མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་སྤྱིའི་གསར་འགོད་པར་བོད་ནང་གི་དཀའ་སྡུག་བརྗོད་པ།

བོད་ཀྱི་དུས་བབ།
༢༠༡༡/༠༢/༠༨
Share on FacebookShare on TwitterShare on EmailShare on Whatsapp

ས་བྱི་ཞི་རྒོལ་ཆེན་མོའི་རྗེས་སུ་རྒྱལ་སྤྱིའི་གསར་འགོད་པ་ཁག་ཅིག་བོད་ནང་ལ་གནས་ཚུལ་རྒྱུས་ལོན་བྱེད་དུ་བསྐྱོད་སྐབས། བོད་ཀྱི་རྒྱལ་ས་ལྷ་སའི་གཙུག་ལག་ཁང་གི་དགེ་འདུན་པ་སྐོར་ཞིག་གིས་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བོད་མི་རིགས་ཀྱི་ཆེད་དུ་བློས་གཏོང་བྱས་ཏེ། གསར་འགོད་པ་དེ་དག་ལ་བོད་ནང་གི་གནས་སྟངས་དངོས་འགྲེལ་བཤད་བརྒྱབ་ཡོད་ཅིང་། གནས་ཚུལ་དེ་འཛམ་གླིང་ལ་ཁྱབ་བསྒྲགས་ཤུགས་ཆེན་སོང་ཡོད། དགེ་འདུན་པ་དེ་དག་ཁྲོད་ཀྱི་བསྟན་འཛིན་ནོར་བུ་ཞུ་བ་ཁོང་ཉེ་ལམ་རྒྱ་གར་ནང་སྐྱབས་བཅོལ་དུ་འབྱོར་ཡོད་སྟབས། ཕྱི་ཚེས་ ༢༦ ཉིན་འདི་གའི་གསར་འགོད་པས་ཁོང་ལ་ཐུག་འཕྲད་བྱས་ཏེ། ས་བྱི་ཞི་རྒོལ་ཆེན་མོའི་གནས་ཚུལ་དང་འབྲེལ་ཏེ། ཉིན་དེར་ཁོང་ཅག་གིས་རྒྱལ་སྤྱིའི་གསར་འགོད་པ་ཚོར་སྐད་ཆ་བཤད་པའི་སྐོར་ལ་བཅར་འདྲི་ཞུས་ཡོད།

 

གྲྭ་བསྟན་འཛིན་ནོར་བུ་ལགས་ཀྱིས་ཐོག་མའི་བྱུང་རིམ་སྐོར་ནས་བརྗོད་དོན། ༢༠༠༨ ལོར་བོད་ས་ཡོངས་སུ་ཞི་བའི་ངོ་རྒོལ་བྱུང་རྗེས། རྒྱ་གཞུང་གིས་ཟླ་བ་ ༥ ལྷག་གི་རིང་ལྷ་སའི་གཙུག་ལག་ཁང་དུ་མཆོད་མཇལ་བ་བཀག་འགོག་བྱས་ཤིང་། ནང་ཁུལ་གྱི་གྲྭ་བ་ཚོ་ཕྱི་རུ་འགྲོ་སྐྱོད་བཀག་སྡོམ་བྱས་སོང་། ཟླ་གསུམ་པའི་ཚེས་ ༢༧ ཉིན་གྱི་ཞོགས་པར་གློ་བུར་དུ་མི་བརྒྱ་ཕྲག་མང་པོ་ཞིག་གཙིག་ལག་ཁང་ལ་མཆོད་མཇལ་དུ་བཏང་བྱུང་། སྐབས་དེར་ནང་ལོགས་ཀྱི་གྲྭ་བ་འགས་རྒྱལ་སྤྱིའི་གསར་འགོད་པ་ཡོང་གི་ཡོད་པ་ཤེས་ཡོད་སྟབས། བརྡ་ལན་གང་ཡང་མེད་པའི་ཐོག་ནས་མཆོད་མཇལ་བ་གཙུག་ལག་ཁང་ཏུ་བཏང་བ་དེ་ནི་གཡོ་སྒྱུ་ཞིག་བཀོལ་བཞིན་ཡོད་པ་ཤེས་ཏེ། ང་ཚོ་གྲྭ་བ་ཁག་ཅིག་གིས་གྲོས་བསྡུར་བྱས་ཏེ། རྒྱ་སྐད་ཤེས་མཁན་ཚོས་གསར་འགོད་པ་ཚོར་གནས་ཚུལ་བཤད་ཐབས་བྱ་རྒྱུ་དང་། གཞན་པ་ཚང་མས་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱ་རྒྱུའི་ཁས་ལེན་བྱས་པ་ཡིན། ཉིན་དེར་སྣེ་ཤན་པ་དང་གྲྭ་བ་ཁག་ཅིག་གིས་རྒྱ་ཕྱོགས་ཀྱི་ངོ་སྤྲོད་མང་པོ་ཞིག་བྱེད་ཀྱི་འདུག སྐབས་དེར་ང་ཚོས་འཚང་ཁ་བརྒྱབ་སྟེ་གསར་འགོད་པ་དག་གི་མདུན་དུ་བརྒྱུགས་པ་ཡིན། ཞེས་དང་།

 

ང་ཚོས་ངུ་ཞོར་བཤད་ཞོར་གྱིས་བོད་ནང་གཏམ་བརྗོད་རང་དབང་དང་ཆོས་ལུགས་དད་མོས་རང་དབང་ཟུར་ཙམ་ཡང་མེད་པ་མ་ཟད། ཞི་བའི་ཡར་ལངས་སྐབས་བོད་པ་བརྒྱ་ཕྲག་མང་པོ་དམར་གསོད་བཏང་སོང་། ནམ་རྒྱུན་རྒྱ་གཞུང་གིས་གུང་ཁྲན་ཏང་མི་དང་གཞུང་གི་ལས་བྱེད་ཚོ་མཆོད་མཇལ་དང་བསང་གཏོང་བ་སོགས་ཆོག་གི་མེད་ལ། ཐ་ན་ལག་ཏུ་ཕྲེང་བ་ཙམ་ཡང་འཛིན་འཇུག་གི་མེད་ཀྱང་། ད་ལྟ་གཙུག་ལག་ཁང་ལ་མཆོད་མཇལ་དུ་འགྲོ་བཞིན་ཡོད་པ་དེ་དག་ཚང་མ་གུང་ཁྲན་ཏང་མི་དང་གཞུང་གི་ལས་བྱེད། དེ་དག་གི་ནང་མི་རྐྱང་རྐྱང་རེད། རྒྱ་གཞུང་གིས་བོད་པ་ཚོས་ཡར་ལངས་བྱས་པ་དེའི་རྒྱབ་ཏུ་ཕྱི་རྒྱལ་གྱི་བོད་མིའི་སྒྲིག་འཛུགས་དང་། ཏཱ་ལའི་བླ་མའི་ངན་སྐུལ་ཡོད་རབས་བཤད་དེ། གསར་ལམ་ཁག་ཏུ་ཁྱབ་བསྒྲགས་ཤུགས་ཆེན་བྱེད་ཀྱི་ཡོད་པ་དེ་དག་བདེན་པ་མ་རེད། བོད་པ་ཚོས་ཡར་ལངས་བྱས་པ་དེ་ནི། རྒྱ་ནག་གིས་བོད་ས་བཙན་བཟུང་བྱས་རྗེས་དངོས་ཤུགས་བརྒྱུད་གསུམ་ནས་བོད་པར་གཉའ་གནོན་དང་བརྙས་བཅོས། དྲག་གནོན་དང་འཇིགས་སྐུལ་ཡུན་རིང་བྱས་པའི་ན་ཟུག་མ་བཟོད་པར་ཐེངས་འདིར་ཕྱིར་བཏོན་པ་རེད། ཁྱེད་ཅག་གསར་འགོད་པ་ཚོ་གཙོས་པའི་འཛམ་གླིང་མི་མང་གིས་བོད་པ་ཚོར་ད་བར་རོགས་སྐྱོར་བྱས་པ་རེད་ལ། ད་དུང་མུ་མཐུད་དུ་བོད་པའི་གནད་དོན་ལ་རྒྱབ་སྐྱོར་ཡོང་བའི་རེ་སྐུལ་ཞུ་བཞིན་ཡོད་ཅེས་བཤད་པ་ཡིན་ཟེར།

 

ཡང་ཁོང་ལ་རྗེས་སུ་ཉེན་རྟོག་པས་འཛིན་བཟུང་སོགས་ཀྱི་གནས་ཚུལ་བྱུང་ཡོད་མེད་དྲིས་པར་ཁོང་གིས། སྐབས་དེར་ང་ཚོ་ཚང་མས་ཐེངས་འདིར་དམར་གསོད་མི་གཏོང་ཡང་། ཚེ་བཙོན་སོགས་ཀྱི་ཁྲིམས་ཐག་ལྕི་མོ་གཅོད་ངེས་ཡིན་པའི་ཚོད་དཔག་བྱས་པ་ཡིན། འོན་ཀྱང་བསམ་ཡུལ་ལས་འདས་པ་ཞིག་ལ། གྲྭ་ནོར་རྒྱལ་དང་བསྟན་འཛིན་གཉིས་འཛིན་བཟུང་གིས་གྲྭ་བཞིའི་བཙོན་ཁང་ནས་ཉིན་ ༡༦ ལྷག་ལ་བཀག་ཉར་བྱས་སོང་བ་མ་གཏོགས། ང་ཚོ་གཞན་རྣམས་འཛིན་བཟུང་སོགས་ཀྱི་གནས་ཚུལ་བྱུང་མ་སོང་མོད། ཕྱིས་སུ་བོད་པའི་ཉེན་རྟོག་པ་ཁ་ཤས་བསླེབས་ཏེ། རྒྱལ་སྤྱིའི་གསར་འགོད་པ་དག་ལ་བཤད་པའི་སྐད་ཆ་དེ་དག་རྫུན་གཏམ་ཡིན་ཟེར་ནས་ཁྱབ་བསྒྲགས་བྱས་ན་ཉེས་པ་མེད་ཟེར། འོན་ཀྱང་ང་ཚོས་གཏན་ནས་ཁས་ལེན་བྱས་མེད་སྟབས། གྲྭ་བ་འདི་དག་གིས་ཆབ་སྲིད་ཤེས་ཀྱི་མི་འདུག་ཟེར་ནས་ཆབ་སྲིད་སློབ་གསོ་མགོ་འཛུགས་བྱས་སོང་། ཉིན་ལྟར་སྤྱི་ཚོགས་རྙིང་པའི་སྐབས་སུ་བོད་པ་བྲན་གཡོག་ལམ་ལུགས་ཡིན་ཚུལ་དང་༸གོང་ས་མཆོག་དང་བཙན་བྱོལ་བོད་གཞུང་རྒྱལ་ཁབ་ཁ་བྲལ་གཏོང་མཁན་གྱི་གཏེ་བོ་ཡིན་སྐོར། ཏང་དང་རྒྱལ་ཁབ་བོད་མི་རིགས་ལ་བཀའ་དྲིན་ཆེན་པོ་ཡིན་ལུགས་སོགས་བཤད་དེ། དགོན་པའི་བྱེད་སྒོ་རྣམ་བཞག་དང་ཆོས་ཕྱོགས་ཀྱི་སློབ་གཉེར་གོ་སྐབས་རྦད་དེ་མེད་པ་བཟོས་སོང་། ཞེས་ཕྱིར་དྲན་ལ་སུན་སྣང་གི་རྣམ་པས་བརྗོད་བྱུང་།

 

ཁོང་གིས་ཐེངས་འདིར་རྒྱ་གར་ལ་ཡོང་དོན་སྐོར་བཤད་རྒྱུར། ཆབ་སྲིད་སློབ་གསོ་དང་དོ་དམ་སྟངས་འཛིན་ནན་མོའི་འོག སློབ་གཉེར་གྱི་དུས་ཚོད་མ་རག་སྟབས་ང་རང་དགོན་པ་ནས་ཕྱིར་བུད་པ་ཡིན། ཉིན་འགའི་རྗེས་ཉེན་རྟོག་པས་སྐད་བཏང་སྟེ་ངའི་སྡོད་གནས་དང་ཁ་པར་ཨང་གྲངས་སོགས་བླངས་སོང་། གལ་སྲིད་ཁ་པར་ཨང་གྲངས་བརྗེ་བོ་རྒྱག་པ་དང་སྡོད་གནས་སྤོར་བ་སོགས་ཀྱི་གནས་ཚུལ་བྱུང་སྐབས། འཕྲལ་དུ་ཉེན་རྟོག་ལས་ཁུངས་ལ་སྙན་གསེང་ཞུ་དགོས་ལ། ས་ཆ་གཞན་ལ་འགྲོ་ན་དགོངས་པ་མ་ཞུས་པར་རང་དགར་འགྲོ་མི་ཆོག་ཟེར། སྐབས་དེ་ནས་བཟུང་མི་མང་འདུ་འཛོམ་བྱེད་ས་དང་། ཐ་ན་བར་སྐོར་དུ་འགྲོ་ཡང་ཐོབ་ཐང་ལག་འཁྱེར་བཟུང་ནས་འགྲོ་དགོས་ཆགས་སོང་། དེ་ལྟར་སློབ་སྦྱོང་ཕར་ཟད་ཉིན་རྒྱུན་སྐྲག་དངངས་དང་སུན་གཙེར་འོག་སྡོད་དགོས་སྟབས། ཡུལ་ནས་སྡོད་མ་འདོད་པར་རྒྱ་གར་ལ་ཡོང་བ་ཡིན། ཞེས་བརྗོད་བྱུང་།

 

ཡང་ཁོང་ལ་ལྷ་ལྡན་གཙུག་ལག་ཁང་གི་སྐོར་ནས་གླེང་མོལ་བྱེད་སྐབས་ཁོང་གིས། གཙུག་ལག་ཁང་ལ་མཚོན་ན་ལོ་རེ་བཞིན་བོད་ཡུལ་ཆོལ་ཁ་གསུམ་གཙོས་པའི་འཛམ་གླིང་ཡུལ་གྲུ་ཁག་ནས་མཆོད་མཇལ་བ་ཁྲི་ཕྲག་མང་པོ་ཡོང་སྟེ། གཙུག་ལག་ཁང་གི་ལྷ་ཁང་རེ་རེ་བཞིན་དངུལ་དངོས་ཀྱི་ཡོང་འབབ་ཧ་ཅང་ཕོན་ཆེན་པོ་ཡིན། འོན་ཀྱང་དངུལ་དེ་དག་དགེ་འདུན་པ་ཚོར་དབང་གི་མེད་པར་གཞུང་གི་དངུལ་ཁང་ལ་བཞག་སྟེ། བསྐྱར་དུ་གཙུག་ལག་ཁང་གི་ལས་བྱེད་ཚོའི་ཟླ་ཕོགས་དང་། དགོན་པ་ཉམས་གསོའི་ཐད་གཏོང་གི་ཡོད་པ་རེད། ཅེས་དང་། ༢༠༠༨ ལོའི་ཞི་བའི་ངོ་རྒོལ་བྱུང་རྗེས་ནས་བཟུང་གཙུག་ལག་ཁང་གི་མཐའ་ཁོར་དུ་དམ་དྲག་སྔར་ལས་ཤུགས་ཆེ་རུ་བཏང་སྟེ། དེང་སྐབས་བོད་རིགས་ཡིན་ཕྱིན་ཆད་ལ་གཙུག་ལག་ཁང་གི་བར་སྐོར་ནང་འགྲོ་སྐབས། དམག་མི་ཚོས་འདྲི་རྩད་བྱ་རྒྱུ་དང་འཛིན་བཟུང་བྱ་མིན་ལ་སྐྲག་སྣང་གིས་འགྲོ་དགོས་པ་ཆགས་ཡོད། རྒྱ་རིགས་དང་མཉམ་དུ་ཚོང་དང་སྤྱིར་བཏང་གི་ཁ་རྩོད་ཙམ་བྱུང་ཡང་། ཆབ་སྲིད་ཀྱི་ངོ་བོ་བསྒྱུར་ཏེ་ཉེས་འཛུགས་སྣ་ཚོགས་བྱེད་ཀྱི་འདུག་ལ། དེ་བཞིན་རྒྱ་རིགས་ཚོར་གུ་ཡངས་དང་བོད་པ་ཚོར་དོགས་ཟོན་དམ་དྲག་གིས་མི་རིགས་དབྱེ་འབྱེད་ཤུགས་ཆེན་པོ་བྱེད་ཀྱི་འདུག ཅེས་བརྗོད་བྱུང་།

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་རང་བཙན་ཉིན་མོ་ཐེངས་ ༨༠ པ་སྲུང་གཙི་གནང་སོང་། 

ཆུ་ཚོད་ ༡༢ སྔོན་ལ།
མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༨།༡༤
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་གསེར་རྟ་བླ་རུང་སྒར་གཏོར་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས། 

༢༠༢༦/༠༨/༡༤
New Zealand's security agency said in a report that a Chinese organization with close ties ​to the government in Beijing had sought to install ground-based space infrastructure in the country through a local company. | REUTERS
Mobile App

ནེའུ་ཛི་ལན་ཌིས་རྒྱ་ནག་གི་གསང་ཉུལ་གྱི་ལས་དོན་འཇུས།

༢༠༢༦/༠༨/༡༤
Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

༢༠༢༦/༠༨/༡༣
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

༢༠༢༦/༠༨/༡༣
པར་འགྲེལ། law.asia དྲ་ཚིགས་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་ཕྱི་སྡོད་ཕྱུག་བདག་ཚོར་དངུལ་ཁྲལ་གྱི་ཉེས་ཆད་གཅོད་ཀྱིན་ཡོད་འདུག

༢༠༢༦/༠༨/༡༣

མཆན། 4

  1. གངས་ལྗོངས། says:
    ལོ་ 16 སྔོན།

    Goupon ཚོང་ལས་ཁང་དང་བོད་དོན།
    སྤྱི་ཟླ་དང་པོའི་ཚེས་༦ ཉིན་ཨ་མི་རི་ཀའི་ནང་རྩེད་མོ་སྐད་གྲགས་ཅན་Super Bowl ལམ་བོད་པ་ཚོས་ཨོར་འཐོམ་པོ་ལོ་ཞེས་འབོད་པ་དེ་མཐའ་མའི་རྩེད་འགྲན་ཨ་རིའི་རྒྱལ་ཡོངས་བརྙན་འཕྲིན་ཐོག་བཏོན་པའི་ཉིན་ཨ་རིའི་རྒྱལ་ཡོངས་ནས་རྩེད་མོ་དེ་བལྟ་མཁན་མི་འབོར་ས་ཡ་༡༠༦ དང་གྲངས་ཆུང་༥ བྱུང་ཡོད་ཅིང༌། རྩོད་མོ་དེ་ནི་ཨ་རིའི་མི་དམངས་ཚོར་ཚོན་ན་གལ་ཆེ་དོན་ཆེན་གྱིས་བལྟ་འདོད་པ་ཞིག་དང་ལྟོ་མོ་བཏོནཔའི་སྐབས། ནང་མི་དང་དགའ་ཉེ། གྲོགས་གྲོགས་མོ། གྲོང་པ་ཁྱིམ་མཚེས་སོགས་མཉམ་འཛོམས་ཀྱིས་བལྟ་བ་ཡིན། རྩེད་མོ་སྐད་གྲགས་ཆེན་པོ་དེ་བཏོན་པའི་སྐབས། དེའི་དབར་ན་ཚོང་གི་དྲིལ་བསྒྲགས་སྐར་ཆ་༣༠ སོ་གྲངས་བཏོན་གྱི་ཡོད་པ་དེ་ཡང་ཉིན་དེར་ཨ་རི་རྒྱལ་ཡོངས་ནས་ལྟ་མོ་བལྟ་མཁན་གྱི་མི་འབོར་ཆེས་མང་བར་སོང༌། དྲིལ་བསྒྲགས་ཐུང་ངུ་དེར་ཡང་ཨ་རིའི་ཊོ་ལར་ས་ཡ་འགའ་ཤས་ཐོབ་པ་ཡིན། བསམ་ཡུལ་ལས་འདས་པ་ཞིག་ལ། ཨ་མི་རི་ཀའི་གྲོང་ཁྱེར་Chicago ནང་དུ་རྟེན་གཞི་བྱས་པའི་Groupon ཚོང་ལས་ཁང་གིས་བྱིན་བདག་བྱས་ཏེ། ཉིན་དེའི་རྩེད་མོའི་བར་གསེང་གི་དྲིལ་བསྒྲགས་སྐར་ཆ་༣༠ བྱས་པ་ཞིག་ལ་ཨ་མི་རི་ཀའི་གློག་བརྙན་འཁྲབ་སྟོན་པ་Timothy Hutton ཡིས།བོད་ནང་གི་བོད་མི་རྣམས་དཀའ་ངལ་ཐོག་ལྷུངས་ཡོད་པའི་གནས་སྟངས་གསལ་སྟོན་བྱས་ཡོད་པ་རེད། བོད་དོན་དྲིལ་བསྒྲགས་སྐར་ཆ་༣༠ བྱས་པ་དེར་ཨ་རིའི་ཊོ་ལར་ས་ཡ་༣ ཐོབ་ཡོད་པ་དང༌། Groupon ཚོང་ལས་ཁང་གི་ཚོང་གི་དྲིལ་བསྒྲགས་ནང་བོད་དོན་འདེམས་དགོས་པའི་དགོས་པ་ཇི་ཡིན་སྐོར་ལ་བསམ་ཚུལ་ཤོད་མཁན་འདྲ་མིན་ཡོད། བཟང་ཕྱོགས་དང་ལྡོགས་ཕྱོགས་གཉིས་ཀའི་བསམ་ཚུལ་འཛིན་མཁན་ཡོང་གི་ཡོད། བཟང་ཕྱོགས་འཛིན་མཁན་ཚོས་ཨ་རིས་བོད་དོན་རྒྱབ་སྐྱོར་བྱས་པ་གཞི་རྒྱ་ཆེ་ཤོས་ཡིན་པར་ངོས་འཛིན་བྱེད་ཀྱི་འདུག་ གལ་ཏེ་ཁྱེད་རང་གིས་དྲིལ་བསྒྲགས་དེ་གཟིགས་འདོད་ན། གཤམ་འོག་གི་Youtupe ཁ་བྱང་ཐོག་ཡོད།
    http://www.youtube.com/watch?v=pOwJOcp-Mxk

    Reply
  2. ཨ་རིག་དགེ་མཐོང་། says:
    ལོ་ 16 སྔོན།

    གྲྭ་བསྟན་འཛིན་ནོར་བུ་ལགས་ལ་འཚམས་འདྲི་དང་འབྲེལ་ཞུ་རྒྱུ་ཞིག་ལ། ཁྱེད་ཅག་གཙུག་ལག་ཁང་གི་དགེ་འདུན་པ་འགའི་སྙིང་སྟོབས་དང་ཆོད་སེམས་དེས་མང་བོ་ཞིག་ལ་སེམས་འགུལ་ཐེབས་བཅུག་སོང་། ད་དུང་ཁ་ཕྱོགས་གསར་བ་ཞིག་དང་རེ་བ་གསོན་པོ་ཞིག་བསྟན་སོང་། རྒྱུ་མཚན། ནམ་རྒྱུན་བོད་ཀྱི་སྤྱི་ཚོགས་ནང་དུ་གཙུག་ལག་ཁང་གི་ལས་བྱེད་དགེ་འདུན་པ་ཚོ་ནི་རྒྱ་མིའི་ཕོག་ཟ་མཁན་ཞིག་ལས་ལ་རྒྱ་ཅན་ཞིག་དང་མི་རིགས་ཀྱི་བདེ་སྡུག་བསམ་མཁན་ཞིག་རེ་བའི་ཡིད་དུ་མེད་པ་རེད། ཁྱེད་ཅག་གིས་རང་སྲོག་ཕངས་མེད་དུ་བཏང་སྟེ་རྒྱལ་སྤྱིའི་གསར་འགོད་པའི་མཐོང་སར་བདེན་དཔང་དང་བཅས་བསྟན་པ་དེ་རེད། བཀའ་དྲིན་ཆེ་ཞུ།

    གཞན་བཙན་བྱོལ་གཞུང་སྒེར་གཉིས་ཀྱི་དགེ་འདུན་པ་བསྟན་འཛིན་ནོར་བུ་ལགས་ལ་དཀའ་ངལ་འཕྲད་འཇུག་མི་ཉན་པ་དང་། རང་འདོད་ཀྱི་དགོན་པ་དང་སློབ་གྲྭ་གང་དུ་འགྲོ་ན་དེ་ལྟར་བྱེད་རྒྱུ་དང་། དཔའ་འབྱོར་ཕྱོགས་ནས་ཀྱང་ཐུགས་ཡིད་ཚིམས་འཇུག་རྒྱུ་གལ་ཆེན་རེད། དེ་མིན་བོད་ནང་ནས་དཀའ་སྡུག་མྱོང་མཁན་མང་བོ་ཞིག་གིས་བཙན་བྱོལ་ལ་རེ་བ་བརྒྱབས་ནས་ཡོང་དུས། བཙན་བྱོལ་ནས་སེམས་ཤུགས་ཆགས་བཅུགས་ཡོད་ནི་མང་བོ་རེད།

    Reply
  3. ཁམས་པ། says:
    ལོ་ 16 སྔོན།

    བུ་རྒོད་པོའི་བསམ་དོན་འགྲུབ་པར་ཤོག

    Reply
  4. རྒྱང་རིང་། says:
    ལོ་ 16 སྔོན།

    བསྟན་འཛིན་ནོར་བུ་ལགས་རྒྱ་གར་དུ་ཕེབས་ཐོབ་པར་བཀྲ་ཤིས་བདེ་ལེགས་ཞུ།
    ད་དུང་ཁོང་ལ་རོགས་པ་མང་པོ་ཡོད་པ་དེ་རྣམས་གང་དུ་ཡོད་པ་ད་དུང་ཤེས་ཀྱིན་མི་འདུག་ག།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese