མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྟག་སྨིག་ཡང་བསྐྱར་འཇུས་འདུག

བོད་ཀྱི་དུས་བབ།
༢༠༡༡/༠༢/༠༤
Share on FacebookShare on TwitterShare on EmailShare on Whatsapp

 

ངྷ་སར་གནས་བཞུགས་སྐལ་བཟང་དམ་ཆོས་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་བྱས་དོན་ལྟར་ན། བཙོན་གྲོལ་ཐོབ་སྟེ་ཟླ་གཉིས་ལས་ཕྱིན་མེད་པའི་རྩོམ་པ་པོ་སྒྱིས་ཚང་སྟག་སྨིག་གམ། སྐལ་བཟང་ཚུལ་ཁྲིམས་ལགས་ ༢༠༡༠ ཟླ་ ༡༢ ཚེས་ ༡༦ ཉིན་ཀན་ལྷོ་ཁུལ་ཉེན་རྟོག་ལས་ཁོངས་ཀྱིས་འདྲི་རྩད་ཅིག་ལ་ཁ་གཡར་ཏེ་ཡང་བསྐྱར་བཀག་འགོག་བྱས་ཡོད་འདུག ད་བར་ཟླ་གཅིག་དང་ཉིན་ཉི་ཤུ་ལྷག་ཕྱིན་ཡོད་ཀྱང་ཁོང་ཕྱིར་བཏང་མེད་པ་མ་ཟད། ད་ལྟའི་ཆར་གནས་སྟངས་གང་འདྲ་ཆགས་ཡོད་མེད་ཀྱང་ཤེས་རྟོགས་ཐུབ་མི་འདུག

 

ཉེ་འཆར་ལུགས་རྙིང་ལོ་གསར་བསླེབ་ལ་ཉེ་སྐབས། ཁོང་གི་ནང་མི་ཚོས་ལོ་གསར་གྱི་ཟས་སྐལ་འཐུང་སྐལ་རེ་ཁྱེར་ཏེ། གཙོས་བཀག་བསྐྱིལ་ཁང་དུ་ཁོང་ལ་ཐུག་ཏུ་ཕྱིན་སྐབས། བར་ཐག་རིང་ས་ནས་ཁ་པར་བརྒྱུད་དུས་ཡུན་ཐུང་ངུའི་རིང་ཁ་བརྡ་བྱེད་བཅུག་ཡོད་ཀྱང་། ཐེངས་འདིར་ཁོང་ལ་ཉེས་འཛུགས་ག་རེ་བྱས་ཡོད་པ་དང་། དུས་ཡུན་ཅི་ཙམ་རིང་འགོག་རྒྱུ་ཡིན་མིན་ཤེས་མི་འདུག་ལ། བཀག་བསྐྱིལ་ཁང་དེའི་འབྲེལ་ཡོད་ལས་བྱེད་ལ་འདྲི་སྐབས། སྒྱིས་ཚང་སྟག་སྨིག་གིས་ཉེན་རྟོག་པའི་དྲི་བར་ལན་འདེབས་གསལ་བོ་བྱེད་ཀྱི་མི་འདུག་པས། ཁོང་ཕྱིར་ཁྱིམ་ལ་བཏང་མེད་སྐོར་བརྗོད་འདུག

 

སྒྱིས་ཚང་སྟིག་སྨིག་ལགས་དེ་སྔ་ ༢༠༡༠ ཟླ་ ༧ ཚེས་ ༢༧ ཉིན་གྱི་དགོང་མོ་སི་ཁྲོན་མཛོད་དགེ་རྫོང་ཐོག་ཏུ་རྫོང་ཉེན་རྟོག་པ་དང་ཀན་ལྷོ་ཁུལ་ཉེན་རྟོག་པ་གཉིས་ཟུང་འབྲེལ་ཐོག་འཛིན་བཟུང་བྱས་ཡོད་པ་མ་ཟད། སྐབས་དེར་ཁོང་གི་ལག་ནས་རྒྱ་སྒོར་ཉིས་ཁྲི་ལྔ་སྟོང་ལྷག་དང་། དཔེ་དེབ། འོད་སྡེར་མང་བོ་ཞིག་བཅས་བཙན་འཕྲོག་བྱས་ཏེ། ཀན་ལྷོ་གཙོས་གྲོང་ཁྱེར་སྤྱི་བདེ་ལས་ཁུངས་སུ་ཁྲིད་ཡོད།

 

གཙོས་བཀག་བསྐྱིལ་ལས་ཁུངས་ནས་ཟླ་གཉིས་དང་ཕྱེད་རིང་། བསམ་ཡུལ་ལས་འདས་པའི་མནར་གཅོད་སྣ་ཚོགས་བཏང་མཐར། ཁོ་ལ་ཆུ་ཚོད་ཉེར་བཞིའི་རིང་ཁོའི་ཁ་པར་སྒོ་རྒྱག་མི་ཆོག་པ་དང་། དུས་ནམ་ཞིག་ལ་ཉེན་རྟོག་ལས་ཁུངས་སུ་སྐད་བཏང་ན་དུས་ཐོག་ལ་འབྱོར་དགོས་པ་སོགས་ཀྱི་བཀའ་རྒྱའི་འོག་ཀློད་གྲོལ་བཏང་ཡོད། སྐབས་དེ་ནས་ད་ལྟའི་བར་སྒྲིག་ཁྲིམས་དེ་དག་བརྩི་སྲུང་བྱས་ཡོད་ཀྱང་། ཐེངས་འདིར་རྒྱུ་མཚན་གང་ཡང་འགྲེལ་བརྗོད་མེད་པའི་ཐོག་ནས་བསྐྱར་དུ་བཀག་བསྐྱིལ་བྱས་འདུག

 

རྒྱ་གཞུང་གིས་སྒྱིས་ཚང་སྟག་སྨིག་ལགས་ཐེངས་སྔོན་མར་འཛིན་བཟུང་བྱས་སྐབས། ཁོང་གིས་བརྩམས་པའི་༼ མི་ཡུལ་དུ་ཕུལ་བའི་སེམས་པ༽ཞེས་པའི་དཔེ་དེབ་དང་། ཡི་གེ་འབྲི་ཀློག་མི་ཤེས་མཁན་ཚོར་དམིགས་ཏེ། བོད་ནང་གི་དངོས་ཡོད་གནས་སྟངས་ངག་ཐོག་ནས་བརྗོད་ཡོད་པའི་གློག་བརྙན་འོད་སྡེར་༼ བོད་ལ་རང་དབང་མེད་པའི་སྐོར་གྱི་སྙན་ཞུ༽ཞེས་པ་གཉིས་འགྲེམས་སྤེལ་བྱས་པ་རྒྱལ་ཁབ་ཀྱི་ཆབ་སྲིད་དང་འགལ་ཡོད་པ་མ་ཟད། ཕྱི་ཕྱོགས་ཁ་བྲལ་བ་དང་ངན་འབྲེལ་གྱིས་རྒྱལ་ཁབ་མགོ་རྟིང་སློག་པའི་བྱ་ངན་བརྩམས་ཡོད་སྐོར་གྱི་ཉེས་འཛུགས་བྱས་ཡོད།  

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

ཆུ་ཚོད་ ༡ སྔོན་ལ།
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

ཆུ་ཚོད་ ༢ སྔོན་ལ།
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

མཆན། 6

  1. ལྷ་མོ་དོན་གྲུབ། says:
    ལོ་ 15 སྔོན།

    དམར་པོ་ཏང་ནི་ཁྲག་ལ་དགའ། ཏང་གི་དརམ་དམར་ཁྲག་གིས་གྲུབ།
    རྟ་ནག་སྒྲོག་གིས་བཅིངས་ན་ཡང། སྟག་ནག་སྒྲོག་གིས་ཇི་ལྟར་འདུལ།
    དགོངས་དག འོག་གི་མཆན་འདི་འགོད་ས་ནོར་འདུག ཨ མཆོད་ལགས་ཀྱིས་ང་ལ་ལྡོག་ཕྱོགས་གསུང་གི་འདུག་ག

    Reply
  2. ཨ་མཆོད་འཇམ་དཔལ། says:
    ལོ་ 15 སྔོན།

    ལྷ་མོ་དོན་འགྲུབ་ཟེར་བ་འདིས་ཧ་ཅང་གནད་ཆེན་ཤེས་ཡོད་མདོག་མ་བྱེད།
    འདི་ཙམ་ཞིག་ཤེས་དཀའ་བ་ཞིག་ཡང་མིན། གཞིས་བཞུགས་མི་མང་གི་བོད་གངས་ཅན་གྱི་ལས་དབང་ལ་བསམ་ནས་ལས་འགུལ་དེ་འདྲ་ཞིག་བརྩམས་པ་ན་ཁྱོད་ཀྱིས་རྒྱབ་སྐྱོར་མེད་རུང་འཁུན་སྒྲ་འབྱིན་གི་མ་འདུག ཧོར་གྱི་ཡིན་རུང་སོག་གི་ཡིན། རྒྱ་དང་མཉམ་དུ་མེད་པ་དང་། རང་ལ་ལོགས་སུ་ཡོད་པ་དེ་གནད་འགག་རེད།
    བདེན་དོན་ཐམས་ཅད་བདེན་པ་ཡིན་ཞེས་འུར་འདོན་བྱེད་པ་ཙམ་ལ་བདེན་པ་སྨྲ་བའི་མཚན་སྙན་མི་འབྱོར། རྫུན་ནི་དུད་འགྲོས་ཀྱང་བཤད་མི་ཤེས།

    Reply
  3. ལྷ་མོ་དོན་གྲུབ། says:
    ལོ་ 15 སྔོན།

    སྐྱིད་སྡུག་མཉམ་མྱོང་བྱ་དགོས་ཟེར། སྐྱིད་ཀྱི་ལོ་སར་སོ་སོ་ཟེར། མི་རིགས་རིག་གཞུང་གཅིག་གྱུར་ཟེར། དུས་ཆེན་ལོ་སར་མི་གཅིག་ཟེར། རྒྱ་ལོའི་ལོ་སར་ཟེར་བ་འདི། དོན་ལ་ཧོར་གྱི་ལོ་སར་ཡིན། སྲིད་ཀྱི་འགྱུར་འགྲོས་མ་གོ་བར། སྲིད་མིན་ཐག་གཅོད་བྱེད་པ་མཚང།
    ལོ་ནམ་སར་ཁྱད་པར་མི་ཆེ་ཡང། སྐྱིད་སྡུག་གི་ངོ་བོ་མཚོན་གལ་ཆེ།
    སྲོལ་སར་བ་སར་བ་མ་ཕྱེས་ན། ལམ་སར་བ་སར་བ་གང་ནས་རྙེད།
    ཁྱིམ་ཆེ་རུ་ཆ་རུ་མ་བཏང་ན། བོད་ཆོལ་གསུམ་ཁྱིམ་གཅིག་ག་ལ་ཤོང།དོན་འདི་ལ་གནད་འགག་མི་ཆེ་ན། རྒྱ་དམར་པོས་འགོག་སྡོམ་ཅི་ལ་བྱེད།

    Reply
  4. སྨར་ཀླུང་དཔའ་ལ། says:
    ལོ་ 15 སྔོན།

    མི་རིགས་ཀྱི་ལ་ཞེན་ཆེན་པོ་རུམ་དུ་སྦས་ནས་མངོན་འདོད་ཀྱི་དུང་བ་ཕྱི་རུ་བཏོན་པའི་སྙན་ཞུ་དེས། མངོན་སུམ་གྱི་བདེན་དོན་ལ་དོག་པར་འཆའ་ཞིང་ཉེས་མེད་ལ་ཀྱོག་བཤད་ཀྱིས་རྫུན་མགོ་བསྐོར་ནས་མི་ཚེ་འདིར་མུན་ནག་དང་སྨུག་སྤྲིན་དུ་བཅུག་པ་ཟ་འདྲེ་དམར་པོ་ཚོས་ད་དུང་ཡང་བསྐྱར་གང་བརྗོད་ཀྱི་ཡོད་དམ། རྒྱལ་ཞེན་དང་ལ་རྒྱ་མི་རིགས་ལ་དུང་བ་ཆེ་བའི་བརྩམ་པ་པོ་ཁོང་ལ་གདུང་སེམས་མཉམ་བསྐྱེད་བྱེད་ཀྱི་ཡོད། མྱུར་དུ་བདེན་མཐའ་གསལ་བའི་སྨོན་འདུན་ཞུ། བདེན་པ་རྒྱལ་ལོ།

    Reply
  5. གནམ་ལྕགས། says:
    ལོ་ 15 སྔོན།

    ད་ཡིན་ན་སྟག་སྨིག་འདི་ལ་ཁྲིམས་ཆད་ལྕི་ཐག་ཆོད་ཅིག་གཅོད་ངེས་པ་འདྲ། མི་འདི་དངོས་གནས་ལྷག་བསམ་དང་སེམས་ཤུགས་ཀྱིས་འདང་ཡོད་པ་ཞིག་ཡིན་པ་ཡོད། ད་གང་དྲག

    Reply
  6. གངས་ལྷ་མེ་ཏོག says:
    ལོ་ 15 སྔོན།

    ཨ་ཁ་ཁ་ད་དུང་ཁྱོད་ལས་དབང་ཅི་ཞིག་གི་མི་ཡུལ་གྱི་དམྱལ་ཡུལ་དུ་མྱོང་དགོས་པ་ཡིན་ནམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese