མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གོམ་བགྲོད་མ་བྱེད་རོཊ།

བོད་ཀྱི་དུས་བབ།
༢༠༡༡/༠༢/༠༦
Share on FacebookShare on TwitterShare on EmailShare on Whatsapp

 

རྒྱུད་སྟོད་ཀརྨ་བླ་བྲང་དུ་དངུལ་གྱི་དོན་རྐྱེན་ཞིག་བྱུང་བར་རྒྱ་གར་ཉེན་རྟོག་པས་ཚད་ལས་བརྒལ་བའི་བྱ་སྤྱོད་སྤེལ་བ་དང་། རྒྱ་གར་གསར་ལམ་ཁག་ཏུ་གཞི་མེད་ཉེས་འཛུགས་སྣ་ཚོགས་བྱེད་ཀྱིན་ཡོད་པའི་ཐད། བཞུགས་སྒར་ངྷ་ས་གཙོས་པའི་ལྡི་ལི་རྡོ་རྗེ་གདན། འབྲས་ལྗོངས་བཅས་སུ་བོད་རིགས་གཙོས་པའི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་མང་ཚོས་གདུང་སེམས་མཉམ་སྐྱེད་དང་། གསར་ལམ་ཁག་གི་བསྙོན་འཛུགས་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་གྱིན་ཡོད་པ་དེར། ཕྱི་ཚེས་ ༤ ཉིན་རྒྱ་གར་ཧི་མ་ཅལ་མངའ་སྡེ་བློན་ཆེན་ Prem Kumar Dhumal མཆོག་གིས་གོམ་བགྲོད་ཀྱི་ལས་འགུལ་དེ་རིགས་མཚམས་འཇོག་ཡོང་བའི་འབོད་སྐུལ་ཞུས་འདུག  

མངའ་སྡེ་བློན་ཆེན་གྱིས་གསར་འགོད་པ་ཚོར་བརྗོད་དོན། ཀརྨ་པ་དང་འབྲེལ་བའི་དངུལ་གྱི་དོན་རྐྱེན་ཞིག་བྱུང་བ་དེའི་ཐད་བོད་པ་ཚོས་གོམ་བགྲོད་སོགས་ཀྱི་ལས་འགུལ་སྤེལ་བ་དེ་མཚམས་འཇོག་རོགས། མི་མང་པོས་མུ་མཐུད་གོམ་བགྲོད་སོགས་ཀྱི་ལས་འགུལ་སྤེལ་བ་ཡིན་ན། ཧི་མ་ཅལ་མངའ་སྡེའི་ནང་གི་ཁྲིམས་སྒྲིག་དང་འགལ་བའི་གནས་ཚུལ་འབྱུང་སྲིད་པ་རེད། དབུས་གཞུང་དང་མངའ་སྡེ་གཞུང་གི་འབྲེལ་ཡོད་ལས་ཁུངས་ཁག་གིས་སོ་སོའི་ལས་འགན་ལག་བསྟར་བྱེད་པའི་སྐབས་འདིར། མང་ཚོགས་ཀྱིས་འདི་ལྟར་གོམ་བགྲོད་སོགས་ཀྱི་ལས་འགུལ་སྤེལ་ན་འགྲིག་གི་མ་རེད།  ད་ཆར་བརྟག་དཔྱད་ཞིབ་བཤེར་བྱེད་ཀྱི་ཡོད་པས་མཇུག་འབྲས་ལ་བསྒུག་དགོས་པ་རེད་ཅེས་སོགས་བརྗོད་འདུག

ཚུར་ཕུ་བླ་བྲང་གི་མཁན་པོ་དགའ་དབང་ལགས་ཀྱིས་ཐེངས་འདིའི་དོན་རྐྱེན་ཁྲོད་ཀྱི་དངུལ་འབོར་སྐོར་གསལ་བཤད་གནང་པ་ལྟར་ན། ཐེངས་འདིའི་དོན་རྐྱེན་ཁྲོད་ཐོག་མར་ཧིན་སྒོར་འབུམ་བརྒྱ་ཐོན་པ་དེ་ནི། ཀརྨ་པར་བླ་བྲང་རྒྱག་ཆེད་ས་བདག་ལ་སྤྲད་ཟིན་པའི་དངུལ་རེད། དེ་ཚུར་ཕུ་བླ་བྲང་དང་འབྲེལ་བ་ཡོད་པ་མ་རེད། དེའི་རྗེས་ཉེན་རྟོག་པས་སྔོག་བཤེར་སྐབས་བླ་བྲང་རང་ནས་ཐོན་པ། ཧིན་སྒོར་འབུམ་ ༥༣ ལྷག་དང་། ཨ་སྒོར་འབུམ་ ༦ ལྷག རྒྱ་སྒོར་འབུམ་ ༡༢ ལྷག་བཅས་ཐོན་པ་དངོས་ཡོད་གནས་ཚུལ་རེད། ཅེས་གསལ་བཤད་གནང་འདུག

ཡང་ཁོང་གིས་ཐེངས་འདིའི་དོན་རྐྱེན་བརྒྱུད་དེ། གནད་དོན་གཉིས་ཀྱི་ཐད་རྐྱེན་ངན་གྲོགས་ཤར་ཆགས་རྒྱུ་རེད་བསམ་ཡོད། དང་པོ། ད་བར་དཔལ་རྒྱལ་བ་ཀརྨ་པ་མཆོག་རྒྱ་གར་གཞུང་གི་ལྟ་རྟོག་འོག་ཡོད་པ་དེ། ཐེངས་འདིའི་ཞིབ་བཤེར་བརྒྱུད་དེ་རྒྱལ་བ་ཀརྨ་པ་རྒྱ་གར་གཞུང་ལ་དཀར་པོ་དཀར་རྐྱང་ཆགས་ཡོང་གི་རེད། གཉིས་པ། ཚུར་ཕུ་བླ་བྲང་གི་ལས་བྱེད་དག་གི་ལས་དོན་ཚགས་ཚུད་མེད་པ་དང་། འགྲོ་སྟངས་འདུག་སྟངས་མ་ཤེས་པར་འཐུས་ཤོར་དང་ནོར་འཁྲུལ་བཟོས་ཡོད་པའི་རིགས་མ་འོངས་པར་གཙང་མ་ཞིག་ཆགས་ཡོང་གི་རེད། ཅེས་བརྗོད་འདུག

 

འབྲེལ་ཡོད་གསར་འགྱུར།

Mobile App

༸གོང་ས་སྐུ་ཕྲེང་དྲུག་པའི་གོ་ལའི་ཚོགས་འདུ་ཞེས་པ་འཚོག་གཏན་ཁེལ།

ཆུ་ཚོད་ ༩ སྔོན་ལ།
Mobile App

མགོན་པོ་སྐྱིད་ལགས་ལ་རང་ཁྱིམ་དུ་སྨན་བཅོས་བྱེད་བཞིན་འདུག

༢༠༢༥/༡༡/༠༦
ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་ཡེ་ཤུའི་ལྷ་ཁང་གྲགས་ཅན་ MONTSERRAT ནས་གདན་ཞུས་གནང་ལྟར་ཆོས་ཁང་དུ་ཕེབས་ཏེ་ཆོས་ལུགས་འཆམ་མཐུན་དང་འཛམ་གླིང་ཞི་བདེའི་སྐོར་ལ་བཀའ་མོལ་ལྷུག་པོ་གནང་། ༢༠༢༥།༡༡།༠༤ པར་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་ཀྱི་ངོ་དེབ་ནས་བླངས།
Mobile App

ཀུན་བདེ་གླིང་རྟ་ཚག་རྗེ་སྤྲུལ་རིན་པོ་ཆེ་མཆོག་གིས་ཡུ་རོབ་རྒྱལ་ཁབ་ཁག་ཅིག་ནང་མཛད་འཕྲིན་སྐྱོང་བཞིན་པ།  

༢༠༢༥/༡༡/༠༥
༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་སྐུ་ཚབ་ཞུས་ཏེ་བཀྲ་ཤིས་ལྷུན་པོའི་མཁན་པོ་གཟིག་རྒྱབ་རིན་པོ་ཆེ་མཆོག་གིས་དམངས་གཙོའི་གཟེངས་རྟགས་བཞེས་པ། ༢༠༢༥།༡༡།༤ དྲ་ལམ་གྱི་པར།
Mobile App

འདི་ལོའི་དམངས་གཙོའི་གཟེངས་རྟགས་༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་སོགས་ལ་ཕུལ།

༢༠༢༥/༡༡/༠༥
Aftab Pureval accepts congratulations following his reelection as Mayor of Cincinnati. Photo by Xiaojie Zavon
Mobile App

བོད་རིགས་ཀརྨ་ལགས་སླར་ཡང་ཨ་རིའི་སིན་སིན་ན་ཊི་གྲོང་ཁྱེར་སྤྱི་ཁྱབ་པར་བདམས་ཐོན་བྱུང་།

༢༠༢༥/༡༡/༠༥
Photo Credit: Global Peace Prayer Festival
Mobile App

འབྲུག་གི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་དངོས་སུ་དབུ་འཛུགས་གནང་།

༢༠༢༥/༡༡/༠༤

མཆན། 16

  1. ཀརྨ་རྣམ་རྒྱལ། says:
    ལོ་ 15 སྔོན།

    ལྷ་ཐོག་སད་བུ་ལགས་ཐུགས་རྗེ་ཆེ། ཁྱོད་དང་ང་གཉིས་བར་ལ་བརྩོད་གཞི་གང་ཡང་མེད། ཐུགས་བློ་བདེ་པོ་གནང་རོགས།

    Reply
  2. ལྷ་ཐོག་སད་བུ། says:
    ལོ་ 15 སྔོན།

    ཡ་བརྩེ་བའི་བོད་རིགས་སྤུན་གྲོགས་ཀརྨ་རྣམ་རྒྱལ་ལགས།།ངས་ཀརྨ་རྡོ་རྗེ་ཞེས་འབྲི་ནོར་ཤོར་ཀྱང་ཁྱེད་རང་གིས་གནོང་རང་ལེན་གྱིས་ལེན་འདེབས་གནང་བར་ཐུགས་རྗེ་བླ་མེད་ཆེ།།ངས་ཁྱེད་ཉིད་ཀྱི་གསུང་ལ་རྟེན་ནས་ཁྱེད་ཉིད་ཀྱི་ཀུན་སློང་དཔོག་པ་ལས་།།ནང་ཁུལ་གྱི་ནད་རོ་ནི་མ་བསླངས་།།༧དཔལརྒྱལདབང་ཀརྨ་པ་ལ་བོད་རིགས་ཡོངས་ཀྱིས་གདུང་སེམས་གཉམ་བསྐྱེད་གནང་དུས་།།བྱ་བརྒྱའི་ཁ་ཤར་ལ་གྱུ་དུས་ཕ་ཝང་རྨོག་ཀེས་ཁ་ནུབ་ལ་བསྐོར་བའི་དཔེ་ལྟར་ནི་མ་བྱས་།།ཀརྨ་བླ་བྲང་གི་གནས་ཚུལ་ཚབ་ཆེ་ན་ཆེ།།ངས་ག་རེ་གནོང་རང་ལེན་བྱས་འདུག་གསུང་དང།།ངས་ཁྱེད་རང་བོད་རིགས་ཤིག་ཡིན་པའི་ཆ་ནས་སྤུན་ཟླར་བརྩིས་ཏེ་གུས་བཀུར་དང་བཅས་ཉན་ཆོག།འོན་ཀྱང་འཕྲལ་ཕུགས་གང་ལའང་མི་ཕན་པའི་ཚིག་རྩུབ་ནི་མི་གསུང་བར་ཞུ་ཞུ་ཞུ།།

    Reply
  3. སྨར་ཀླུང་དཔའ་ལ། says:
    ལོ་ 15 སྔོན།

    འདི་ལྟར་དྲྭ་གྲོགས་ཚོ་བཤད་རེས་མི་བྱེད་པར་ཀླུ་སྨྱོན་ཧེ་རུ་ཀ་ཞེས་པའི་དཔྱད་རྩོམ་ནང་ཅུང་ཙམ་གཟིགས་ཁར་ཕེབས་དང་ཁྱེད་རྣས་ལ་ངེས་ཤེས་དང་གོ་བ་རྣལ་མ་ཞིག་སྐྱེ་ངེས། སྤྱིར་བོད་པའི་མི་རིགས་འདི་ཕྱོགས་གཅིག་ནས་བལྟས་ན་བླུན་པོ་རང་མཐོང་ཅན་མི་རིགས་ཀྱི་གདུག་རྩུབ་ཅན་གཉང་འཕྲང་ཛ་དྲག་ཅན་ལ་ག་འདྲ་ཞིག་ལ་ཐུགས་ན་ཡང་ཇི་མི་སྙོམས་པ་མ་ཚད་ཧཧཧ་ཧོཧོཧོ་གི་སྐད་ཆ་སུ་ཡིས་བལྟས་ན་ཡང་མི་སྙན་པ་དང་མི་མཛའ་བ། བོད་ཆོལ་ཁ་གསུམ་གྱི་དབུ་ཡི་མཆོད་གནས་ཉི་ཟླ་སྐར་གསུམ་ཞེས་དེང་གི་ཁ་རྒྱུན་དུ་དར་བའི་སངས་རྒྱས་དངོས་ལྟ་བུའི་སྐྱེས་ཆེན་འདི་ལྟ་བུ་ལ་ཅིག་ཅིག་མ་མ་ཞེས་ངན་སྐྱུར་དང་ངན་ཁག་གི་ཚིག་དམོད་དང་སློབ་གསོ་བཏང་ཁུལ་སོགས་ལ་བློ་གཟུ་བོར་གནས་པའི་མི་ཞིག་གི་ངོས་ནས་ཀྱང་(བོད་ཀྱི་ཁ་དཔེ་ལ། ཁྱི་ཕིག་ཕིག་གི་ཆུ་འབོག་ན། རང་གི་སྣ་མགོ་ལ་མཐོ་འཇལ་དགོས།)ཞེས་པ་བཞིན་དང་པོ་རང་ལ་གང་ཅིའི་ཐད་དེ་ལྟར་བཤད་རིན་ཆོག་པའི་ཆོས་སྲིད་གཉིས་ཐད་ནས་ནུས་འཇོན་གང་ཙམ་ཡོད་པའི་འཁོར་ཡུག་ལ་བྱ་ར་ཙམ་ཡང་མི་བྱེད་པར་(ཕྱོག་སྔའི་ནམ་མ་ལང་གང་། དགག་པའི་ཉི་མ་ཤར་བ་འདི་དག་ནི་ཆེས་མི་འོས་པ་དང་བྱེད་མི་ཉན་པ་ཞིག་དངོས་སུ་ཡིན་པར་སེམས། སྔོན་གྱི་ལོ་རྒྱུས་ལ་གཞིག་དང་ངའི་ཆོས་ལུགས་དང་གྲུབ་མཐའ། ངའི་ཆོལ་ཁ་དང་ཕ་ཡུལ། ངའི་ཕ་ཚོ་དང་རུ་ཚོ། ངའི་བསྐོར་པ་དང་ཕྱོགས་གཏོགས། ངའི་གྲོང་ཚོ་དང་ས་མཚམས་ཞེས་པ་གླད་རྙིང་འཁྲེགས་པོ་དེ་ཚོས་དུས་ད་ལྟའི་བར་དུ་ཕུང་འདུག་གམ་གསོ་འདུག ལེགས་པར་གཟིགས་དང་། དེར་བརྟེན་ངེད་ཚོ་གསར་སྐྱེས་སྨྱུག་ཐོག་པ་དག་གི་ལས་འགན་ནི་རང་ལ་ནུས་ཤུག་ཞིག་ཡོད་ན་མི་རིགས་འདི་ལ་ཕན་པའི་དོན་ཆེན་ཞིག་སྒྲུབ་དགོས་པ་ལས་དེ་ལ་གནོན་ཤུག་བྱ་ངན་སོགས་ཀྱི་གནབ་སེམས་གཏན་ནས་བསགས་མི་རུང། ངེད་ཚོ་བོད་མི་རིགས་འདི་མཐུན་དགོས་ཀྱི་རྩོད་མི་དགོས། ངེད་ཚོ་བོད་མི་རིགས་འདི་རྡོག་རྩ་གཅིག་དྲིལ་དགོས་ཀྱི་གཏོར་གཤིག་མི་དགོས། ངེད་ཚོ་བོད་མི་རིགས་འདི་དར་དགོས་ཀྱི་རྒུད་མི་དགོས། ངེད་ཚོ་བོད་མི་རིགས་འདི་གཅིག་བཤད་གཅིག་གི་ཉན་དགོས་ཀྱི་འཁྲུགས་རྩོད་མི་དགོས། གཅིག་ཡིད་གཅིག་ལ་ཆེས་དགོས་ཀྱི་མགོ་བསྐོར་བསླུ་བྲིད་གཏན་ནས་བྱེད་མི་རུང་། ངེད་ཚོ་བོད་མི་འདི་འཛམ་གླིང་ཞི་བའི་སྣེ་ཁྲིད་ཞིག་དགོས་ཀྱི་སྒྱིད་མ་ལུག།། སྤུན་ཟླ་ཚོ་ཐུགས་བསམ་ནང་ནས་བཞེས་རོག སྙིང་ནས་འབོད་བསྐུལ་ཞུ་གི་ཡོད།།།།།།།།།།།།།།་་་་་་་་་་

    Reply
  4. ཀརྨ་རྣམ་རྒྱལ། says:
    ལོ་ 15 སྔོན།

    ལྷ་ཐོག་སད་བུ་ལགས། ༼ཁྱོད་ཀྱི་རིགས་བཟང་ཞེས་པ་འདི་དང་ཀརྨ་རྡོ་རྗེ་ཞེས་པ་འདི་གཉིས་ལ་གཞན་གྱི་སྐྱག་པ་ཟ་བའི་རྒྱ་གར་གི་གསར་འགོད་པ་དེ་དག་གི་རྒྱབ་ཤེད་དང་འདྲ་བར་༧ཀརྨ་པ་ལ་སྡང་ཟུག་ཆེ་བས།ད་རིས་ཀྱི་དོན་རྐྱེན་དེས་དགའ་བ་དང་།དེས་༧ཀརྨ་པ་ལ་མི་གནོད་པའི་སེམས་ཁྲལ་གཉིས་ཀ་ཆེ་རབ་བསླངས་ཡོད་པར་འདུག་ཏེ།རང་གི་ཁོག་པ་དོག་མོ་དུས་བབ་དྲ་བ་དོ་དམ་པས་ཞིབ་གཤེར་བཏང་སྙོམ་དུ་སོང་བའི་ཡིག་རིས་དེ་དག་གིས་དམར་རྗེན་དུ་འཕངས་འདུག་པས་སོ་༽སོགས་ནི། རང་གནང་རང་གི་ངོས་ལེན་པ་ཞིག་མ་ཡིན་ནམ། ད་ལམ་ཀརྨ་པ་བླ་རང་དང་འབྲེལ་བའི་གནས་ཚུལ་ནི་ཆུང་ཆུང་མ་ཡིན་པ་འཛམ་གླིང་གང་སར་གསར་འགྱུར་བསྒྲགས་བཞིན་པ་མ་ཟད། རྒྱ་གར་རྒྱལ་ཁབ་ཀྱི་ཕྱི་སྲིད་དང་ནང་སྲིད་བློན་ཆེན་སོགས་ཧི་མ་ཅལ་མངའ་སྡེ་བློན་ཆེན་གཙོས་མཐོ་རིམས་མི་སྣ་མང་པོ་དངོས་སུ་འདི་ཐད་ཐེགས་ཇུས་བྱེད་བཞིན་པ་མཐོང་གསལ་ལ། མ་གཞི་རང་རིགས་བོད་པ་རྣམས་རང་གནང་རང་གི་བཀོད། གཞན་སྐྱོན་འདོགས་རྒྱ་དགའ་བོ་རེད། ད་ཕྱིན་རང་སྐྱོན་རང་གི་ངོ་ལེན་བྱེད་ནས་འཛམ་གླིང་ཡར་མཐོན་གྱི་རྗེས་སུ་འབྲོང་ནས་ཆོས་དང་འཇིག་རྟེན་གཉིས་ཀའི་སྤྱོད་བཟང་དང་མི་འགལ་བ་བྱེད་རྒྱུ་གལ་ཆེ།

    Reply
  5. ལྷ་ཐོག་སད་བུ། says:
    ལོ་ 15 སྔོན།

    རིགས་བཟང་ཞེས་པ་འདི་དང་ཀརྨ་རྡོ་རྗེ་ཞེས་པ་འདི་གཉིས་ལ་གཞན་གྱི་སྐྱག་པ་ཟ་བའི་རྒྱ་གར་གི་གསར་འགོད་པ་དེ་དག་གི་རྒྱབ་ཤེད་དང་འདྲ་བར་༧ཀརྨ་པ་ལ་སྡང་ཟུག་ཆེ་བས།ད་རིས་ཀྱི་དོན་རྐྱེན་དེས་དགའ་བ་དང་།དེས་༧ཀརྨ་པ་ལ་མི་གནོད་པའི་སེམས་ཁྲལ་གཉིས་ཀ་ཆེ་རབ་བསླངས་ཡོད་པར་འདུག་ཏེ།རང་གི་ཁོག་པ་དོག་མོ་དུས་བབ་དྲ་བ་དོ་དམ་པས་ཞིབ་གཤེར་བཏང་སྙོམ་དུ་སོང་བའི་ཡིག་རིས་དེ་དག་གིས་དམར་རྗེན་དུ་འཕངས་འདུག་པས་སོ།།

    Reply
  6. ཁམས་སྨྱུག་གསར་པ། says:
    ལོ་ 15 སྔོན།

    བཀྲ་ཤིས་བདེ་ལེགས

    Reply
  7. Ngawang Norbu says:
    ལོ་ 15 སྔོན།

    ༄༅།།སྐབས་འདིར་ང་ཚོ་ཚང་མས་༧རྒྱལ་བ་ཀརྨ་པ་མཆོག་ལ་གདུང་སེམས་མཉམ་བསྐྱེད་དང་རྒྱབ་སྐྱོར་ཆེད་རང་རང་གི་ས་གནས་སུ་མང་ཚོགས་འདུ་འཛོམས་ཀྱིས་རྒྱལ་མཚན་རྩེ་མོའི་བཟུང་། ཁ་མཆུ་ནག་པོའི་བཟུང་དང་། དེ་མིན་གསང་གསོལ་རླུང་རྟ་སོགས་གང་མང་བྱེད་གལ་ཆེ་བ་མཐོང་། དེ་མིན་མར་མེ་ཁྲོམ་བསྐོར་དང་ངོ་རྒོལ་སྐད་འབོད་སོགས་ཀྱི་ལས་འགུལ་བརྩམས་ཡུལ་ཁྲིམས་དང་ཡུལ་མི་རྣམས་དང་འགལ་ཟླ་ཆགས་སྲིད་པས་ས་གནས་གཞུང་གི་ཉེན་རྟོགས་པ་དང་དེ་བཞིན་དབུས་གཞུང་ནས་གནང་དགོས་སོགས་གང་ཅིར་འགོག་རྐྱེན་མི་བཟོ་བར་མཐིལ་ཕྱིན་གནང་ན་མཐའ་མ་བདེན་པ་ང་ཚོར་ཡོད་པས་བདེན་མཐའ་གཙང་མ་ཐོན་དང་ཐོན། དེས་ན་༧དཔལ་རྒྱལ་བ་ཀརྨ་པ་མཆོག་ལ་མི་དགའ་བའི་མི་ངན་རེ་བཟུང་གིས་ངན་བྱུས་རྣམས་ཕམས་ཤིང་ཁ་ནང་ལ་འཛུབ་མོ་རྒྱུས་ཏེ་བསྡོད་དགོས་ཆགས་རྒྱུ་ཉག་ཅིག་རེད། དེ་སོང་ཙང་ད་རེས་ཀྱིས་དོན་རྐྱེན་འདི་ནི་རྐྱེན་ངན་གྲོགས་ཤར་ངོ་མ་རེད། ཐུགས་རྗེ་ཆེ། བདེན་པ་རྒྱལ་ལོ། ༧རྒྱལ་བ་ཀརྨ་པ་རྒྱལ་ལོ། བོད་རྒྱལ་ལོ། །

    Reply
  8. ཀརྨ་རྣམ་རྒྱལ། says:
    ལོ་ 15 སྔོན།

    རྒྱུད་སྟོད་ཀརྨ་བླ་བྲང་དང་རྣམས་པ་ལྷན་རྒྱས་ལ་ཞུ་རྒྱུ། གནས་ཚུལ་ཚང་མ་མི་འབོར་བསྡུ་རུབ་ཀྱི་ཐགས་ཆོད་གི་མ་རེད། ད་རེས་རྒྱུད་སྟོད་ཀརྨ་བླ་བྲང་དང་འབྲེལ་བའི་གནས་ཚུལ་འདི་རྒྱ་གར་རྒྱལ་ཁབ་ཀྱི་ཁྲིམས་དང་འགལ་བའི་གནས་ཚུལ་སོང་ཙམ། རྒྱལ་ཁབ་ཀྱི་རྩ་ཁྲིམས་ལ་བརྩི་བསྲུང་བྱེད་རྒྱུ་གལ་ཆེ། ཡང་ན་རྒྱལ་ཁྲིམས་དང་མ་འགལ་པའི་དཔང་པོ་ཡོད་ན་ཐབས་ཤེས་གནང་རེན་སོང་།
    རྒྱུད་སྟོད་ཀརྨ་བླ་བྲང་གི་མཁན་པོ་དགའ་དབང་ནས་གསལ་བཤད། ད་ལམ་ཀརྨ་བླ་བྲང་གི་བོད་སྤྱིའི་ཞབས་འདྲེན་ཞུས་པ་ལ་ངོ་ལེན་རྣམ་པར་ཙམ་ཡང་མེད་པ། དཔའ་ངམ་བལྟའུ་གནད་དོན་གཉིས་ཀྱི་ཐད་རྐྱེན་ངན་གྲོགས་ཤར་ཆགས་རྒྱུ་རེད་བསམ་ཡོད་ཞེས་པའི་སྟོང་བསམ་ལ་ལྟོས་དང། སྔོན་འཞིན་རྒྱུ་ནོར་ཡོད་ན་ག་རེ་བྱས་ན་འགྲིག་གི་རེད་བསམ་པའི་སྤོབས་པ་དེ་ད་དུང་ཞུམ་མི་འདུག གཞི་བྱས་བོད་མི་ཡོངས་ལ་དགོངས་སེལ་དང་མ་འོངས་དེ་བཞིན་མི་ཡོང་བའི་མཁས་ལེན་བྱས་ན་ལེན་པོ་མི་འདུག་གམ།

    Reply
  9. འབྲོང་བུ་སོག་ཚ། says:
    ལོ་ 15 སྔོན།

    ༧རྒྱལ་བ་ཀརྨ་པ་ལ་མ་འོངས་པའི་འདུན་ལམ་ཡོད་མེད་སུས་ཀྱང་བཤད་མི་ཐུབ་ལ། གལ་ཏེ་གང་ཟག་ཆེ་གེ་མོ་ཞིག་གིས་རྨོང་འཆར་དེ་ལྟ་བུ་ཞིག་འདོན་ནའང་དེ་བཞིན་འགྱུར་བའི་རེ་དྭོག་གཉིས་ཀའི་སྟོང་པ་ལས་མ་འདས་ལོ།

    Reply
  10. འབྲོང་བུ་སོག་ཚ། says:
    ལོ་ 15 སྔོན།

    གོང་གསལ་གནད་དོན་རྣམས་ལ་ངོས་ལེན་རྩ་བ་ནས་མེད། གང་ལགས་ཤེས་ན། གསར་འགོད་པའི་ཚོང་དོན་ལ་བསམ་ནས་གསལ་བསྒྲགས་བྱས་པ་ལས། དངོས་ཡོད་ལ་གཞིག་ནས་གསལ་བསྒྲགས་མ་ཡིན་པས་སོ།

    Reply
  11. སྨར་ཀླུང་དཔའ་ལ། says:
    ལོ་ 15 སྔོན།

    dhumaཞེས་པའི་མངའ་སྡེའི་བློན་འདི་ཞེ་གཏིང་ནས་བོད་པ་སྐྱབས་བཅོལ་བ་དང་ཧི་མ་ལ་ཡིའི་ནང་ཆོས་ཀྱི་རྒྱུད་འཛིན་པ་ཡོངས་ལ་མི་དགའ་བའི་རྣམ་འགྱུར་དམར་རྗེན་དུ་སྟོན་པ་མ་ཚད་མངའ་སྡེའི་བློན་ཆེན་གཞན་དང་མ་འདྲ་བའི་གཏམ་བཤད་ཀྱང་ཛ་དྲག་ཅན་མང་པོར་སྤེལ་གི་འདུག་པས་གུས་པའི་བསམ་ཚུལ་ལ། དང་པོ་ནས་རྙོག་གྲ་མ་བྱུང་བའི་ཐབས་ལ་འབད་དགོས་པ་ནི་ཤིན་ཏུ་གལ་ཆེ་ན་ཡང་། དེ་ལྟར་མ་བྱུང་ནས་དོན་རྐྱེན་འདིས་༸རྒྱལ་དབང་རིན་པོ་ཆེ་ལ་ཕོག་ཐུག་ཚབ་ཆེན་ཤོར་ཚར་བ་རེད། ད་དུང་ཁོ་རང་གི་ཁ་ལ་མ་ཉན་ནས་མི་མང་གི་འུར་ལོང་མང་པོ་ཞིག་བྱེད་ཆེ་ན་༸རྒྱལ་དབང་རིན་པོ་ཆེའི་མཛད་ཕྲིན་ལ་གནད་དོན་གཉིས་པོ་དེ་ལམ་ལྷོང་འགྲུབ་རྒྱུ་དང་ལྟ་ཞོག་གང་ལ་ཡང་ཕེབས་འབྱོན་མི་ཆོག་པ་སིདྡྷི་རིན་པོ་ཆེ་ལྟ་བུ་ཞིག་འབྱུང་བའི་ཉེན་ཤིན་ཏུ་ཆེ་བས། བླ་བྲང་རང་ནས་མི་མང་ལ་འབོད་སྐུལ་དེ་ད་དུང་ཡང་བསྐྱར་ཁྱབ་བསྒྲགས་ཤིག་བྱེད་དགོས་པར་གནད་ཆེ་སྙམས།

    Reply
  12. འབྲོང་བུ་སོག་ཚ། says:
    ལོ་ 15 སྔོན།

    མངའ་སྡེའི་བློན་ཆེན་ནས་ཐོག་མར་༧རྒྱལ་བ་ཀརྨ་པའི་བླ་བྲང་ལ་གནས་ཚུལ་དེ་བྱུང་འཕྲལ། གཟུགས་མཐོང་རླུང་ཕྲིན་བརྒྱུད་ལམ་སེང་རྒྱ་ནག་གི་དངུལ་དོན་པ་དེ་ཧ་ཅང་གི་ཚབས་ཆེན་ཡིན་པ་དང་། དགོས་གལ་བྱུང་ཚེ་ཕྱིར་ཐོན་གྱི་སྒོ་ཡང་བཏོན་རྒྱུ་ཡིན་པའི་ཉེན་བརྡ་ཞིག་གནང་སོང་བར། ལམ་སེང་ང་ཚོ་འབྲས་ལྗོངས་རྒྱ་གར་མི་སེར་རྣམས་ཀྱི་ངོས་ནས་དེ་ལ་ངོས་ལེན་མེད་པ་དང་། ༧རྒྱལ་བ་ཀརྨ་པ་མཆོག་ཧི་མ་ཅལ་ལ་བཞུགས་མ་ཆོག་ནའང་འདི་ག་འབྲས་ལྗོངས་སུ་ཕེབས་ན་རང་ཁྱིམ་དུ་སླེབ་པ་ཡིན་པའི་སྐོར་གྱི་སྐད་འབོད་དང་། རྒྱ་གར་གཞུང་ལ་ཡང་དེ་བཞིན་མུ་མཐུད་འབོད་བསྐུལ་ཞུས་ཡོད། ཡང་དེ་རིང་ཧི་མ་ཅལ་མངའ་སྡེའི་བློན་ཆེན་ནས་བོད་མིས་གཙོས་༧རྒྱལ་བ་ཀརྨ་པ་ལ་རྒྱབ་སྐྱོར་ཞུ་མཁན་ཡོད་དོ་ཅོག་ལ་སྐད་འབོད་རིགས་མི་ཡོང་འབོད་བསྐུལ་གནང་འདུག་པ་འདི་ཐོག་མར་བརྙན་འཕྲིན་བརྒྱུད་དེ་ལྟར་གནང་ན་ཆོག་པ་ལས་ད་ཆ་ཅུང་ཕྱི་དྲག་པའི་རྣམ་པ་ཞིག་རང་བཞིན་གྱི་ཡོང་གི་འདུག་ལ། མ་ཚད་བོད་མི་ཚོའི་སྟེང་ཞིབ་བཤེར་བྱ་རྒྱུའི་རྡིག་བསྐུལ་བྱས་པ་དེའང་། རྒྱ་གར་རང་ཉིད་ཀྱི་ཆབ་སྲིད་ལ་ཞིབ་པར་དཔྱོད་དགོས་པ་ལས། བོད་མི་དེ་རྣམས་འགྲོ་ས་མེད་པ་དེ་འདྲ་ཨ་ཡིན་ན།

    Reply
  13. རིགས་བཟང་། says:
    ལོ་ 15 སྔོན།

    ཧ་ཧཧཧཧཧ་
    རྒྱ་མི་ཚང་ལྟ་བུ་ཞིག་གིས་བདག་སྐྱོང་མ་བྱས་ན་གཞན་པས་བྱེད་མི་ཐུབ་ཡ།
    ད་དུང་མཁྲེགས་པ་ལ།
    ཧཧཧཧཧཧ

    Reply
  14. སྤགས་ཤར། says:
    ལོ་ 15 སྔོན།

    རྒྱལ་གཅེས་དྲ་གྲོགས་ཚོ་གཟིགས་དང། ཐེངས་འདིའི་དཔལ་རྒྱལ་བ་ཀརྨ་པའི་བླ་བྲང་དུ་ཐོན་པའི་དངུལ་གྱི་གནས་ཚུལ་དེ་ལ་ང་ཚོ་དད་ལྡན་བོད་མི་ཚང་མས་བློ་ཚབ་བྱས་པ་ནི་ནོར་མེད་གནད་དོན་དེས་རྒྱལ་བ་ཀརྨ་པ་ལ་མཚན་སྨྲས་བཞུས་པ་ཙམ་མ་ཡིན་པར་ང་ཚོ་བོད་པའི་ཚོགས་སྡེ་མི་ཆེན་ཚང་མར་རྒྱ་གར་གཞུང་གི་དམ་དྲག་བྱེད་དགོས་པའི་གནད་དོན་ཞིག་ཏུ་གྱུར་ཡོད། ཡིནའང་ཁོང་གི་ཞབས་རྗེ་མཁན་པོ་དགའ་དབང་གིས་བོད་མི་རྣམས་ལ་དགོངས་སེལ་དང་མ་འོངས་དེ་དོན་མི་ཡོང་རྒྱུའི་སྐོར་མ་བཤད་པར་སྤྱོད་ངན་ངོམས་སུས་ཐེངས་འདིའི་དོན་རྐྱེན་བརྒྱུད་དེ། གནད་དོན་གཉིས་ཀྱི་ཐད་རྐྱེན་ངན་གྲོགས་ཤར་ཆགས་རྒྱུ་རེད་བསམ་ཡོད་ཞེས་པའི་སྟོང་བསམ་ལ་ལྟོས་དང། ཐེངས་འདིའི་དོན་རྐྱེན་བརྒྱུད་དེ། གནད་དོན་གཉིས་ཀྱི་ཐད་རྐྱེན་ངན་གྲོགས་ཤར་ཆགས་རྒྱུ་ཕར་བཞགས་དེ་ལས་ལྡོག་ཏེ་མ་འོངས་པར་བོད་པའི་ཚོགས་སྡེ་དང་བླ་ཆེན་ཚོང་ཆེན་ཁག་ལ་དོ་དམ་ནན་ཏུ་རྒྱུ་ནི་བརྗོད་མི་དགོས།

    Reply
  15. ལྷ་མོ་དོན་གྲུབ། says:
    ལོ་ 15 སྔོན།

    རང་དབང་དམངས་གཙོ་ལྡན་གྱུར་ན། ངོ་རྒོལ་ཅི་ཡང་བྱེད་པ་མཚང།
    མངའ་སྡེའི་བློན་ཆེན་གསུང་བཤད་འདི། གཟིར་གནས་ལེགས་པར་བཤད་པ་ཉིད།

    Reply
  16. ཀརྨ་རྣམ་རྒྱལ། says:
    ལོ་ 15 སྔོན།

    རྒྱ་གར་ཧི་མ་ཅལ་མངའ་སྡེ་བློན་ཆེན་མཆོག་གི་བཀའ་ལ་གཟབ་དགོས་། རང་རིགས་བོད་ཀྱི་མ་འོངས་པའི་རྩ་དོན་གལ་ཆེན་པོ་རེད་། རྒྱལ་གར་གཞུངས་གི་སྒྲིག་ཁྲིམས་ལ་མི་མང་གམ་བགྲོད་བྱེས་ནས་འགྱུར་བ་བཏང་ཐུབ་གི་མ་རེད་། མཁན་པོ་དགའ་དབང་ལགས་ཀྱི་གསུང་འཕྲིན་བསྙེན་པོ་འདུག དེ་བཞིན་ཡོངས་བའི་སྨོན་ལམ་ཡོད་། གོ་ཐོས་ཁ་ཤས་ལ་ད་རེས་བརྒྱུད་སྟོད་ཀརྨ་པ་བླ་རང་དང་འདྲེལ་བའི་གནས་ཚུལ་འདིའི་བརྐྱེན་པས། ཨོ་བརྒྱན་འཕྲིན་ལས་རིན་པོ་ཆེ་ལ་རྒྱ་གར་ནང་མའོངས་འདུན་ལམ་མེད་པ་གྱུར་བའི་གནས་ཚུལ་མང་དག་ཞིག་བཤད་གི་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese