ཚབ་པ་མཁན་པོ་དགའ་དབང་ལགས་ཀྱིས། འདི་ག་བླ་བྲང་གི་ལས་བྱེད་ཚོའི་འཐུས་ཤོར་དང་ལས་དོན་ཚགས་ཚུད་མ་བྱུང་བར་བརྟེན། ད་ལྟའི་དོན་རྐྱེན་འདི་འདྲ་ཞིག་བྱུང་བ་རེད། དངུལ་གྱི་དོ་དམ་ཐད་ནས་སྐྱོན་ཆ་བྱུང་བ་དེ་དངོས་ཡོད་གནས་ཚུལ་རེད་མ་གཏོགས། རྒྱལ་བ་ཀརྨ་པ་རྒྱ་གཞུང་དང་འབྲེལ་བ་ཡོད་སྐོར་བཤད་པ་དེ་དག་ནི་གཞི་རྟེན་གང་ཡང་མེད་པའི་སྐད་ཆ་རང་རེད། ད་ཆར་རྒྱ་གར་གཞུང་གིས་གནད་དོན་འདི་ལ་ཞིབ་བཤེར་བྱེད་ཀྱིན་ཡོད་པར་ང་ཚོའི་ངོས་ནས་ཕྱོགས་ཡོངས་ནས་རམ་འདེགས་ཞུ་མུས་ཡིན་ལ། རྒྱལ་བ་ཀརྨ་པ་མཆོག་གིས་གསུངས་པ་ལྟར་གནས་ཚུལ་འདི་མི་འགྱངས་བར་ཁ་གསལ་བོ་ཆགས་ཡོང་གི་རེད། ཅེས་བརྗོད་སོང་།

དེ་ནས་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་མང་ཚོགས་ཀྱི་ཚབ་བྱས་ཏེ་ཚིག་འགའ་བཤད་རྒྱུར། དེ་རིང་ང་ཚོ་མི་མང་སྟོང་ཕྲག་འགའ་རང་འགུལ་གྱིས་ཆོས་འཁོར་གོམ་བགྲོད་ཀྱིས་རྒྱལ་བ་ཀརྨ་པ་མཆོག་ལ་མཇལ་ཁར་ཡོང་བ་ཡིན། ཉེ་ཆར་གྱི་དོན་རྐྱེན་ཐད་ནས་གནད་དོན་གཉིས་ལྷག་ཡོད་པ་ནི། བླ་བྲང་གིས་ས་ཆ་ཉོ་རྩིས་ཡོད་པ་དང་། རྒྱལ་བ་ཀརྨ་པ་རྒྱ་གཞུང་ལ་འབྲེལ་བ་ཡོད་སྐོར་གྲགས་པ་དེ་གཉིས་རེད། ས་ཆའི་ཐད་ནས་ཐེངས་འདིའི་ཀརྨ་བླ་བྲང་གཅིག་པུ་ཙམ་མ་རེད། སྤྱིར་རྒྱ་གར་གཞུང་དང་ཡང་སྒོས་ཧི་མ་ཅལ་མངའ་སྡེ་ང་ཚོ་བོད་རིགས་ཚོར་བཀའ་དྲིན་ཆེན་པོ་ཡིན། གནས་ཚུལ་གཉིས་པ། རྒྱ་གར་གསར་ལམ་ཁག་ཅིག་ཏུ་རྒྱལ་བ་ཀརྨ་པ་མཆོག་རྒྱ་གཞུང་དང་འབྲེལ་བ་ཡོད་ཚུལ་བཤད་པ་དེ་དག་ནི་ཁུངས་ལུང་རྒྱུ་མཚན་གང་ཡང་མེད་པ་ཤ་སྟག་རེད། ང་ཚོས་གསར་ལམ་ཁག་རེ་རེ་བཞིན་གསལ་བཤད་དང་ལན་འདེབས་བྱེད་ཀྱིན་ཡོད་ཟེར།

 

དེའི་རྗེས་ནོར་གླིང་ཞོལ་གྱི་རྒྱ་གར་སློབ་གྲྭ་ཞིག་ནས་ཕེབས་པའི་སི་པེ་ཏེ་སློབ་ཕྲུག་བུ་མོ་ཞིག་གིས་ཀཱང་ར་རྫོང་འོག་གི་མཐོ་སློབ་ཁག་ཏུ་སྐྱོད་བཞིན་པའི་སི་པེ་ཏེ་སློབ་མ་ཡོངས་དང་། ཧི་མ་ལཱའི་རི་རྒྱུད་ཀྱི་མི་མང་གི་ཚབ་བྱས་ཏེ་གཏམ་བཤད་གནང་དོན། ང་ཚོ་སི་པེ་ཏེ་དང་ཧི་མ་ལའི་རི་རྒྱུད་ཀྱི་མང་ཚོགས་ཚོ་རྒྱལ་བ་ཀརྨ་པ་མཆོག་ལ་དད་སེམས་དང་ཡིད་ཆེས་གཙང་མ་ཡོད། ཁོང་ལ་མཚོན་ན། ཉེ་ཆར་བླ་བྲང་ནས་ཐོན་པའི་རྒྱལ་ཁབ་འདྲ་མིན་གྱི་དངུལ་སྒོར་དེར་ཧ་ལས་དགོས་པ་གང་ཡང་ཡོད་པ་མ་རེད། ང་ཚོ་རྒྱ་གར་བ་ཡིན་པའི་ཆ་ནས། རྒྱ་གར་གྱི་གསར་ལམ་ཁག་ཅིག་གིས་བདེན་པ་མིན་པའི་གནས་ཚུལ་སྤེལ་བར་ངོ་རྒོལ་བྱེད་ཀྱི་ཡོད། ཅེས་བརྗོད་སོང་།

མཇུག་ཏུ་འདི་གའི་གསར་འགོད་པས་རྒྱུད་སྟོད་ཀརྨ་བླ་བྲང་གི་མགྲིན་ཚབ་པ་དགའ་དབང་ལགས་སུ། ད་ལྟའི་ཆར་དོན་རྐྱེན་འདིའི་ཐོག་རྒྱ་གར་ཉེན་རྟོག་པའི་ཞིབ་བཤེར་གང་འདྲ་བྱེད་ཀྱི་ཡོད་ཡོད་མེད་བཀའ་འདྲི་ཞུས་པར་ཁོང་གིས། ད་ལྟ་རྒྱ་གར་གཞུང་གི་འབྲེལ་ཡོད་ཚོས་བླ་བྲང་གི་དངུལ་གྱི་དོ་དམ་བྱེད་ཕྱོགས་སྐོར་དང་རྩིས་ཁྲའི་སྐོར་ལ་ཞིབ་འཇུག་དང་དྲི་བ་ཞིབ་ཚགས་བྱེད་ཀྱིན་འདུག ས་ཆ་ཉོ་རྒྱུའི་ཐད་གཙོ་བོ་རབ་རྒྱས་ཆོས་བཟང་དང་། མགོན་པོ་ཚེ་རིང་། བསྟན་རྣམ་གསུམ་གྱིས་འགན་འཁུར་ཡོད་སྟབས། ཁ་སང་མགོན་པོ་དང་བསྟན་རྣམ་གཉིས་དོན་དག་འདི་ཐོག་མར་མགོ་འཛུགས་ས་ཨོ་ན་ Una ས་གནས་སུ་ཕྱིན་ཏེ། རྒྱ་གར་ས་གནས་འབྲེལ་ཡོད་ལས་ཁུངས་ཀྱིས་ཞིབ་བཤེར་བྱེད་ཀྱི་ཡོད་པར་རམ་འདེགས་བྱེད་མུས་ཡིན། ཞེས་ལན་འདེབས་གནང་སོང་།

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

བོད་རིགས་བུད་མེད་བསམ་སྐྱིད་སྒྲོལ་མ་ལགས་སུ་ལོ་གཅིག་དང་ཕྱེད་ཀའི་ཁྲིམས་ཐག་བཅད་འདུག པར་འབྲེལ་ཡོད་ནས་འདི་ག་གསར་ཁང་ལ་མཁོ་སྤྲོད་གནང་།
Mobile App

སེམས་སྐྱིད་སྒྲོལ་མ་ལགས་སུ་ལོ་གཅིག་དང་ཕྱེད་ཀའི་ཁྲིམས་ཐག་བཅད།

ཆུ་ཚོད་ ༧ སྔོན་ལ།
རྒྱལ་སྤྱིའི་དབུ་མའི་ལམ་ལས་འགུལ་ཁང་གི་ཡིག་ཚང་དབུ་འབྱེད་གནང་།  ནོར་ཝེ་རླུང་འཕྲིན་ཁང་གི་པར། 
Mobile App

དབུས་རྒྱལ་སྤྱིའི་དབུ་མའི་ལམ་ལས་འགུལ་ཁང་གི་ཡིག་ཚང་སྒོ་འབྱེད་གནང་།

ཆུ་ཚོད་ ༨ སྔོན་ལ།
Advertisement for App

ཡེ་ཤེས་སྡེ་ཆོས་པར་ཁང་གི་གསལ་བསྒྲགས།

ཆུ་ཚོད་ ༨ སྔོན་ལ།
Front Slider

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགའ་ལྡན་ལྔ་མཆོད་ཆེན་མོའི་ཚོགས་མགོན་དུ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས།

༢༠༢༣/༡༢/༠༧
Mobile App

ཡུ་རོབ་མཐུན་ཚོགས་དང་རྒྱ་ནག་དབར་གྱི་ལྷན་ཚོགས་སྟེང་བོད་དོན་གླེང་སློང་དགོས་པའི་རེ་སྐུལ་ཞུས།

༢༠༢༣/༡༢/༠༦
རྒྱ་གར་གྱི་གློག་བརྙན་འཁྲབ་ཁྲིད་པ་ཨ་བྷི་ཤེཀ་དྷུ་དྷེ་ཡཱ་ལགས་དང་།གློག་བརྙན་བཟོ་སྐྲུན་པ་རྗེ་པ་ཊེལ་ལགས་གཉིས་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་ཁ་ཞུས། དུས་བབ་ཀྱི་པར། ༢༠༢༣།༡༢།༠༧
༸གོང་ས་མཆོག གསར་འགྱུར།

རྒྱ་གར་གྱི་གློག་བརྙན་འཁྲབ་འཁྲིད་པ་གྲགས་ཅན་ཞིག་གིས་༧གོང་ས་མཆོག་ལ་མཇལ་བཅར་ཞུས།

༢༠༢༣/༡༢/༠༦

མཆན། 12

  1. Ngawang Norbu says:
    ལོ་ 13 སྔོན།

    ༄༅། །སྐབས་འདིར་ང་ཚོ་ཚང་མས་༧རྒྱལ་བ་ཀརྨ་པ་མཆོག་ལ་གདུང་སེམས་མཉམ་བསྐྱེད་དང་རྒྱབ་སྐྱོར་ཆེད་རང་རང་གི་ས་གནས་སུ་མང་ཚོགས་འདུ་འཛོམས་ཀྱིས་རྒྱལ་མཚན་རྩེ་མོའི་བཟུང་། ཁ་མཆུ་ནག་པོའི་བཟུང་དང་། དེ་མིན་གསང་གསོལ་རླུང་རྟ་སོགས་གང་མང་བྱེད་གལ་ཆེ་བ་མཐོང་། དེ་མིན་མར་མེ་ཁྲོམ་བསྐོར་དང་ངོ་རྒོལ་སྐད་འབོད་སོགས་ཀྱི་ལས་འགུལ་བརྩམས་ཡུལ་ཁྲིམས་དང་ཡུལ་མི་རྣམས་དང་འགལ་ཟླ་ཆགས་སྲིད་པས་ས་གནས་གཞུང་གི་ཉེན་རྟོགས་པ་དང་དེ་བཞིན་དབུས་གཞུང་ནས་གནང་དགོས་སོགས་གང་ཅིར་འགོག་རྐྱེན་མི་བཟོ་བར་མཐིལ་ཕྱིན་གནང་ན་མཐའ་མ་བདེན་པ་ང་ཚོར་ཡོད་པས་བདེན་མཐའ་གཙང་མ་ཐོན་དང་ཐོན། དེས་ན་༧དཔལ་རྒྱལ་བ་ཀརྨ་པ་མཆོག་ལ་མི་དགའ་བའི་མི་ངན་རེ་བཟུང་གིས་ངན་བྱུས་རྣམས་ཕམས་ཤིང་ཁ་ནང་ལ་འཛུབ་མོ་རྒྱུས་ཏེ་བསྡོད་དགོས་ཆགས་རྒྱུ་ཉག་ཅིག་རེད། དེ་སོང་ཙང་ད་རེས་ཀྱིས་དོན་རྐྱེན་འདི་ནི་རྐྱེན་ངན་གྲོགས་ཤར་ངོ་མ་རེད། ཐུགས་རྗེ་ཆེ། བདེན་པ་རྒྱལ་ལོ། ༧རྒྱལ་བ་ཀརྨ་པ་རྒྱལ་ལོ། བོད་རྒྱལ་ལོ། །

    Reply
  2. མངའ་རིས་བུ། says:
    ལོ་ 13 སྔོན།

    ལ་སྟོད་བུ་ཡིས་མཆན་ལས་བཤུས་དགོངས་དག

    དྲ་བདག་དང་དྲ་གྲོགས་ཚོར་དགོངས་པ་མི་ཚོམས་རོགས།
    འདིར་འབྲེལ་མེད་ཀྱི་གསར་འགྱུར་ཅིག་ཤོད་དགོས་བྱུང།
    དེ་རིང་་་་་་་་་དྷེབ་ཧི་མ་ཅལ་གསར་འགྱུར་ཅེས་པའི་ནང་དུ།་་་་་མངའ་སྡེའི་བློན་ཆེན་དྷུ་མལ་དང་བློན་ཆེན་རྙིང་པ་ནང་པ་བ་བྷིར་བྷ་དུར་སིང་གཉིས་ད་ལྟའི་ཀརྨ་པའི་རྩོད་རྙོག་ལས་འཕྲོས་ཏེ་རྩོད་པ་ཤུགས་ཆེར་བྱུང་འདུག
    མ་ཟད་བྷིར་བྷ་དུར་སིང་ནས་ཉེན་རྟོག་པས་བྱེད་སྟངས་དེར་སྐྱོན་བརྗོད་དང་བོད་མིར་དེ་འདྲའི་ཐུབ་ཚོད་བྱེད་དགོས་གང་ཡིན་སོགས་བོད་པར་རྒྱབ་སྐྱོར་ཤུགས་ཆེན་བྱས་འདུག
    མ་ཟད་བྷིར་བྷ་དུར་སིང་གིས་དྷུ་མལ་ཁྱེད་རང་ཧི་མ་ཅལ་ཡིན་ནམ་པན་ཅབ་ཡིན་བཤད་རོགས་ཀྱིས་དྲི་བ་བཀོད་འདུག
    བྷིར་བྷི་དུར་སིང་ནི་་་་་་བོན་པོའི་བླ་མ་ཁྱུང་སྤྲུལ་འཇིགས་མེད་ནམ་མཁའི་རྡོ་རྗེ་ཞེས་བཅུ་ཕྲག་རིག་པའི་གནས་ལ་ཤིན་ཏུ་མཁས་པར་མ་ཟད་མཁས་པ་དང་གྲུབ་ཐོབ་གཉིས་ལྡན་གྱི་སྐྱེས་བུ་ཞིག་རེད།་་་་་་ཁྱུང་སྤྲུལ་མཆོག་བོད་ལ་དུས་འགྱུར་མ་བྱུང་བའི་གོང་མཚོ་པདྨ་ལས་སོགས་རྒྱ་གར་གནས་ཆེན་རྣམས་མཇལ་དུས་སུ་ཁུ་ནུར་ཕེབས་སྐབས་བྷིར་བྷ་དུར་སིང་གི་ཡབ་ཡུམ་ལ་སྲས་མེད་ནས་ཁོང་ལ་ཞུས་པས་ཁྱུང་སྤྲུལ་གྱིས་བྱམས་མ་རིགས་ཀྱི་འཇིགས་སྐྱོབས་ཀྱི་བུམ་སྒྲུབ་གནང་ནས་ད་ལྟའི་བྷིར་བྷ་དུར་སིང་སྲས་སུ་འཁྲུངས་པ་རེད།
    དེས་ན་ཁོང་ནི་ནང་ཆོས་ལ་དད་གུས་ཆེན་པོ་ཡོད་པའི་སྐྱེས་བུ་ཞིག་ཡིན་པས་ད་ལམ་ཡང་ཁོང་གིས་རྒྱབ་སྐྱོར་ཞུས་པ་ནི་སྲིད་དོན་ཙམ་ཅིག་མིན་པར་སེམས་གཏིང་ནས་རྒྱབ་སྐྱོར་ཞུས་པ་གསལ་པོར་རེད།།

    Reply
  3. ཇོ་བོ་རྣམས་གཉིས། says:
    ལོ་ 13 སྔོན།

    དེ་རིང་གི་གནས་ཚུལ་དེ་ཕལ་ཆེར་གཞན་གྱིས་གནོད་སྐྱེལ་བ་ཡིན་ས་རེད།

    Reply
  4. རྟོགས་སད་ཀྱི་སྨྱུ་བུ། says:
    ལོ་ 13 སྔོན།

    དྲྭ་གྲོགས་ཚོའི་དོན་མེད་ཀྱི་རྙོག་གླེང་ཞིག་མ་བྱས་པར་ང་ཚོའི་མི་མང་དང་གཞུང་གིས་༧རྒྱལ་དབང་ཀརྨ་པ་མཆོག་ལ་གདུང་སེམས་མཉམ་སྐྱེད་བྱེད་དགོས་པ་དེ་གལ་ཆེན་ཞིག་ཡིན།

    Reply
  5. རལ་གྲི། says:
    ལོ་ 13 སྔོན།

    ༧དཔལ་རྒྱལ་བ་ཀརྨ་པ་བོད་གཞི་བྱས་གཉིས་ཀྱི་སྐབས་མགོན་གཉིས་པ་མི་རིགས་མང་པོ་ཞིག་གི་དད་གུས་བྱེད་ཡུལ་ཡིན་པས་ང་ཚོ་མང་ཚོ་ཚང་མས་ཁོང་ལ་དད་གུས་དང་། བརྩེ་སེམས། ལྷག་བསམ་རྣམ་དག་གི་ཡིད་ཆེས་དང་རྒྱབ་སྐྱོར་སྙིང་ཐག་པ་ནས་ཡོད།

    Reply
  6. ལྷ་མོ་དོན་གྲུབ། says:
    ལོ་ 13 སྔོན།

    རང་སྐྱོན་རང་གིས་ངོས་ལེན་གཅིག གཞན་སྐྱོན་གཞན་ལ་དྲང་བརྗོད་གཉིས།
    ཕྱི་ཚུལ་སྲིད་ཀྱི་ཁྲིམས་དང་མཐུན། ནང་སྙིང་ཆོས་ཁྲིམས་དང་མཐུན་ན།
    འདི་ཕྱི་ཀུན་ན་འཇིགས་པ་མེད། དེ་ལས་སུ་འགལ་ནམ་ཞིག་ཕམ།
    ཀརྨ་བ་ལ་ནི་རྒྱལ་འགྱུར་ཏེ། རི་བོང་གནམ་རྡུབ་སེམས་ཁྲལ་སྤོངས།

    Reply
  7. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    འདི་ལོ་ང་ཚོ་བོད་པས། རྒྱ་གར་གཞུང་གི་ཁྲིམས་ཐོག་མི་སེར་ཞུ་སྟངས་དང་། དངུལ་རྩིས་ཉར་འཇོག་ལ་སློབ་སྦྱོངས་བྱུང་བ་ནི། རྐྱེན་ངན་གྲོགས་ཤར་ཟེར་ན། འདི་ལ་ཟེར། དགེའོ། །

    Reply
  8. དགེ་བཤེས་སྨོན་ལམ་མཐར་ཕྱིན། says:
    ལོ་ 13 སྔོན།

    ཕྱི་ལོ་ ༢༠༡༡།༢།༢ ཉིན་དཔལ་རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་གི་བཀའ་སློབ་སྒྲ་ཕབ་ཞུས་པ་དང་། མཚུར་ཕུ་བླ་བྲང་ནས་དབྱིན་བསྒྱུར་གནང་བ་གཉིས་ཀ་འདིར་ཡོད།

    “ནམ་རྒྱུན་འཆར་ཅན་འདིར་གཟའ་ལྷག་པ་དང་སྤེན་པ་ལ་མང་ཚོགས་མཇལ་ཁ་བྱེད་བསྡད་ཀྱི་ཡོད་རེད། དེ་རིང་འདིར་མང་ཚོགས་མང་པོ་ཞིག་ཕེབས་ནས་ང་ལ་བརྩེ་བ་དང། ལྷག་བསམ། རྒྱབ་སྐྱོར་ཡོད་པར་མཚོན་པ་བྱས་པ་དེར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་གནང་། ཚང་མ་ལ་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། དེ་དང་དུས་མཚུངས་ད་རེས་གནས་ཚུལ་ཞིག་བྱུང་བ་རེད། དེར་གོ་ལོག་འདྲ་ཞིག་ཐེབས། འུར་སྒྲ་འདྲ་ཞིག་ཐེབས་ནས་མཐའ་ན་༸སྐྱབས་མགོན་རིན་པོ་ཆེ་ལ་སྙན་སུན་ཞུ་དགོས་པ་དེ་འདྲ་བྱུང་བ་རེད།
    ཡིན་ནའང་རྒྱ་གར་འདི་ང་རང་ཚོ་བོད་མི་ཚང་མས་ཕ་ཡུལ་གཉིས་པ་ལྟ་བུ་བརྩིས་ནས་སྐྱབས་གནས་བཅོལ་ཏེ་བསྡད་ཡོད་རེད། བྱས་ཙང། རྒྱ་གར་གཞུང་འདི་རྒྱ་མི་གུང་ཁྲན་ཏང་དང་མི་འདྲ་བར་ཁྲིམས་གཙོ་བོ་བྱེད་མཁན་མང་གཙོ་དང་རང་དབང་ལྡན་པའི་རྒྱལ་ཁབ་ཅིག་ལ་ང་ཚོ་ཚང་མས་ཡིད་ཆེས་ཞུ་བསྡད་ཀྱི་ཡོད་རེད། དེ་ཡིན་དུས་གནས་ཚུལ་ཚང་མ་རིམ་པས་རིམ་པས་ཡག་པོ་ཆགས་ཀྱི་རེད། གསལ་པོ་ཆགས་ཀྱི་རེད། དེ་ཡིན་དུས་ཚང་མ་་ལ་ཐུགས་ཁྲལ་གནང་མི་དགོས་པ་དང་། ཐུགས་ལྷོད་ལྷོད་བྱེད་ནས་བཞུགས་རོགས་གནང་ཞུ་རྒྱུ་ལས་གཞན་དག་ང་ལ་ཞུ་རྒྱུ་གང་ཡང་མེད།
    དེ་ནས་ཉི་མ་དེ་ཚ་ཐག་ཆོད་ཅིག་འདུག ཁྱེད་ཚོ་ཚང་མ་ཉི་མ་ཚ་བོ་འདིའི་ནང་ལ་སྡུག་རུས་བསྐྱེད་དེ་འདིར་ཕེབས་པ་དེར་ཞེ་དྲག་དགའ་བོ་བྱུང་། ཐུགས་རྗེ་ཆེ་གནང། ནམ་རྒྱུན་ཡིན་ན་སྲུང་མདུད་འདྲ་སྤྲད། ཕྱག་དབང་འདྲ་གནང་བྱེད་ཀྱི་ཡོད་རེད་དེ་མི་མང་ཐག་འདྲ་ཞིག་ཆོད་ནས་ཞེ་དྲག་དུས་ཚོད་ཡོད་ས་མ་རེད། མི་དགོས་པ་བྱས་བཞག་ན། ཁྱེད་རང་ཚོ་ངས་ཕར་ཞིག་མཇལ། ཁྱེད་རང་ཚོས་ང་ཚུར་ཞིག་མཐོང་ན་ད་འགྲིག་གི་ཡོད་རེད། ཐུགས་རྗེ་ཆེ་གནང།”
    “Today, so many people have gathered to show their love, sincere intentions and support, and I want to especially thank you and express my heartfelt gratitude. We are now facing such a situation, which has arisen due to misunderstandings and mistakes, that it has even caused concern to His Holiness the Dalai Lama.
    “India has become a second homeland to Tibetans. We all have taken refuge and settled here. India, in contrast to communist China, is a free country, a democratic country that is based on the rule of law. Therefore I trust that things will improve and the truth will become clear in time. So please be at ease. There is no need to worry.
    “You have all borne hardship to come here under this hot sun, and I thank you for that too. It seems there are too many people here today to receive you individually. You can see me from there and I can see you, so perhaps there is no need to give individual blessings.”

    Reply
  9. འདྲེ་རིག་ལྡན། says:
    ལོ་ 13 སྔོན།

    འགྲིག་ཤག ད་ང་ཚོའི་མི་མང་གི་ཆབ་སྲིད་གོ་རྟོགས་དང་། རིགས་ཀྱི་ལ་རྒྱ་སོགས་ཕྱོགས་ཡོངས་ནས་དར་ཞིང་རྒྱས་བཞིན་འདུག ཐེངས་འདིའི་དོན་རྐྱེན་འདི་རྐྱེན་ངན་གྲོགས་ཤར་ལྟ་བུ་ཆགས་པ་རེད། འདིའི་རང་གཞན་ཀུན་ལ་”བོད་མི་རིགས་” དང་ “བོད་ཀྱི་རྩ་དོན་འཐབ་རྩོད་”གཉིས་ཀྱི་མ་འོངས་པ་ཇི་འདྲ་ཞིག་ཡིན་མིན་ཡང་རོབ་ཙམ་བསྟན་ཐུབ་འདུག

    ཨ་ཇི་ཏག་བརྙན་འཕྲིན་ཁང་ཁྲིམས་ལ་གཏུགས་ཐུབ་སོང་ན་དེ་ཡང་བྱ་བཞག་རླབས་ཆེན་ཞིག་རེད་ལ། ཐེངས་འདིའི་གོ་སྐབས་བརྒྱུད་ནས་་་་ རྒྱ་ནག་གི་སྐྱག་པ་བཟའ་བཞིན་པའི་རྒྱ་གར་གྱི་གསར་འགོད་པ་ཁྱི་ཕྲུག་རེ་ཟུང་ལ་ཡང་གོ་བརྡ་ཞིག་སྤྲོད་ཐུབ་ན་ཡག་པོ་འདུག

    རྒྱ་གར་ཡུལ་མི་ཡིན་པའི་བོད་རིགས་ཚོས་ཐེངས་འདིར་གཞོགས་འདེགས་ཡག་པོ་གནང་འདུག་པར་བཀའ་དྲིན་ཆེ་ཞུ།

    Reply
  10. རིན་ཆེན་རིལ་བུ། says:
    ལོ་ 13 སྔོན།

    དོན་དག་འདིའི་མགོ་མཇུག་བར་གསུམ་རྒྱལ་བ་ཀརྨ་བ་མཆོག་གིས་ཐུགས་འགན་བཀལ་ཡོད་པའི་དོ་དམ་པ་དག་གིས་འགན་འཁུར་དགོས་པ་ལས་ཁག་འདེད་བྱེད་ས་གཞན་ཞིག་ཡོད་རྒྱུ་མ་རེད་སྙམ། རྒྱལ་དབང་ཀརྨ་བ་མཆོག་རྒྱ་ནག་དང་འབྲེལ་བ་ཡོད་པའི་དཀྲོག་གཏམ་དེ་བརྒྱ་འགྱུར་སྟོང་འགྱུར་དུ་བཏང་ནའང་ང་ཚོ་བོད་མི་ས་ཡ་དྲུག་གི་སེམས་ཁུངས་ན་ཉི་མ་བཞིན་ཨ་གསལ་ལེར་ཡོད་པས་རྒྱ་ནག་གི་ལྐོག་ཇུས་དང་འབྲེལ་བའི་སེམས་ངན་དེ་ངལ་བ་འབྲས་མེད་རེད། རྒྱ་ནག་གིས་༧གོང་ས་མཆོག་བདུད་རེད་ཟེར་བ་དང་གཅིག་མཚུངས་རེད། རྒྱ་གར་གཞུང་གིས་ཁྲིམས་ལུགས་ལྟར་ཐག་གཅོད་བྱེད་པ་དེར་ང་ཚོས་རྒྱབ་སྐྱོར་བྱེད་དགོས་པ་ལས་ས་ལྡིང་གནམ་ལྡིང་བྱེད་རྒྱུའི་གནས་ལུགས་ཤིག་མི་འདུག་སྙམ་ལ།་ ང་བོད་མི་ཞིག་ཡིན་པའི་ཆ་ནས་བྱེད་སྟངས་འདིར་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

    Reply
  11. འཇང་གཡུ་ལྷ་ཐོགས་འགྱུར says:
    ལོ་ 13 སྔོན།

    རྒྱལ་ཁབ་གི་ཁྲིམས་དང་འགལ་བའི་དངུལ་གསོག་ཉར་བྱེད་ན་ད་དུང་གདུང་སེམས་ཉམས་སྐྱེད་ག་རེ་བྱེད་གི་ཡོད་ནི་རེད་ ཁོང་གིས་ཁྲིམས་འགལ་ཐོགས་དངུལ་དམར་ཉར་བ་དེ་ ལུགས་མཐུན་མི་ན་ཡང་ ཁྲིམས་འགལ་བྱེད་གི་ཡིན་ཟེར་ཁུ་ཡོད་ནི་རེད་དམ

    Reply
  12. ཨ་ཕོ་མཐུ་ཆེན། says:
    ལོ་ 13 སྔོན།

    རྒྱ་གར་གྱི་གསར་འགྱུར་ཛི་ནིའུས་དང་ཨཇ་ཏཀ་ཟེར་བ་སོགས་རྒྱ་གར་ནང་དུ་ཁྱབ་རྒྱ་ཆེ་བའི་བརྙན་འཕྲིན་དེ་ཚོས་དང་ཐོག་དྭོགས་སྒྲོག་བླངས་བ་དང་འུར་བརྒྱབ་པ་རེད། དེས་རྐྱེན་པས་རྒྱ་གར་མི་མང་གི་བསམ་བློའི་ནང་༧རྒྱལ་བ་ཀརྨ་པ་དང་བོད་པར་འདུ་ཤེས་འཛིན་སྟངས་ལ་ནག་ཐིག་ཆེན་པོ་ཞིག་བཞག་ཡོད་ལ་གཞིས་བྱེས་བོད་མིའི་སེམས་ཁམས་ལ་ན་ཟུག་ཆེན་པོ་ཞིག་བྱིན་ཡོད། དང་ཐོག་གནས་ཚུལ་བྱུང་སྐབས་བརྒྱུད་ལམ་དེ་དག་གིས་ས་འཕག་གནམ་འཕག་ཐོག་ཁྱབ་བསྒྲགས་བྱས་པ་བཞིན་དེང་དངོས་ཡོད་གནས་ཚུལ་ཇེ་གསལ་དུ་འགྲོ་སྐབས་ཁོ་ཚོ་ཆེད་མངགས་སྐད་བཏང་ནས་རྒྱ་གར་བའི་བསམ་བློའི་ནང་དུ་བཞག་པའི་ནག་ཐིག་དང་བོད་པའི་སེམས་ཁམས་ཀྱི་ན་ཟུག་གཉིས་ཅིག་ཅར་དུ་མེད་པ་བཟོ་དགོས་པའི་འགན་བསྐུར་དགོས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist