མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

སྐད་གཉིས་སློབ་གསོར་གྲྭ་སྒྲིག

བོད་ཀྱི་དུས་བབ།
༢༠༡༡/༠༢/༠༦
Share on FacebookShare on TwitterShare on EmailShare on Whatsapp

 

ཉེ་ལམ་མཚོ་སྔོན་སློབ་གསོ་སྡེ་ཚན་གྱིས་བོད་ཡིག་ཕལ་བ་དང་རྒྱ་ཡིག་གཙོ་བོར་བཞག་པའི་སྐད་གཉིས་སློབ་གསོའི་ཤེས་ཡོན་སྲིད་བྱུས་ཤིག་གཏན་འབེབས་བྱས་ཡོད་པ་ལྟར། ད་ཆར་མཚོ་སྔོན་ཞིང་ཆེན་སློབ་གསོ་སྡེ་ཚན་གྱིས་སྐད་གཉིས་སློབ་གསོའི་དགེ་རྒན་ཡང་གྲ་སྒྲིག་ཨང་གསར་ཡོད་སྐོར་བསྒྲགས་འདུག

ཉེ་ལམ་མཚོ་སྔོན་ཞིང་ཆེན་སློབ་གསོ་སྡེ་ཚན་གྱིས་གནས་ཚུལ་བསྒྲགས་པ་ལྟར་ན། མཚོ་སྔོན་ཞིང་ཆེན་ནི་གྲངས་ཉུང་མི་རིགས་མང་བའི་ཞིང་ཆེན་ཞིག་ཡིན་ཞིང་། གྲངས་ཉུང་མི་རིགས་ཀྱིས་མཚོ་སྔོན་ཞིང་ཆེན་གྱི་མི་འབོར་བརྒྱ་ཆ་ ༤༥ ། ༣ ཙམ་ཟིན་ཡོད་ལ། གྲངས་ཉུང་མི་རིགས་ཀྱིས་མཚོ་སྔོན་ཞིང་ཆེན་གྱི་ས་ཆའི་བརྒྱ་ཆ་ ༩༦ ཙམ་ཟིན་ཡོད། ཅེས་དང་། དེ་བཞིན་སློབ་གྲྭ་རིམ་པ་ཁག་དང་སྡེ་ཚན་སོ་སོའི་ནང་གྲངས་ཉུང་མི་རིགས་ཀྱི་སློབ་མ་ཁྲི་ ༥༤ ། ༦༤ ཙམ་ཡོད། ཉེ་བའི་ལོ་ ༡༠ རིང་ཞིང་ཆེན་མཐོ་སློབ་ཁག་གིས་དགེ་རྒན་ ༤༠༠༠ ལྷག་ལ་༼ སྐད་གཉིས ༽ སློབ་གསོའི་འོས་སྦྱོང་སྤྲད་དེ། གྲངས་ཉུང་མི་རིགས་ཀྱི་ཤེས་ལྡན་པ་གསོ་སྐྱོང་བྱས་ཏེ། འབྱུང་འགྱུར་སྐད་གཉིས་སློབ་གསོ་ཁྱབ་གདལ་གཏོང་རྒྱུར་གྲྭ་སྒྲིག་ཨང་གསར་ཡོད་སྐོར་བསྒྲགས་འདུག

མཚོ་སྔོན་ཞིང་ཆེན་སློབ་གསོ་སྡེ་ཚན་གྱི་འགན་འཛིན་གཞོན་པ་ཚེ་རིང་ཐར་ལགས་ཀྱིས་ངོ་སྤྲོད་གནང་བ་ལྟར་ན། གཞི་རིམ་གྱིས་སྐད་གཉིས་དགེ་རྒན་ལ་བཏོན་པའི་རེ་འདུན་སྐོང་ཆེད། མཚོ་སྔོན་དགེ་ཐོན་སློབ་ཆེན་དང་མཚོ་སྔོན་མི་རིགས་སློབ་ཆེན་སོགས་ཀྱིས་༼ འབྲོག་ཁུལ་ལ་ཁ་ཕྱོགས་པ་དང་གཞི་རིམ་ལ་ཁ་ཕྱོགས་པ། གྲངས་ཉུང་མི་རིགས་ལ་ཁ་ཕྱོགས་པ༽ བཅས་ཀྱི་བསམ་བློའི་མཛུབ་སྟོན་དང་། མི་རིགས་གཉིས་ཀྱི་སྐད་ཡིག་ལ་བྱང་ཆུབ་པ་དང་། ནུས་པ་སྣ་མང་ཅན། མི་རིགས་སློབ་གྲྭ་ཆུང་འབྲིང་གི་སློབ་གསོ་བྱ་བའི་དགོས་མཁོ་དང་འཚམ་པའི་གསོ་སྐྱོང་དམིགས་འབེན་ལ་གཞིགས་ཏེ། མི་རིགས་ས་ཁུལ་དུ་སྐད་གཉིས་དགེ་རྒན་སྐོར་ཞིག་གསོ་སྐྱོང་བྱས་ཡོད་ཅིང་། དེས་མཚོ་སྔོན་རང་ཁུལ་ལ་མཁོ་བའི་སྐད་གཉིས་དགེ་རྒན་གྱི་རེ་འདུན་བསྐངས་ཡོད་པ་མ་ཟད། ཟི་ཁྲོན་དང་ཀན་སུའུ། ཡུན་ནན་སོགས་ཞིང་ཆེན་གཞན་དག་གི་སྐད་གཉིས་དགེ་རྒན་གྱི་དགོས་མཁོ་ཡང་བསྐང་ཐུབ་ཀྱི་ཡོད། ཅེས་བརྗོད་འདུག

 

མཆན། 2

  1. ལྷ་མོ་དོན་གྲུབ། says:
    ལོ་ 12 སྔོན།

    སྐད་ཡིག་སྣ་མང་གལ་ཆེ་ཡང། མི་རིགས་བསམ་ན་རང་སྐད་གཙོ།
    སྤྱིར་ན་རྒྱལ་སྤྱིའི་སྐད་ཡིག་ཅིག འགྲོ་བ་མི་ལ་ཅིས་ཀྱང་མཁོ།

    Reply
  2. ཤེས་རབ་རྡོ་རྗེ། says:
    ལོ་ 12 སྔོན།

    ལས་དོན་ཅི་ཡིན་རུང་དོན་དམ་པ་ལ་ལེགས་འགྲུབ་ཡུང་བར་སྨོན་མདུན་ཞུ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist