མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་ལོ་གསར་གཅིག་གྱུར་བྱ་རྒྱུ་ཡིན།

བོད་ཀྱི་དུས་བབ།
༢༠༡༡/༠༢/༠༣
Share on FacebookShare on TwitterShare on EmailShare on Whatsapp

 མཚོ་སྔོན་གཅན་ཚ་རྫོང་གི་བོད་པའི་གྲོང་སྡེ་མང་པོ་ཞིག་གིས་རྒྱ་ནག་དང་མཉམ་དུ་ལོ་གསར་ལ་རོལ་འདོད་མེད་པར་བོད་ཆོལ་ཁ་གསུམ་གཅིག་གྱུར་གྱི་ལོ་གསར་ཞིག་ལ་བསྒུག་ཡོད་འདུག  

སྤྱིར་དེ་རིང་ནི་ཧོར་ཟླ་དང་པོའི་ཚེ་གཅིག་སྟེ། ཨ་མདོའི་ས་ཁུལ་ཡོངས་དང་། ཁམས་ཀྱི་ས་ཁུལ་ཕྱེད། དབུས་གཙང་གི་ས་གནས་རེ་ཟུང་བཅས་ཀྱི་གནམ་ལོ་གསར་པའི་ཚེ་གཅིག་སྟེ། ཨེ་ཤ་ཡའི་མི་རིགས་མང་ཆེ་བས་ཕན་ཚུན་ལ་ལོ་གསར་གྱི་བཀྲ་ཤིས་བདེ་ལེགས་ཞུ་བའི་ཉིན་མོར་ཁེལ་ཡོད་ཀྱང་། ཉིན་དེ་ནི་རྒྱ་ནག་རྒྱལ་ཡོངས་ཀྱི་ལོ་སར་ཚེ་གཅིག་ཀྱང་ཆགས་ཡོད་པ་མ་ཟད། དེ་ནི་ལོ་རྒྱུས་རང་བཞིན་གྱི་རྒྱ་ནག་དང་ཧོར་སོག་པོའི་དུས་ཆེན་ཞིག་ཏུ་རྩི་སྲོལ་ཡོད་པ་ལྟར། ལོ་སྔ་ཕྱིར་ཨ་མདོའི་ས་ཁུལ་རེ་ཟུང་ནང་ཉིན་འདིར་ལོ་གསར་གཏོང་འདོད་མེད་པའི་རྣམ་འགྱུར་ཞིག་འཐོན་བཞིན་ཡོད་པ་དང་། ད་ལོ་ཨ་མདོ་མཚོ་སྔོན་གཅན་ཚ་རྫོང་འོག་གི་བོད་པའི་གྲོང་སྡེ་མང་པོ་ཞིག་གིས་དུས་ཚེ་འདི་ལ་ལོ་གསར་གཏོང་རྒྱུ་མིན་པར་དབུས་གཙང་གི་རྩི་སྲོལ་ལྟར། བོད་རང་གི་ལོ་གསར་དུས་ཚེ་ཉིན་བོད་ཆོལ་ཁ་གསུམ་གཅིག་གྱུར་གྱི་ལོ་གསར་ཞིག་རོལ་འདོད་ཡོད་པའི་བྱ་འགུལ་ཞིག་བརྩམས་ཡོད་སྟབས། གཅན་ཚ་རྫོང་གི་མགོ་ཁྲིད་དང་། ས་གནས་རྒྱ་མིའི་དཔོན་རིགས་ཚོས་ལས་འགུལ་འདིའི་སྣེ་ཁྲིད་མཁན་སུ་ཡིན་རྩད་གཅོད་བྱེད་ཀྱིན་ཡོད་འདུག

གནས་ཚུལ་འདིའི་སྐོར་རྒྱ་གར་རྡོ་རྗེ་གླིང་དུ་གནས་བཞུགས་སངས་རྒྱས་རྒྱ་མཚོ་ལགས་ཀྱིས་མཁོ་སྤྲོད་བྱས་དོན། ཕ་ཡུལ་གཅན་ཚ་ལ་ཁ་པར་བཏང་ནས་གནས་ཚུལ་ཤེས་གསལ་ལྟར་ན། མདོ་སྨད་ཀྱི་མཚོ་སྔོན་གཅན་ཚ་རྫོང་གི་རྨ་མགུར་དགོན་པ་དང་བདེ་ཆེན་དགོན་པ། ངང་རོང་དགོན་པ། ཀོའུ་བ་དགོན་པ། གསང་སྒྲོག་དགོན་པ་རྣམས་གཙོ་བྱས་པའི་སྣང་རའི་གྲོང་སྡེ་བརྒྱད་དང་། ཧོར་མོ་ཁག་གསུམ། སྐ་ཕུག་ཚོ་གསུམ་གྱི་རྒན་རབས་པ་ཚང་མས་སྣེ་ཁྲིད་དེ་ད་ལོ་ནས་བཟུང་རྫོང་དེའི་དགོན་པ་ཁག་དང་ཡུལ་ཚོ་ཁག་གི་སྡེ་བ་ཡོངས་ཀྱི་མང་ཚོགས་ཚང་མས་ལོ་ངོ་བརྒྱད་ཅུ་ལྷག་གི་རིང་དུ་རྒྱ་མི་དང་མཉམ་དུ་ལོ་གསར་གཏོང་བའི་ཨ་མདོའི་ལུགས་སྲོལ་ལ་འགྱུར་བ་གཏོང་དགོས་པར་སྐུལ་སློང་དང་འབོད་སྐུལ་ཞུས་ཏེ། རྒྱ་ལོའི་ལོ་གསར་མི་གཏོང་རྒྱུ་དང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གཙོ་བོར་གྱུར་པའི་བོད་ཕྱི་ནང་གི་བོད་རིགས་ཚང་མ་དང་། མདོ་དབུས་ཁམས་གསུམ་གྱི་ལོ་གསར་གྱི་དུས་ཚིགས་གཅིག་གྱུར་གཏོང་རྒྱུའི་ཐག་གཅོད་བྱས་ཡོད་འདུག

དེ་ནི་རྒྱ་མི་རིགས་དང་མཉམ་དུ་ལོ་གསར་གྱི་སྤྲོ་སྐྱིད་གཏོང་འདོད་མེད་པ་དང་། གཙོ་བོར་༧གོང་ས་མཆོག་དང་བོད་ཕྱི་ནང་གི་བོད་རིགས་ཚང་མ་སྐྱིད་སྡུག་མཉམ་མྱོང་དང་། དུས་ཆེན་མཉམ་སྤྱོད་ཀྱི་དམིགས་ཡུལ་བཟུང་བ་ཞིག་ཡིན་པར་མ་ཟད། བོད་ནང་གི་མི་དམངས་ཚོས་ཆོལ་གསུམ་གཅིག་སྒྲིལ་གྱི་བསམ་བློ་ནི་ཉིན་རེ་བཞིན་དུ་ཇེ་ཆེར་འགྲོ་བཞིན་པའི་མཚོན་རྟགས་ཤིག་ཀྱང་ཡིན་ཟེར། དེར་བརྟེན། གཅན་ཚ་རྫོང་གི་དཔོན་རིགས་དང་རྒྱ་མིའི་མགོ་ཁྲིད་ཚོས་ས་གནས་དེ་གའི་དགོན་པ་དང་། སྡེ་བ་ཁག་གི་སྣེ་ཁྲིད་རྒན་རབས་པ་རྣམས་ལ་མི་དགའ་བའི་རྣམ་འགྱུར་བསྟན་ཏེ། སྤྱི་བདེའི་མི་སྣས་གནས་ཚུལ་ཁག་ལ་རྩད་གཅོད་བྱེད་བཞིན་ཡོད་འདུག  ཅེས་མཁོ་སྤྲོད་གནང་བྱུང་།

 

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 25

  1. ལྷ་མོ་དོན་གྲུབ། says:
    ལོ་ 14 སྔོན།

    སྐྱིད་སྡུག་མཉམ་མྱོང་བྱ་དགོས་ཟེར། སྐྱིད་ཀྱི་ལོ་སར་སོ་སོ་ཟེར། མི་རིགས་རིག་གཞུང་གཅིག་གྱུར་ཟེར། དུས་ཆེན་ལོ་སར་མི་གཅིག་ཟེར། རྒྱ་ལོའི་ལོ་སར་ཟེར་བ་འདི། དོན་ལ་ཧོར་གྱི་ལོ་སར་ཡིན། སྲིད་ཀྱི་འགྱུར་འགྲོས་མ་གོ་བར། སྲིད་མིན་ཐག་གཅོད་བྱེད་པ་མཚང།
    ལོ་ནམ་སར་ཁྱད་པར་མི་ཆེ་ཡང། སྐྱིད་སྡུག་གི་ངོ་བོ་མཚོན་གལ་ཆེ།
    སྲོལ་སར་བ་སར་བ་མ་ཕྱེས་ན། ལམ་སར་བ་སར་བ་གང་ནས་རྙེད།
    ཁྱིམ་ཆེ་རུ་ཆ་རུ་མ་བཏང་ན། བོད་ཆོལ་གསུམ་ཁྱིམ་གཅིག་ག་ལ་ཤོང།དོན་འདི་ལ་གནད་འགག་མི་ཆེ་ན། རྒྱ་དམར་པོས་འགོག་སྡོམ་ཅི་ལ་བྱེད། དོན་དེ་བས་ལོ་སར་གཅིག་གྱུར་གལ།

    Reply
  2. ཨ་མཆོད་འཇམ་དཔལ། says:
    ལོ་ 14 སྔོན།

    འདྲ་རིག་ལྡན་ཟེར་བ་འདི་སོགས་ཀྱིས་ཐུགས་སྒམ་པའི་ཚུགས་ཀ་ཞིག་སྟོན་བཞིན་འདུག་མོད་ད་སྐབས་དེ་འདྲ་སྐབས་སུ་བབ་པར་མ་མཐོང་། ལོ་སར་གཅིག་གྱུར་བཏང་བའི་རྒྱ་བོད་ཀྱི་འབྲེལ་བ་ཐག་གཅོད་རང་བཞིན་གྱི་འགྱུར་བ་འགྲོ་བར་སུས་ཀྱང་མི་བཤད། འདི་ལྟ་བུ་ནི་བོད་རིགས་ཕན་ཚུན་བར་ཇེ་དམ་དུ་འགྱུར་བའི་གོམ་སྟབས་གང་ལྟ་བུ་ཡིན་པས་ཅིའི་ཀྱང་བྱ་རིན་ཡོད། བོད་ལ་རང་རེར་ཡོད་པའི་ཐུན་མོང་མ་ཡིན་པ་ཞིག་ཡོད་པ་དེ་ཤེས་དགོས་པ་འདི་གནད་འགག་རེད།
    སྔར་ནས་ལུགས་སྲོལ་ཡིན་པས་སྐྱོན་མེད་པ་ལྟར་བཤད་པ་ནི་ཧ་ཅང་དགོད་བྲོ། སྔར་བྱས་པའི་ནོར་འཁྲུལ་མུ་མཐུད་ནས་བྱེད་དགོས་ཟེར་ན་མི་དགོད་ན་ཅི་བྱེད།
    གཞིས་བཞུགས་མི་མང་གི་བོད་གངས་ཅན་གྱི་ལས་དབང་ལ་བསམ་ནས་ལས་འགུལ་དེ་འདྲ་ཞིག་བརྩམས་པ་ན་ཁྱོད་ཀྱིས་རྒྱབ་སྐྱོར་མེད་རུང་འཁུན་སྒྲ་འབྱིན་གི་མ་འདུག ཧོར་གྱི་ཡིན་རུང་སོག་གི་ཡིན། རྒྱ་དང་མཉམ་དུ་མེད་པ་དང་། རང་ལ་ལོགས་སུ་ཡོད་པ་དེ་གནད་འགག་རེད།
    བདེན་དོན་ཐམས་ཅད་བདེན་པ་ཡིན་ཞེས་འུར་འདོན་བྱེད་པ་ཙམ་ལ་བདེན་པ་སྨྲ་བའི་མཚན་སྙན་མི་འབྱོར། རྫུན་ནི་དུད་འགྲོས་ཀྱང་བཤད་མི་ཤེས།

    Reply
  3. དཀར་མཚོ་སྐྱིད། says:
    ལོ་ 14 སྔོན།

    བོད་ཀྱི་ལོ་རྒྱུས་ནང་དུ་རྒྱུ་རྐྱེན་སྣ་ཚོགས་པའི་དབང་གིས་ཆོལ་ཁ་གསུམ་གྱི་སྐད་དང་གོམས་གཤིས་ལ་སོགས་པ་གཅིག་གྱུར་མ་ཡོང་བར་ཁ་ཐོར་དུ་གནས་དགོས་བྱུང་བ་དང་ད་ལྟའི་ཆར་འཛམ་གླིང་གི་ཆོས་ཉིད་ལ་ལྡོག་ཏུ་མེད་པར་མི་རྣམས་ཀྱི་བསམ་བློའི་འདུ་ཤེས་ལ་འགྱུར་བ་འགྲོ་བཞིན་པ་ལྟར་དུ་བོད་འདི་ཡང་སིལ་བུར་ཐོར་བའི་ཀྱག་ཀྱོག་གི་དཀའ་སྡུག་མང་བོའི་ཁྲོད་དུ་དུས་རབས་ཀྱི་འགྲོས་ལྟར་གཅིག་གྱུར་གྱི་ལྟ་བའི་མྱུ་གུ་འབུ་བཞིན་པ་འདི་ནི་བདེ་སྐྱིད་ཀྱི་ལམ་ཁ་བཟང་བོ་ཞིག་དང་ཕྱི་ནང་མི་དམངས་ཀྱི་འདོད་བློ་དང་མ་འོངས་པའི་རང་རེའི་འཐབ་རྩོད་ཅིག་ཀྱང་ཡིན།

    Reply
  4. གཟི་མིག་༣པ says:
    ལོ་ 14 སྔོན།

    དེ་སྔ་ཡིན་ན་བོད་ནང་ལ་དངོས་ནས་ལོ་གསར་པའི་དུས་སྟོན་དེ་རྒྱ་ཡི་ལོ་གསར་སྐབས་ཁག་ཅིག་གཏོང་སྲོལ་ཡོད་་་ཡིན་ནའང་ལོ་གསར་དེ་གཙང་ཕྱོགས་སུ་སོ་ནམས་ལོ་གསར་ལ་ངོས་འཛིན་བྱེད་བཞིན་ཡོད་པ་ལས་རྒྱ་དང་ཅིག་མཚུངས་ངོས་འཛིན་བྱ་སྲོལ་མེད་་་མདོ་སྟོད་སྨད་ཕྱོགས་སུ་རྒྱ་ཡི་ལོ་གསར་སྐབས་ལོ་གསར་གཏོང་སྲོལ་ཡོད་ཀྱང་རྒྱུ་རྐྱེན་མི་ཤེས་་་་་་ད་དངོས་ནས་གནས་བབ་དང་བསྟུན་ནས་གོམས་པ་སྤོ་ཕྱོགས་དེ་ཧ་ཅང་འཚམ་པོ་འདུག་མི་ཁ་ཤས་ཀྱི་དྲ་རྒྱའི་ནང་བསམ་ཚུལ་ཡ་ང་བ་དེ་འདྲ་བྲིས་འདུག་པས་མི་དེ་རིགས་ལ་ཁག་མེད་གང་ལ་ཞེས་ན་ཆབ་སྲིད་ལ་དོ་བ་དེ་ཙམ་མེད་པའི་སྐྱོན་རེད་་་ངས་འདིའི་ནང་ལ་འཚམ་པོ་འདུག་ཟེར་བ་ནི་རང་དབང་མེད་པའི་རྒྱལ་ཁབ་གཅིག་ཆ་ནས་བོད་མི་ཡོངས་རང་དབང་མ་ཐོབ་བར་བོད་ཡོངས་གཅིག་མཐུན་གྱི་རྣམ་འགྱུར་སྟོན་དགོས་པ་ནི་གཅིག་མཐུན་བྱུང་ན་གང་ཅིའི་ཐད་ངོ་སོ་ཟེངས་སུ་དོན་

    Reply
  5. གཡུ་དྲུག་དཀར། says:
    ལོ་ 14 སྔོན།

    ང་ལྷ་སའི་ལོ་གསར་ལ་ཆ་རྒྱུས་དེ་ཙམ་མེད་མོད་ང་ཚོས་ལོ་རྟག་པར་བརྙན་འཕྲིན་ལས་མཐོང་བའི་ལྷ་སའི་ལོ་གསར་དེ་ནི་རྒྱ་བོད་ཤན་སྦྱར་གྱི་ལོ་སར་ཞིག་རེད། འོན་ཀྱང་ཨ་མདོའི་ལོ་སར་བོད་གོས་གྱོན། བོད་སྐད་བཤད། བོད་གླུ་བླངས་སྟེ་བོད་ཀྱི་ལོ་སར་འདི་འདྲ་ཞིག་ལོས་ཡིན་བསམ་པ་ཞིག་སར་གིན་ཡོད་ལ། ལོ་རེ་བཞིན་སྙིགས་དོར་བཅུད་ལེན་ལ་འབད་བཞིན་ཡོད། ལྷ་སའི་ལོ་སར་དེ་ལས་ལྡོག་སྟེ་རྒྱའི་ལོ་སར་དང་འདྲ་བར་རྒྱ་འཁྲབ་སྟེགས་ཇུས་འགོད་བྱེད་སྟངས་དང་གུང་ཁྲན་ཏང་ལ་བསྟོད་གླུ་ལེན་སྟངས་སོགས་ཚད་བརྒལ་རང་བཞིན་གྱི་སྤྲེལ་ལད་སྤྲོ་ཚོགས་ཤིག་ཡིན་པ་ལས་བོད་རྒྱ་སུ་ཞིག་གི་ལོ་སྟངས་ཤིག་མིན། རྒྱའི་ལོ་སར་ལ་ཡང་གུང་ཁྲན་ཏང་ལ་བསྟོད་གླུ་འདི་འདྲ་ལེན་སྲོལ་མི་འདུག ན་ནིང་གི་ལྷ་སའི་ལོ་སར་ལ་ལྟོས་དང་རྒྱ་སྐད་མི་གོ་མཁན་ཞིག་ཡིན་ན་ལོ་སར་གྱི་སྤྲོ་ཚོགས་ལ་རོལ་མྱོང་བྱ་ཐབས་མི་འདུག. ད་ནི་ང་ཚོས་འགྱུར་བ་ཞིག་གཏོང་ན་ལོ་སར་སྟངས་ལ་འགྱུར་བ་ཞིག་གཏོང་དགོས་པར་སྣང་།

    Reply
  6. དུག་མདའ། says:
    ལོ་ 14 སྔོན།

    ལི་ཐོ་གཅིག་ཡར་ལ་འཇོག་རྒྱུ་རེད། ལི་ཐོ་གཅིག་ཐལ་བར་སྲེག་རྒྱུ་རེད། འཛམ་གླིང་དམངས་གཙོ་ལུང་བའི་གཏམ་ཉ་ཉོག་གིས་འབྲོག་པ་རོང་བའི་མགོ་འཐོམ་དུ་འཇུག་དོན་མེད། གནས་ལུགས་རིམ་པ་བཅོ་བརྒྱད་བཤད་མ་ཡོང་། པེ་ཅིང་མཉམ་དུ་མི་སར་ལྷ་ས་མཉམ་དུ་སར་རྒྱུ་ཡིན་ཟེར་བ་དེ་ཙམ་རེད། ལོ་མཉམ་དུ་སར་འདོད་ལ་ཁྱོད་ཚོ་སྙིང་ནད་ཅི་ཞིག་ཡོད།

    Reply
  7. མངའ་རིས་བུ། says:
    ལོ་ 14 སྔོན།

    གླེན་འགའ་ཞིག་གིས་སྐྱིད་ན་སྐྱིད་མཉམ་སྡུག་ན་སྡུག་མཉམ་བྱེད་ན་ལོ་གསར་མཉམ་གཏོང་བྱེད་དགོས་ཟེར་བ་ནི་ལྐུགས་རྟགས་རང་རེད།
    ང་ཚོ་ཡར་ཐོན་ཅན་གྱི་རྒྱལ་ཁབ་ལ་མིག་དཔེ་བལྟ་མི་དགོས་སམ།
    ཨ་རི་སྟོབས་ཆེན་རྒྱལ་ཁབ་ལྟོས་དང་ཁོང་ཚོ་སྐྱིད་ན་སྐྱིད་མཉམ་སྡུག་ན་སྡུག་མཉམ་རེད་དེ།་
    མངའ་སྡེ་རེ་རེ་ལ་ཁྲིམས་ལུགས་སོ་སོར་ཡོད་པ་རེད་མ་ཟད་དར་ཆ་ཡང་མི་འདྲ་བ་དེ་འདྲ་ཡོད་འདུག་པས།
    ད་ཁོང་ཚོ་རྗེས་ལུས་དང་སྐྱིད་སྡུག་མི་མཉམ་པའི་རྒྱལ་ཁབ་རེད་དམ།
    བཅོས་དགོས་ན་ད་ལྟའི་ལོ་ཐོ་འདི་དག་བཅོས་དགོས།
    ད་འོ་ན་ཆོལ་ཁ་གསུམ་ཆ་ལུགས་གཅིག་སྐད་གདངས་གཅིག
    བྱེད་དགོས་སམ་
    ད་དུང་ཆོས་ལུགས་གཅིག་བྱེད་དགོས་སམ།
    བོད་མི་ཐམས་ཅད་ནང་ཆོས་བྱེད་དགོས་སམ།
    དེ་འདྲའི་བསམ་ཚུལ་ནི་རྒྱ་གུང་ཕྲན་ལས་ཀྱང་གདུག་འཚུབ་ཆེ་བ་ཞིག་གོ།

    Reply
  8. ཀླུ་མཁར་བྱམས། says:
    ལོ་ 14 སྔོན།

    ཆོལ་ཁ་གསུམ་པོས། ཆབ་སྲིད་ཀྱི་གོང་བུ་མཉམ་པོར་སྲུང་། སྐྱིད་སྡུག་གི་ཚོར་བ་མཉམ་པོར་མྱོང་། ཡུལ་སྲོལ་དང་གོམ་འགྲོས་རང་སོར་ཉོར། ཡོད་ཚད་གཅིག་དགོས་པའི་ངེས་པ་མེད།

    Reply
  9. མི་ཕམ་རྒྱ་མཚོ། says:
    ལོ་ 14 སྔོན།

    ལོ་སར་གཅིག་འགྱུར་བྱེད་པར་རྒྱབ་སྐྱོར་ཡོད། རྒྱུ་མཚན་མང་དུ་ཡོད།
    གཞིས་བཞུགས་བོད་མི་ཁོང་ཚོའི་ལ་རྒྱ་དང་སེམས་ཤུག ཆོད་སེམས་དང་སྙིང་སྟོབ་ནི་ཆེས་བསྔགས་འོ་སུ་མཐོང་།
    མ་ཟད། བོ་ལ་ལོ་གསར་བརྩི་ལུགས་མང་བ་ལ་མ་ལྟོས་པར། ལོ་སར་གཅིག་འགྱུར་བྱེད་མི་ཐུབ་པ་ཞིག་མ་རེད། རྒྱུ་མཚན་ནི། སྔོན་ང་ཚོ་ཆོལ་ཁ་གསུམ་སོགས་ཕན་ཚུན་འགྲིུམ་འགྲུལ་མི་བདེ་བ་དང་། ཀུན་ལ་གཅིག་འགྱུར་གྱི་གསར་འགྱུར་བརྒྱུད་ལམ་སོགས་མེད་ཕྱིར་རིག་གཞུང་དང་ལུགས་སྲོལ་མང་བོ་ཞིག་གཅིག་འགྱུར་ཤུན་དུ་དཀའ་ནའང་། ད་ལྟ་དེ་ལས་ལྡོག་ཏེ་གསར་འགྱུར་བརྒྱུད་ལམ་མང་བོ་གཅིག་འགྱུར་ཡོད་པ་སོགས་ཀྱིས་ང་ཚོའི་ལོ་གསར་སོགས་གཅིག་འགྱུར་བྱ་བར་དེ་ཙམ་མི་དཀའ་ལ། མ་ཟད་གལ་ཏེ་གཅིག་འགྱུར་མ་བྱས་ན་བརྒྱུད་ལམ་ཁག་ནས་རྒྱང་སྤྲང་བྱེད་མི་བདེ་བ་སོགས་མགོ་འཐོམས་རྙོགས་འཛངས་ཆེ་བ་ད་ལྟ་ལ་ལྟོས་དང་ཤེས་སླ།
    གཅིག་འགྱུར་བཏང་ན་དེ་ལས་ལྡོག་པའི་དགེ་མཚན་མང་དུ་ཡོད། གཅིག་འགྱུར་གཏོང་ལུགས་དེའང་གཞིས་བྱེས་གཅིག་འགྱུར་གྱི་བོད་གཞུང་སྨན་རྩིས་ཁང་གི་སྐར་རྩིས་ལ་གཏུག་ན་ཡག་ཤོས་ཡིན། རྒྱུ་མཚན་ནི། བརྩིས་དེ་ནི་བྱང་ཤམ་བ་ལ་ནས་བརྒྱུད་པའི་དཔལ་དུས་ཀྱི་འཁོར་ལོའི་ཟབ་ཆོས་ལ་ཕྱི་ནང་གཞན་གསུམ་ཀྱི་དུས་འཁོར་ཡོད་པའི་ནང་ཚན། ཕྱི་དུས་ཀྱི་འཁོར་ལོའི་ལུགས་སུ་བརྩིས་ཡོད་ཕྱིར། བརྩི་སྲོལ་གཞན་ལས་ཁྱད་དུ་འཕགས་ཡོད་ལ། བོད་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་ཡོད། མ་ཟད། བརྩི་ལུགས་ཀུན་གྱི་ནང་ནས་ཆེས་ཕྲ་ཞིབ་ཀྱི་རྩིས་ཡིན། དེ་ཕྱིར་ཟླ་ལྷག་དང་ཉི་ལྷག་དུས་འདྲ་མིན་དུ་བྱུང་བ་ཤེས་ཞིང་། འབྱུང་བའི་འཕྲོད་སྦྱོར་སོགས་ཆེས་འཕྲ་མོས་སྒོ་ནས་གཏན་ལ་འཕབ་ཐུབ་མཁན་གྱི་རྩིས་ཁོ་ན་དེ་ཡིན་པ་སུས་ཀྱང་བརྙོན་དཀའ་བར་མཐོང་བ་སོགས་ཀྱིས་སོ། །།

    Reply
  10. ཤར་ཕྱོགས་ཁུག་རྟ། says:
    ལོ་ 14 སྔོན།

    དོན་དག་འདི་འདྲ་ཞིག་ད་བར་གོ་མ་སོང་བས་འགྱོད་ནའང། མར་ནང་ཀ་རིང་ན། མ་རེད་ཀ་རིང་ཟེར། ང་འདིའི་དྲན་ཤེས་འདི། མར་ནང་གཅན་ཚ་ན་༼ གཡང་ཁྱིམ་ཚང་གི་ལོ་སར༽ ཟེར་བ་ཞིག་ཧོར་ལུགས་འདི་ལ་གྲ་རྒྱས་པོ་ཞིག་ཚོགས་འདུག

    ཡིན་ནའང། འདི་ཚོའི་སྐོར་གི་གནད་འགག་མི་ཤེས། ལོ་སར་སོར་བཞག་ཡིན་ན་འདས་པའི་གནས་ཚུལ་ཞིག་གིས་རང་གི་མི་རིགས་ཀྱི་ངོ་བོ་ཞིག་སྟོན་གྱི་འདུག་ལ། ད་ལྟ་འདིའི། ལྷ་སའི་ལོ་སར་ཟེར་དགོ་རེད་བས། འདི་ནང་བཞིན་ལོ་སར་ནའང། བོད་མི་རིགས་ཀྱི་ངོ་བོ་ཞིག་ནི་སྟོན་གྱི་འདུག གང་ལྟར་གཉིས་ཀ་རྒྱ་དང་ཁ་གྱེད་སྤྱད་ཅིག་ནི་རེད།

    Reply
  11. ནད་པ says:
    ལོ་ 14 སྔོན།

    ལོ་གསར་གཅིག་གྱུར་གཏོང་དགོས་ན་དང་པོ་རང་ཉིད་མི་རིགས་ཀྱི་མེས་པོ་སྲོང་བཙན་སྒམ་པོའི་ལོ་རྒྱུས་དང་། ཆབ་སྲིད། དམག་དོན། དཔལ་འབྱོར། རིག་གཞུང་། སྐད་ཡིག ཐབས་ཇུས། ལ་རྒྱ་དང་སྙིང་སྟོབས་བཅས་ལ་སློབ་སྦྱོང་གཅིག་གྱུར་བྱེད་དགོས།

    ད་དུང་རྒྱ་གར་གྱི་རྒྱལ་པོ་ཨ་ཤོ་ཀའི་ལོ་རྒྱུས་དང་། ཆབ་སྲིད། དམག་དོན། རིག་སྟོབས་སོགས་ལ་ཕྱིར་མིག་གཅིག་གྱུར་བལྟ་དགོས།

    ད་དུང་ཧོར་ཇིང་གེར་རྒྱལ་པོའི་ཆབ་སྲིད་དང་། དཀའ་ཚེགས། དམག་དོན། མི་འབོར། སྟོབས་ཤུགས། ཐབས་ཇུས། གཅིག་གྱུར་སོགས་ལ་བློ་རྩེ་གཅིག་གྱུར་གཏོད་དགོས།

    དེ་བས་མིག་གི་མདུན་དུ་ཁ་གསབ་བྱེད་ཐབས་བྲལ་བའི་ཆབ་སྲིད་ཀྱི་གནད་དོན་ཐད་ལ་གཅིག་གྱུར་བལྟ་དགོས་ཏེ། དེ་ཡང་རྒྱ་ནག་གི་ཆེས་རླབས་ཆེན་གཙོ་འཛིན་མའོ་ཙེ་ཏུང་གི་བློ་རིག་དང་། ཆབ་སྲིད། ཐབས་ཇུས། དམག་དོན། སྟོབས་ཤུགས། ཉམས་མྱོང་། སྙིང་སྟོབས། ལྟ་གྲུབ། དཔལ་འབྱོར་། མི་འབོར། གཅིག་གྱུར་སོགས་ལ་སློབ་སྦྱོང་ཡག་པོ་བྱས་ཏེ་ཆོལ་གསུམ་གོམ་བུའི་ནུས་པ་དང་སྟོབས་ཤུགས་ཡོངས་སུ་རྫོགས་མཚམས་ད་གཟོད་གཞི་ནས་གཅིག་གྱུར་བཟོ་དགོས།

    དེ་ནས་དགོངས་པའི་གཏིང་དཔོག་པར་དཀའ་བའི་རླབས་ཆེན་བཙན་པོ་སྲོང་བཙན་སྒམ་པོའི་བུ་ཚ་རིགས་བརྒྱུད་གཅིག་པའི་བོད་རིགས་ཚོས་གཅིག་གྱུར་ལོ་གསར་སྔར་བས་བྱུང་མ་མྱོང་བ་གཅིག་གཏོང་དགོས་པ་རེད།

    དེ་ལས་གཞན་ད་ལྟའི་ཆར་གྲི་མར་ལ་ཞུས་ན་མར་ཕམ་རྒྱུ་དང་། མར་གྲི་ལ་ཞུས་ན་མར་ཕམ་རྒྱུ་ལས་མེད། ད་དུང་མཛུམ་མོས་གནམ་ཡར་གཏེགས་པའི་ནུས་པ་དོན་དངོས་ཐོག་མེད་སྟབས་ང་ཚོས་རྩ་བ་བརྟན་པོ་ཞིག་གཙུགས་ཏེ།

    རིམ་པས་བཙན་པོ་སྲོང་བཙན་གྱི་དྲན་རྟེན་རྡོ་རིང་ཆེན་མོ་གནམ་བསྐོས་དགའ་བ་བརྒྱ་ལྡན་གྱི་འབྱུང་འགྱུར་དུས་རབས་གསར་པ་ཞིག་གི་ནང་མི་རབས་གསར་པའི་ལོ་གསར་གཅིག་གྱུར་གཅིག་ཡོང་བར་ཚང་མས་བློ་རིག་གྲུང་པོ་བྱེད་དགོས་ལ་དེ་བས་ཀྱང་བུ་ཚ་གཅིག་གི་ཚེ་སྲོག་ལའང་གཅེས་སྤྲད་བྱས་ཏེ་རང་ཉིད་དང་པོ་འཚོ་དགོས་པ་དང་།

    གཉིས་པ་སྟོབས་ཤུགས་འཛོམས་དགོས་པ། གསུམ་པ་ཐབས་ཇུས་མ་ནོར་བ་བཅས་ཡིད་གཟབ་བྱེད་གལ་ཆེ་བ་གནད་ཀྱི་དམ་པ་དེ་རང་ཡིན།།

    Reply
  12. རིགས་བཟང་། says:
    ལོ་ 14 སྔོན།

    གཅིག་སྒྲིལ་གྱི་སེམས་ཤུགས་ཡོད་པ་ལ་ཡི་རངས་ཡོད་མོད། ང་ཚོའི་ལོ་གསར་འདི་ལྟར་སྒྱུར་རྒྱུ་ཟེར་ན། རྩ་བ་ནས་འཐད་པ་ཡོང་མི་སྲིད་།

    ཡང་ཨ་མདོ་བ་འགྲིགས་མི་འདུག་ག རྒྱའི་མེ་མདའི་འོག་ཤི་དགོས་པ་ཡང་ཨ་མདོ་བ།
    ཁྱོད་ཚོ་དང་བྱ་ལྟ་བྱེད་སྟངས་ཤིག་མ་མཐུན་ན་ཡང་ཨ་མདོ་བའི་འགྲིག་མི་འདུག
    ཕྲན་ཆུང་ངས་བལྟས་ན་ལྟོས་ལྟོས་རིག་རིག་ལ་མིའི་ལུས་སྟེང་གི་ཁྲག་དྲོན་རྔུལ་མཁན་ཚོ་མཉམ་དུ་ལོ་གསར་ལ་རོལ་བ་དང་རྒྱ་རིགས་མཉམ་དུ་རོལ་བ་གཉིས་ལ་ཁྱད་པར་ཡོད་དམ།
    གཡོག་ལས་ལ་འབད་པའི་ཨ་མདོ་བ་༸་རྒྱལ་དབང་ལགས་སྐུ་འཚོ་བཞུགས་བར་དུ་འབད་བརྩོན་གནང་རོགས།
    ༸ཁོང་དང་མཉམ་དུ་

    Reply
  13. གཅན་བཟོད་རྒྱམ། says:
    ལོ་ 14 སྔོན།

    སྐད་བཤད་དུས་ཡོད་དོན་མེད་གཉིས།།
    བཤད་ཚད་དོན་ཡོད་འགྱུར་བ་མི་སྲིད་པས།།
    བརྒྱ་བཤད་གཅིག་ལ་དོན་དག་ཡོད་གྱུར་ན།།
    དེ་ནི་སྐད་ཆ་བཤད་པའི་སྙིང་བོར་སྒོམ།།

    དཔེར་ན་ལྷ་མོ་དོན་གྲུབ་ཟེར་བའི་སྐད་ཆ་དང་འཁྱམས་པོ་ཟེར་བའི་སྐད་ཆ་གཉིས་ལྟ་བུའོ།།

    Reply
  14. གཅན་བཟོད་རྒྱམ། says:
    ལོ་ 14 སྔོན།

    ཕ་ཡུལ་གནས་ཚུལ་འདི་གོ་བས་ང་ངོ་ཚ་བྱུང་། རྒྱུ་མཚན་ནི་ང་ལས་གཞན་པའི་གཅན་ཚ་བ་མང་པོ་ཞིག་གིས་ཕྱི་ལོག་ན་ལོ་སར་གཏོང་གིན་འདུག་པས་སོ།།
    ཕ་ཡུལ་གྱི་མི་དམངས་རྣམས་ལ་བཀའ་དྲིན་ཆེ་དང་ཁྱོད་ཀྱི་ཆོད་སེམས་དེར་ནམ་ཡང་རྒྱབ་སྐྱོར་དང་གུས་འདུད་ཞུ།

    Reply
  15. དུག་མདའ། says:
    ལོ་ 14 སྔོན།

    ཧོར་རྩིས་མ་བཞག་པར་ཧོར་ལོ་བཞག་པས་ཅི་ཕན། ལོ་གསར་འདི་རྒྱ་ལོ་ཡིན་མིན་གང་ལྟར་ཡང་གལ་འགང་ཆེ་བའི་དུས་ཚོད་འདི་ལྟ་བུར་འཇམ་དཔལ་དབྱངས་སྐྱུར་དགོས་ཐུག་ནའང་བསྐྱུར་རྒྱུ་རང་རེད། ང་ནི་མི་ཚེ་འདིར་རི་བོ་རྩེ་ལྔ་ལའང་མི་མཇལ་ཐག་ཆོད་ཡིན།

    Reply
  16. རྒྱལ་བསྟན། says:
    ལོ་ 14 སྔོན།

    ལོ་གསར་གཅིག་གྱུར་གནང་བ་དེར་རྒྱབ་སྐྱོར་ཡོད། དེར་ལོ་རྒྱུས་ཀྱི་འགྲེལ་བཤད་འདྲ་མིན་དང་བྱབ་ཆུང་ཁ་ཤས་ནས་མི་འདོད་པ་ཅི་འདྲ་བཤད་ཀྱང་དོན་ངོས་མ་རང་གི་ཕ་མེས་གསད་མཁན་གྱི་དགྲ་བོ་དང་མཉམ་སྐྱིད་བྱེད་འདོད་མེད་པ་དེ་ཁ་བཤད་ལག་ཏུ་འཁྱོལ་བ་ཞིག་རེད་ གཉིས་ནས་བོད་ཆོལ་ཁ་གསུམ་མི་རིགས་གཅིག་དང་རིགས་གཞུང་ཅིག་གྱུར་ཡིན་པ་མཚོན་གྱི་ཡོད་པ་རེད།
    གསལ་ཙམ་བཤད་ན་ལོ་གསར་གཅིག་གྱུར་གཏང་བ་དེས་རྒྱ་མི་དང་མཉམ་སྐྱིད་བྱེད་རྒྱུར་མིན་འདོད་ཅིང་བོད་མི་ཡོངས་སྐྱིད་སྡུག་མཉམ་མྱོངས་བྱེད་འདོད་ཡོད་པའི་གསལ་བཤད་གནང་བ་རེད།

    Reply
  17. ལྷ་མོ་དོན་གྲུབ། says:
    ལོ་ 14 སྔོན།

    ཇིང་གུར་རྒྱལ་པོའི་གཞུ་མཆོག་གིས། གནམ་འོག་དབང་དུ་སྡུད་པའི་དུས། མི་ཉག་བཙན་པོའང་ཕམ་གྱུར་བའི། ཧོར་ཟླ་གསུམ་པའི་རྒྱལ་སྟོན་དེ། རྒྱ་བོད་ཧོར་གསུམ་ལོ་སར་གྱུར། འདི་ནི་ཧོར་གྱི་གཟི་བརྗོིད་དང། བོད་རྒྱ་གཉི་གའི་ངོ་ཚ་ཡིན། ཡིན་ཡང་འདས་པའི་ལོ་རྒྱུས་ཏེ། དེང་སང་ཧོར་སོག་མིང་ཙམ་མོ། སྤྱིར་ན་བོད་ཀྱི་ལོ་སར་འདི། གཅིག་གྱུར་དགེ་མཚན་ཅི་བས་ཆེ།

    Reply
  18. ས་འབྲུག་དཀར་པོ། says:
    ལོ་ 14 སྔོན།

    ཨ་མདོའི་ལོ་གསར་ཚེས་གཅིག་གི་ཞོགས་པར་ངས་ངའི་གྲོགས་པོ་ཞིག་ལ་ནམ་རྒྱུན་ལྟར་QQབརྒྱུད་ཏེ་ལོ་གསར་ལ་བཀྲ་ཤིས་བདེ་ལེགས་དང་ནང་མི་རྣམས་བདེ་བོ་ཡིན་མིན་གྱི་མཚམས་འདྲི་ཅིག་བྱས་པ་ཡིན། ཁོས་ང་ལ་ནང་མི་ཚང་མ་བདེ་བོ་ཡིན། ང་ཚོའི་ལོ་གསར་ད་དུང་སླེབས་མེད། ཉིན་གྲངས་ཉེར་བརྒྱད་འདུག་ཟེར། ངས་ཁོའི་ལན་དེ་མཐོང་བ་དང་ང་ནི་གཉིད་ལས་སད་པ་ལྟར་དུ་གྱུར། ངས་ཁོ་ཚོ་ནི་དངོས་གནས་རླབས་ཆེན་དང་དཔའ་པོ་རེད་དྲན་བྱུང་། དེ་ནས་ངས་ཁོ་ལ་བསམ་ཚུལ་ཡག་པོ་རེད་ཙམ་ལས། དེའི་བསྐོར་ལ་དྲི་བ་གཅིག་ཀྱང་དྲིས་མེད། གང་ཡིན་ཟེར་ན། ཁོའི་བདེ་འཇགས་ཀྱི་ཆེད་དུ་ཡིན།

    Reply
  19. ས་འབྲུག་དཀར་པོ། says:
    ལོ་ 14 སྔོན།

    ཨ་མདོའི་ལོ་གསར་འདི་རྒྱའི་ལོ་གསར་ཡིན་མིན་གྱི་སྐད་ཆ་གཡས་བསྐྱུར་བྱས་ཏེ་བཤད་ན། བོད་མི་ས་ཡ་དྲུག་ལས་མེད་ཀྱང་། ལོ་གསར་གཉིས་ཡོད་པ་འདི་༧གོང་ས་མཆོག་གིས་བོད་མི་རྩམ་གཟན་ཡོང་སྐྱིད་ན་མཉམ་སྐྱིད་དང་སྡུག་ན་མཉམ་སྡུག་གསུང་བཞིན་པ་དང་འགལ་བར་མ་ཟད། ཆབ་སྲིད་ཀྱི་ཆ་ནས་ཀྱང་འགྲེལ་བཤད་རྒྱག་བདེ་བོ་ཞིག་གཏན་ནས་མིན། གང་ལྟར། ཨ་མདོ་གཅན་ཚ་བ་དག་གིས་རང་ངོས་ནས་ཏ་ལྟ་གསར་བཞིན་པའི་ལོ་གསར་འདི་སྐྱོན་རུ་མཐོང་སྟེ་བསྒྱུར་རྒྱུ་ཟེར་ན། དེའི་ཐོབ་ཐང་ཁོང་ཚོ་ལ་ཡོད་པར་སོང་། ངས་ཁོང་ཚོའི་འདོད་དོན་འགྲུབ་པར་སྨོན་འདུན་ཞུ།

    Reply
  20. འཁྱམས་པོ་ says:
    ལོ་ 14 སྔོན།

    ཧཧ ཆོ་མེད་ཀྱི་གནས་ཚུལ་འདི་ལྟ་བུ་ནི་བྲིས་མཁན་དང་ཀློག་མཁན་ཚང་མའི་དུས་ཚོད་ཁྲོ་བླག་རེད། གལ་སྲིད་བོད་པའི་ལོ་གསར་འདི་བཞིན་རྒྱ་མི་རིགས་གྱི་རྐྱེན་པས་འཕོ་བསྒྱུར་བཏང་བ་ཡིན་ན་དེ་ནི་བོད་རང་ཉིད་ཀྱི་རང་རེའི་ལུགས་སྲོལ་དང་རིགས་གཞུང་རྣམས་ཁྲོ་བླག་བཏང་བ་ཁྱད་གང་ཡོད་དམ། དེ་ནི་བྱབ་ཆུང་རང་རེད། ད་འོ་ན་བོད་པ་རྣམས་རྒྱ་མི་རིགས་མཉམ་དུ་གཤིབ་འདོད་མེད་ན་བོད་མི་རྣམས་ཕྱི་ཕྱོགས་ལ་གནས་སྤོས་བྱེད་དགོས་སམ། ངོས་ཀྱི་བསམ་པར་ ལོ་གསར་ལ་སོགས་པའི་བོད་ཀྱི་སྲོལ་རྒྱུན་གྱི་བྱ་བ་གང་ཞིག་ཡིན་རུང་དེ་རྣམས་ནི་ཕྱི་ཕྱོགས་གི་གནོན་ཤུགས་གང་འདྲ་ཞིག་ཡོད་རུང་དེ་ལ་རོལ་དགོས་པ་ལས་དེ་ལ་གཡོལ་ཐབས་བྱེད་མི་རུང། དེ་མིན་ན་བོད་པའི་ད་ཡོད་ཀྱི་ལུགས་སྲོལ་རྣམས་ཉམས་ཞན་དུ་འགྲོ་སྲིད། ཀློག་པ་པོ་རྣམས་ནས་དཔྱད་པར་བྱ། མ་གཞི་ནས་གོང་ས་མཆོག་ནས་ཀྱང་གསུང་དོན་ལྟར་ རྒྱ་མི་དམངས་རྣམས་ནི་ང་ཚོའི་དགྲ་བོ་མ་རེད་གསུང་གི་ཡོད་པ་ཁྱེད་ནས་བརྗེད་སོང་ངམ།

    Reply
  21. ཇོ་རུ་ཚེ་རིང་། says:
    ལོ་ 14 སྔོན།

    ཡག་པོ་འདུག རྒྱབ་སྐྱོར་ཞུ་གི་ཡིན། སྤྱིར་དུས་ཚེས་དང་ལོ་སར་གྱི་ངོས་ནས་དགེ་སྐྱོན་བགར་རྒྱུ་ཡོད་པ་མ་རེད། བོད་ཆོལ་ཁ་གསུམ་ལ་གཅིག་གྱུར་གྱི་ལོ་སར་དུས་ཚེས་ཤིག་སྒྲིག་དགོས་མིན་དེ། མི་རིགས་རང་གི་ད་ལྟའི་གནས་བབས་དང་མ་འོངས་པའི་ཕུགས་ཀྱི་དགེ་ཕན་ལ་བལྟས་ནས་ཐག་གཅོད་དགོས་པ་རེད། དེང་སྐབས་རྒྱ་ནག་གིས་རིག་གནས་དང་། ལོ་རྒྱུས། ཆབ་སྲིད། ཐ་ན་སྤྲ་མིའི་རུས་གདུང་གྱི་མཆེད་ཁུངས་སོགས་ཕྱོགས་གང་ཐད་ན་བོད་ལ་སིམ་འཛུལ་དང་། མ་འོངས་པར་ལོ་སྟོང་ཕྲག་འདས་རྗེས། ས་སྒང་འདིར་བོད་ཅེས་ངོས་འཛིན་ཞུ་ས་ཞིག་མེད་པ་བཟོ་བར་ཕུགས་རིང་པོས་ཐབས་ཇུས་སྣ་ཚོགས་འཐེན་བཞིན་ཡོད། དེར་བརྟེན་རྒྱ་ནག་གཅིག་གྱུར་དུ་ཡོད་པའི་གོམས་མཐའ་དག་མེད་དགོས་པའི་རྒྱུ་མཚན་མིན་མོད། རྒྱ་ནག་ཐ་དད་དུ་ཡོད་པའི་རང་གི་རིགས་གཞུང་གོམས་དག་ལ་ལྷག་པར་དུ་གཅེས་འཛིན་བྱ་རྒྱུ་དེ་འོས་ཤིང་འཚམ་པ་ཞིག་རེད།

    Reply
  22. མངའ་རིས་བུ། says:
    ལོ་ 14 སྔོན།

    ཆོལ་ཁ་གསུམ་གཅིག་བསྒྱུར་བྱེད་པ་ལ་ལོ་གསར་གཅིག་གཏོང་དགོས་པར་མ་མཐོང་དེ་ནི་སྔར་ནས་ལུགས་སྲོལ་དུ་ཆགས་པ་ལས་རྒྱ་མི་ཡིས་ཆེད་མངགས་བཟོས་པ་གང་ཡང་མ་རེད།
    དེ་ལྟར་ན་ཆོལ་ཁ་གསུམ་གྱི་སྐད་དང་ཆ་ལུགས་སྒོམ་གཤིས་ཚང་མ་ཐམས་ཅད་གཅིག་བསྒྱུར་བཟོ་དགོས་པ་རེད་དམ།
    དེ་འདྲ་ནམ་ཡང་ཡོང་མདོག་མ་རེད།
    དེ་འདྲའི་བསྐོས་བྱེད་མཁན་ཞིག་ནམ་ཡང་མི་སྲིད།

    Reply
  23. ཨ་གཙང་གནས་རྒྱམ། says:
    ལོ་ 14 སྔོན།

    གཞིས་བཞུགས་མི་བུ་སྙིང་སྟོབས་ཅན་རྣམས་ལ་བསྔགས་རྗོད་ཀྱི་མེ་ཏོག་གཏོར། འདི་དག་གིས་རང་མི་རིགས་ཀྱི་སྔ་རྗེས་ལ་བསམ་བློ་གསར་བའི་གོམ་སྟབས་བསྐྱེད་ཚུལ་ལ་ལྟོས་དང་སྤོབས་པ་མི་སྐྱེ་བ་སུ་ཞིག་ཡོད།

    Reply
  24. འདྲེ་རིག་ལྡན། says:
    ལོ་ 14 སྔོན།

    སྤྱིར་ན་ཡག་པོ་རེད་ཟེར་དགོས་རྒྱུ་རེད། ཡིན་ན་ཡང་། ལོ་སར་བརྩི་སྲོལ་འདི་རྒྱ་ལ་བལྟས་ནས་བྱུང་བ་ཞིག་ཡིན་དང་། ཡང་ན་བོད་ས་གནས་རང་གི་གནམ་དུས་ཀྱི་འགྱུར་བ་དང་དཔྱིད་ཉི་དྲོ་བའི་དུས་འགྱུར་སོགས་ལ་གཞིགས་ནས་ཟླ་ལྷག་འདོན་ལུགས་འདི་ལག་ལེན་བྱས་མིན་ཐད་ལ་ཡང་བསམ་བློ་གཏོང་དགོས་པ་རེད།

    ལུགས་གསར་རྙིང་གི་ལོ་ཐོ་བརྩི་སྲོལ་གཉིས་ཀ་རྒྱའི་རྩིས་ལུགས་གཞི་ལ་བཞག་ཡོད་པ་དེ་ཡང་ཤེས་དགོས་པ་རེད།
    ཀོང་པོ་བ་ཚོས་ཀྱང་ལོ་སར་དུས་སྐབས་འདིར་གསར་གྱིན་ཡོད། རྒྱུ་མཚན་ནི་དཔྱིད་འགོ་ཚེས་ནས་དྲོད་བབ་དུས་ཞིང་ལས་རྨོ་འདེབས་ཀྱི་ལས་ཀ་འགོ་འཛུགས་དགོས་པས་རེད། དབུས་གཙང་ཡུལ་གྱི་ས་བབ་དམའ་ཤོས་དང་ཞིང་ལས་དར་ཤོས་དེ་ཀོང་པོ་དང་ལྷོ་ཁ་སོགས་རེད། དེ་གཅིག་རེད།
    དེ་ནས། ལོ་སར་འདིར་རྒྱའི་ལོ་སར་ཟེར་བ་དེ་མཐོང་རྒྱུ་ཆུང་དྲགས་པའི་སྐྱོན་རེད། དེ་རྒྱ་གཅིག་པུའི་ལོ་སར་ཞིག་མ་རེད། ཨེ་ཤི་ཡ་གླིང་ཕལ་ཆེ་བའི་ལོ་སར་གཏོང་དུས་འདི་རེད།
    ལོ་ཐོ་བརྩི་ལུགས་ཀྱི་ཁྱད་པར་ཙམ་ལ་བརྟེན་ནས་བོད་ཆོལ་ཁ་གསུམ་མཐུན་སྒྲིལ་ཡོང་གི་མ་རེད་བསམ་མཁན་ཡོད་ན་བསམ་བློའི་ཀུ་དོགས་དྲགས་པའི་སྐྱོན་རེད། དཀྱེལ་ཡངས་ཀྱི་བསམ་བློ་དང་རིག་གཞུང་སྣ་འདུས་ཀྱི་ཁོར་ཡུག་ནས་འཚར་ལོངས་མ་བྱུང་བའི་རང་རྟགས་རེད།
    མི་ཁ་ཤས་ཀྱིས་ཨ་མདོའི་ལོ་སར་ཟེར་ན་རྒྱའི་ལོ་སར་རེད། རྒྱའི་རྗེས་སུ་འབྲངས་ཀྱིན་ཡོད་རེད་ཟེར་ནས་མི་འདོད་རྣམ་འགྱུར་ཤུགས་ཆེན་སྟོན་གྱིན་འདུག སྲིད་དབང་སྒེར་གཅོད་དང་། བསམ་བློའི་སྒེར་གཅོད་ཀྱི་ཀླ་ཀློའི་གཤིས་ཀ་དེར་འགྱུར་བ་མེད་སོང་ན་མཐུན་སྒྲིལ་ཟེར་བ་དེ་ཡོང་གི་མ་རེད།
    མཛའ་མཐུན་མཉམ་གནས་ཟེར་བ་དེར་ཕན་ཚུན་བརྩི་འཇོག་བྱེད་རྒྱུ་གཞི་རྩའི་མཐུན་རྐྱེན་རེད།

    སེམས་ཤུགས་ཡོད་པ་ཙམ་གྱིས་དོན་དག་འགྲུབ་ཀི་མ་རེད། གཙོ་བོ་ཐབས་ལ་མཁས་དགོས་པ་རེད། དེ་ཙམ་ཡིན།

    Reply
  25. ལྷོ་ཕྱོགས་ཉི་ཟླ། says:
    ལོ་ 14 སྔོན།

    བྱེས་སྡོད་བོད་མི་རྣམས་ཀྱི་སྙིང་སྟོབས་ལ་བསྔགས་བརྗོད་ལ་རྗེས་སུ་ཡི་རང་ཞུ་བཞིན་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese