མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཀརྨ་བླ་བྲང་གི་གསལ་བཤད།

བོད་ཀྱི་དུས་བབ།
༢༠༡༡/༠༢/༠༦
Share on FacebookShare on TwitterShare on EmailShare on Whatsapp

 

ཉེ་ལམ་ལྡི་ལི་ནས་ངྷ་སར་ཡོང་མཁན་རླངས་འཁོར་ཞིག་ལས་ཧིན་སྒོར་མང་པོ་ཞིག་ཐོན་པར་རྐྱེན་བྱས་ཏེ། རྒྱ་གར་ཉེན་རྟོག་པས་བརྒྱུད་སྟོད་ཀརྨ་བླ་བྲང་སྔོག་བཤེར་བྱས་ཏེ་རྒྱལ་ཁབ་འདྲ་མིན་གྱི་དངུལ་ཕོན་ཆེན་ཞིག་ཐོན་ཡོད་པ་དེར་རྒྱ་གར་གསར་ལམ་ཁག་ཏུ་ཁུངས་མེད་ཀྱི་དཀྲོག་གཏམ་སྣ་ཚོགས་ཤིག་ཐོན་པའི་ཐད། རེས་གཟའ་མིག་དམར་ཉིན་ཀརྨ་བླ་བྲང་གིས་དོན་གནད་གསུམ་གྱི་ཐད་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་འདུག

 

དང་པོ། བླ་བྲང་སྔོག་བཤར་སྐབས་རྒྱ་གར་གྱི་ཧིན་སྒོར་འབོར་ཆེན་ཐོན་ཡོད་པའི་ཐད་གསལ་བཤད་གནང་དོན། བླ་བྲང་སྔོག་བཤེར་སྐབས་ཧིན་སྒོར་འབུམ་ ༥༠༠ ཐོན་པ་རྣམས་ནི། འཛམ་གླིང་ས་ཕྱོགས་གང་སར་ཡོད་པའི་རྒྱལ་བ་ཀརྨ་པ་མཆོག་ལ་དད་གུས་བྱེད་མཁན་ཚོས་ཀརྨ་པའི་ཐེབས་རྩའི་སྤྱི་ཚོགས་བདེ་དོན་དང༌། ཆོས་ཕྱོགས་ཀྱི་བྱེད་སྒོ་དང་འབྲེལ་བའི་ལས་གཞི་རིགས་ལག་བསྟར་ཡོང་ཆེད་ཕུལ་བ་ཤ་སྟག་རེད། བླ་བྲང་གིས་ཕྱི་ལོ་ ༢༠༠༢ ལོར་འབུལ་བ་ཕུལ་བའི་དངུལ་དེ་དག་རྒྱ་གར་གཞུང་གི་ཕྱི་དངུལ་སྟངས་འཛིན་ཁྲིམས་ལུགས་ཀྱི་སྒྲིག་གཞི་དང་མཐུན་པའི་ཆོག་མཆན་ཞུས་ཀྱང་བཀའ་འཁྲོལ་མ་ཐོབ་སྟབས། དངུལ་སྒོར་དེ་དག་གི་ཁ་གྲངས་ཐོ་འགོད་ཐོག་ད་བར་དགོན་པར་དོ་ནན་ཐོག་ཉར་ཚགས་བྱེད་བཞིན་ཡོད་པའི་དཔང་རྟགས་གསལ་པོ་ཡོད་ཅིང༌། ད་ཆར་ང་ཚོས་དཔང་རྟགས་ཁ་གསལ་དེ་དག་རྒྱ་གར་གྱི་འབྲེལ་ཡོད་ལས་ཁུངས་ཁག་ལ་འབུལ་རྒྱུའི་ལས་གཞི་རྩོམ་བཞིན་ཡོད། ཅེས་བཀོད་འདུག

 

གཉིས་པ། བླ་བྲང་ནས་རྒྱ་སྒོར་ཁག་ཅིག་ཐོན་ཡོད་པའི་ཐད་གསལ་བཤད་གནང་དོན། རྒྱ་ནག་གི་དངུལ་དེ་དག་བོད་དང་རྒྱ་ནག་སྐམ་སའི་ནང་རྒྱལ་བ་ཀརྨ་པ་མཆོག་ལ་དད་གུས་ཞུ་མཁན་གྱི་ནང་པ་ཧ་ཅང་མང་པོ་ཡོད་པས་ཁོང་ཚོས་བླ་མར་ཕུལ་བ་རྣམས་རྒྱ་ནག་གི་དངུལ་(Yuan)འབུལ་བཞིན་ཡོད། སྐབས་འདིར་རྒྱལ་ཁབ་ ༢༠ ཙམ་གྱི་དངུལ་ཐོན་ཡོད་པ་ལས། རྒྱ་ནག་གི་དངུལ་གྱིས་བརྒྱ་ཆ་ ༡༠ ཙམ་ལས་ཟིན་མེད་པ་མ་ཟད། རྒྱ་དངུལ་ཐོན་པ་དེ་དག་ནང་རྒྱ་སྒོར་གཅིག་ཅན་དང་གཉིས་ཅན་བཅས་རིགས་སྣ་ཚོགས་དང་གྲངས་འདྲ་མིན་ཡོད་པ་དེས་མི་སྣ་འདྲ་མིན་གྱིས་ཕུལ་བ་ར་སྤྲོད་གསལ་པོ་བྱས་ཡོད། ཅེས་འཁོད་འདུག

 

གསུམ་པ། ཁྲིམས་མཐུན་མིན་པའི་ས་ཆ་ཉོ་ཚོང་བྱས་སྐོར་གྱི་རྙོག་གླེང་ཐད་གསལ་བཤད་གནང་དོན། ཁྲིམས་མཐུན་མིན་པའི་ས་ཆ་ཉོ་ཚོང་བྱེད་པའི་སྙོན་འཛུགས་བྱས་པ་དེའི་ཐོག་གསལ་བཤད་ཞུས་ན། རྒྱལ་བ་ཀརྨ་པ་མཆོག་ཕྱི་ལོ་ ༢༠༠༠ ལོ་ནས་རྡ་སར་གནས་སྐབས་ཀྱི་གཟིམ་ཆུང་ནང་བཞུགས་ཡོད། དེར་བརྟེན་(Karmae Garchen)ཐེབས་རྩས་ཕྱི་ལོ་ ༢༠༠༧ ནས་རྒྱལ་བ་ཀརྨ་པ་མཆོག་ལ་དགོན་པ་དང་གཟིམ་ཆུང་གསར་པ་ཞིག་བཞེང་རྒྱུར་འབད་བརྩོན་བྱེད་མུས་ཡིན། ཕྱི་ལོ་ ༢༠༡༠ ལོར་ཐེབས་རྩས་ས་ཆ་རན་པོ་ཞིག་ངོས་འཛིན་ཐོག་ངྷ་སར་རྟེན་གཞི་བྱས་པའི་རྫོང་དཔོན་ལས་ཁུངས་སུ་(District Collector)སྙན་ཞུ་ཕུལ་ཏེ་ས་ཆ་ཉོ་ཆོག་པའི་ཆོག་མཆན་ཞུས་ཡོད་པ་མ་ཟད། ཆོག་མཆན་ཞུས་པའི་སྙན་ཞུ་དེ་དང་ལྷན་དུ་བཙན་བྱོལ་བོད་གཞུང་གི་རྒྱབ་གཉེར་ཡིག་ཆ་ཞིག་ཀྱང་ཕུལ་བའི་གྲུབ་འབྲས་སུ་ཧི་མཱ་ཅལ་མངའ་གཞུང་གི་གྲོང་ཚོ་དང་གྲོང་གསེབ་འཆར་འགོད་ལས་ཁུངས་ཀྱིས་ས་ཆ་ཉོ་རྒྱུར་དགག་བྱ་མེད་པའི་ལག་ཁྱེར་(essentiality certificate)ཟེར་བ་ཞིག་དང་(no-objection certificate)ཟེར་བ་གཉིས་གནང་ཡོད། དེ་ལྟར་འབྲེལ་ཡོད་ལས་ཁུངས་ཀྱིས་ལག་ཁྱེར་དེ་འདྲ་གནང་བ་དེས་ས་ཆ་ཉོ་ཆོག་པ་གསལ་པོ་ཆགས་པ་རེད། ཅེས་སོགས་བཀོད་འདུག

 

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་གིས་ “བོད་ཞི་བའི་བཅིངས་འགྲོལ་” ཞེས་པའི་ལོ་ངོ་ ༧༥ འཁོར་བའི་དུས་དྲན་ལ་དགག་ལན་དང་ཐ་སྙད་དབྱེ་ཞིབ།

༢༠༢༦/༠༥/༢༣
བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་རྩོམ་པ་པོ་ཆུང་ཚེ་རིང་ལགས་དང་། བསོད་ནམས་རྡོ་རྗེ་ལགས་རྣམ་གཉིས་ཀྱིས་བརྩམས་པའི་བོད་མི་དམངས་འཆིང་བྱེད་ཀྱི་ལྕགས་སྒྲོག་ཅེས་པའི་དཔེ་དེབ་དབུ་འབྱེད་གནང་བཞིན་པ། ༢༠༢༦།༠༥།༢༢ བོད་ཀྱི་དཔེ་མཛོད་ཁང་གི་པར།
Mobile App

བོད་མི་དམངས་འཆིང་བྱེད་ཀྱི་ལྕགས་སྒྲོག་ཅེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་།

༢༠༢༦/༠༥/༢༢
བཙན་བྱོལ་བོད་མིའི་ལས་ཤུགས་གོང་འཕེལ་ཐབས་བྱུས་ལྷན་ཚོགས་ཐེངས་དང་པོ་འཚོགས། ༢༠༢༦།༥།༢༡བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བཙན་བྱོལ་བོད་མིའི་ལས་ཤུགས་གོང་འཕེལ་ཐབས་བྱུས་ལྷན་ཚོགས་ཐེངས་དང་པོ་འཚོགས།

༢༠༢༦/༠༥/༢༢
Mobile App

བོད་ནང་རྒྱ་ནག་གཞུང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ལ་བོད་མི་སྒེར་གཅིག་གི་ངོས་ནས་གདོང་ལེན་ཇི་ལྟར་བྱེད་དགོས་སམ།

༢༠༢༦/༠༥/༢༢
བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་སྤེལ་ཚོགས་ཆེན་གྱི་ཚོགས་ཞུགས་པ། ༢༠༢༦།༥།༢༠ ནོར་ཝེ་རླུང་འཕྲིན་ཁང་གི་པར།
Mobile App

༧གོང་ས་མཆོག་ནས་བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་དུ་སྤེལ་བར་བླ་ན་མེད་པའི་གོ་སྐབས་བསྐྲུན་གནང་ཡོད།

༢༠༢༦/༠༥/༢༡
1 Chinese President Xi Jinping and Democratic People's Republic of Korea (DPRK) leader Kim Jong Un shake hands at the Great Hall of the People in Beijing, China September 4, 2025. China Daily via REUTERS
Mobile App

རྒྱ་ནག་གི་མགོ་འཁྲིད་ཞི་ཅིན་ཕིན་བྱང་ཀོ་རི་ཡར་འགྲོ་འཆར་ཡོད་འདུག

༢༠༢༦/༠༥/༢༡

མཆན། 8

  1. ཁམས་སྨྱུག་གསར་པ། says:
    ལོ་ 15 སྔོན།

    མྱུར་དུ་བདེན་མཐའ་གསལ་བ་སྨོན

    Reply
  2. ཤག་སྒང་པ། says:
    ལོ་ 15 སྔོན།

    འདི་ལྟར་ནདེན་དཔང་གསལ་བཤད་ཡོད་ན་སྔ་མོ་ནས་གནང་མ་ཐུབ་པ་དེ་ནི་ལྐུགས་རྟགས་ཆེ་ཤོས་དེ་རེད། སྤྱིར་བདེན་པར་རྒྱལ་ཁ་ལོས་ཐོབ།

    Reply
  3. མངའ་རིས་བུ། says:
    ལོ་ 15 སྔོན།

    ཀརྨ་བླ་བྲང་ནས་འདི་ལྟར་གསལ་བཤད་གནང་བར་ཐུགས་རྗེ་ཆེ།
    བུ་ཆུང་ཅུང་བློ་བདེ་བག་ཕེབས་ཤིག་བྱུང།
    འོན་ཀྱང་འདི་འདྲའི་གསལ་བསྒྲགས་རྣམས་རྒྱ་གར་གྱི་གསར་ཤོག་ཁག་དང་ལྷག་པར་དུ་ཧིན་དྷིའི་སྐད་ཡིག་ཏུ་ཡོད་པའི་ཧི་མ་ཅལ་གྱིས་གསར་འགྱུར་ཁག་རྣམས་སུ་དྲིལ་བསྒྲགས་གནང་རྒྱུ་ཤིན་ཏུ་ནས་གལ་ཆེ་གསར་ཤོག་དེ་དག་ཏུ་ཀརྨ་པ་ཙམ་དུ་མ་ཟད་བོད་དང་བོད་རིགས་ཡོང་ལ་དོ་ཕོག་འགྲོ་གཞིའི་སྐད་ཆ་མང་པོ་ཞིག་བཤད་ཡོང་གི་འདུག
    དབྱིན་སྐད་དུ་ཡོད་པའི་གསར་སོག་ཁག་རྣམས་སུ་དེ་ཙམ་ཤོད་ཀྱི་མི་འདུག
    ཁྱེད་ལས་ཀྱི་སྣེ་མོ་བ་རྣམས་ཀྱི་རིན་པོ་ཆེའི་སྐུ་གསུང་ཐུགས་ལ་འགལ་རྐྱེན་མི་འབྱུང་བ་དང་རྟག་ཏུ་མི་གཞན་ལ་གུས་ཞབས་བརྩིགས་མཐོང་དང་ལས་ཀ་རྣམས་དུས་ཐོག་དང་ཁྲིམས་དང་མི་འགལ་བར་གནང་རྒྱུ་ནི་ཤིན་ཏུ་ནས་གལ་ཆེ་བར་བརྩི་རྒྱུའི་འབོད་སྐུལ་དང།
    དངུལ་གྱི་དཀའ་ངལ་ནམ་ཡང་འབྱུང་མདོག་མ་རེད།
    དེས་ན་དངུལ་ག་ཚད་ཕྱིན་པ་ཡིན་ནའང་སྐྱོན་པ་མེད་པས་དེས་ན་དངུལ་ལ་མ་ལྟོས་པར་ཁཨརིམས་དང་མཐུ་པར་གནང་རོགས།

    Reply
  4. Tibetan girl says:
    ལོ་ 15 སྔོན།

    ཀརྨ་པའང་དཀའ་ཚེགས་ཆེ་བའི་ལོ་རྒྱུས་འདི་ལྟ་བུས་ཚོད་བགམ་ཐེབས་མ་མྱོང་བའི་ལྷ་སྲས་ཤིག་མ་རེད། མ་གཞི་ནས་ཀརྨ་པ་སྐུ་ཕྲེང་རིམ་པའང་འདི་ལྟ་བུའི་ལོ་རྒྱུས་ལས་གྲགས་ཅན་གྱི་བླ་སྤྲུལ་དུ་ཆགས་པ་ཞིག་རེད། བོད་པ་ཚོའི་སེམས་ནང་དུ། ཀརྨ་པ་ནམ་ཡང་འཛུམ་མདངས་མི་གཏོང་བའི་དཔའ་བོ་ཞིག་ཡིན།

    Reply
  5. གངས་རྒོད says:
    ལོ་ 15 སྔོན།

    གསལ་བཤད་གནང་བ་ཡག་པོ་རེད།།།།།།།་ཡིནའང་སྔོན་ལ་སྒྲོ་བཏགས་ཀྱི་གསར་འགྱུར་བྲིས་པ་པོར་བླ་བྲང་ནས་བདེན་དཔང་ཡོད་པའི་ཡིག་ཆའི་ངོ་བཤུས་བཏང་སྟེ་གསལ་བཤད་བྱས་སྟེ་ནོར་བཅོས་ཚགས་དཔར་ནང་དགོས་སུ་འཇུག་དགོས་་་སྔོན་མའི་དཔེ་ལྟར་་་་་་་སྦྲུལ་གྱི་གཅུད་དྲིལ་སྦྲུལ་རང་གི་དཀྲོལ་དུ་འཇུག་དགོས་་་་དེ་འདྲ་མ་བྱས་ཚེ་ཁོང་ཁོ་ངན་པ་ལངས་ཤོར་དུ་འགྲོ་ངེས་ཆེ།།།།།།་་་་་་་ཐུགས་རྗེ་གཟིགས་་་་་ཁྱེད་ཕྱག་མཛོད་ནས་རྣམ་པས་གཟབ་གཟབ་བྱས་ཏེ་རིན་པོ་ཆེར་སྐུ་ངལ་མེད་པའི་ཕྱག་ལས་གནང་རོགས་གནང་་་་་་་་་་་་་་་་་་་་་་་་་་་་་་་་་་་ང་དངོས་གནས་ཕྱག་མཛོད་རྒྱག་པ་ཁྱེད་ཚོར་རྒྱུན་ནས་སྣང་བ་འགྲོ་གི་མིན་འདུག་་་་་་བླ་མ་ལས་ཀྱང་ཁྱེད་རྣམས་སྤོབས་སེམས་ཆེ་བ་འདུག་གའའའའའའའའ།།།།།།།།།།།།སྐྱབས་སུ་འཆི།།།།།།དཔལ་རྒྱལ་བ་ཀརྨ་པས་མཁྱེེེན།།།།།།།།།

    Reply
  6. གངས་སྨྱུག says:
    ལོ་ 15 སྔོན།

    གསལ་བཤད་ཞེ་བོ་བྱས་ཤག ད་ཕལ་ཆེར་རྒྱ་གར་གཞུང་གིས་མགྱོད་བཤགས་འབུལ་འདོག་ཁ་བོ་རེད། མགྱོགས་དང་མྱུར་གྱིས་བགྱོད་བཤད་འབུལ་བའི་སྨོན་འདུན་ཞུ།

    Reply
  7. གངས་ལྷ་མེ་ཏོག says:
    ལོ་ 15 སྔོན།

    བོད་ཀྱི་མགོན་སྐྱབས་དམ་པ་དཔལ་རྒྱལ་བ་ཀརྨ་པ་མཆོག་གི་དམིགས་མདུན་བྱ་བཞག་ཐམས་ཅད་མྱུར་དུ་གེག་མེད་ལྷུན་གྲུབས་ཡུང་བ་དོན་དམ་པ་ལ་སྐྱབས་སུ་མཆིའོ།། །།

    Reply
  8. བདེན་རྒྱལ། says:
    ལོ་ 15 སྔོན།

    ལ་སོ་བཀའ་དྲིན་ཆེ། ཡིད་ཆེས་བརྒྱ་ཆ་བརྒྱ་ཡོད། ད་དུང་མུ་མཐུད་ནས་ཕྱག་ལས་བརྟན་པོ་གནང་རོགས་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese