མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གལ་སྲིད་ཏྰ་ལའི་བླ་མ་བགྲེས་ཡོལ་དུ་ཕེབས་ཚེ།

བོད་ཀྱི་དུས་བབ།
༢༠༡༡/༠༢/༠༩
Share on FacebookShare on TwitterShare on EmailShare on Whatsapp

ལིས་ཅང་ལིན་གྱིས་བརྩམས།  ས་དཀར་བཀྲ་ཤིས་ཀྱིས་བསྒྱུར།

ན་ནིང་ཕྱི་ཟླ་ ༡༠ བའི་ཚེས་༢༣ ཉིན། ཏྰ་ལའི་བླ་མས་ཁེ་ན་ཊའི་གྲོང་ཁྱེར་ཊོ་རོན་ཊོན་ནས་རྒྱ་བོད་བགྲོ་གླེང་འདུ་ཚོགས་ཐེངས་གཉིས་བའི་སྟེང་། ཁོང་ཉིད་ཀྱིས་བཙན་བྱོལ་གྲོས་ཚོགས་ལ་བགྲེས་ཡོལ་ཆ་ཚང་བྱ་རྒྱུའི་སྐོར་བརྗོད་རྒྱུ་ཡིན་གསུངས་བ་དང་། གནས་ཚུལ་དེ་ལམ་སེང་དོ་སྣང་བྱ་ཡུལ་ཆེན་པོ་རུ་གྱུར།  ཏྰ་ལའི་བླ་མའི་སྐུ་གཟུགས་ད་རུང་བདེ་ཐང་ཡིན་ལ་ལུས་ཤུགས་འཛོམས་ལྡན་ཡོད་མོད།  ཡིན་ཡང་གང་ལྟར་དགུང་ལོ་ ༧༥ ལ་སོན་པའི་བགྲེས་པོ་ཞིག་ཡིན་ལ།  ཁོང་གིས་བོད་མི་རིགས་ཀྱི་གསོན་གནས་དང་།  འཛམ་གླིང་ཞི་བདེ།  མིའི་རིགས་གྱི་བདེ་རྩའི་ཆེད་དུ་དུས་རབས་ཕྱེད་ཀའི་རིང་སྐུ་ལས་བསྐྱོན་ཡོད་པས་བགྲེས་ཡོལ་གནང་རྒྱུའང་བསམ་ཤེས་བྱ་ཐུབ་པ་ཞིག་རེད། ཡིན་ནའང་ཏྰ་ལའི་བླ་མ་བགྲེས་ཡོལ་དུ་ཕེབས་ཚེ་བཙན་བྱོལ་བོད་གཞུང་གི་འཁོར་བསྐྱོད་དང་།  བོད་རྒྱ་འབྲེལ་མོལ་ལ་མ་འོངས་པར་ཤུགས་རྐྱེན་ཅི་འདྲ་ཞིག་ཐེབས་སྲིད་དམ།

 

ཏྰ་ལའི་བླ་མ་ཅི་ལྟར་བགྲེས་ཡོལ་དུ་ཕེབས་རྒྱུ་ཡིན་ནམ།

ཏྰ་ལའི་བླ་མ་ནི་བོད་མི་རིགས་ཀྱི་ཆེས་མཐོའི་ཆོས་སྲིད་ཟུང་འབྲེལ་གྱི་འགོ་ཁྲིད་ཞིག་ཡིན་པས་ཆ་ནས་བགྲེས་ཡོལ་དུ་ཕེབས་ཆོག་ཆོག་ཅིག་གང་ལ་ཡོད།  ལོ་ངོ་བཅུ་ཕྲག་རིང་ཁོང་གིས་བཙན་བྱོལ་ཁྲོད་ཆབ་སྲིད་ལམ་ལུགས་བསྒྱུར་བཅོས་ལ་སྐུལ་འདེད་གནང་བ་དང་། བསྒྱུར་བཅོས་བསམ་བློའི་ཁྲོད་དང་བ་འདྲེན་པའི་ལྡོག་ཕྱོགས་ཀྱི་བསམ་བློ་ཞིག་ཡོད་པ་སྟེ། རང་ཉིད་ཀྱི་དབང་ཆ་བེད་སྤྱད་དེ་རང་ཉིད་ཀྱི་དབང་ཤུགས་ལ་སྟངས་འཛིན་བྱེད་ཀྱི་ཡོད་པ་རེད།  དེར་བརྟེན་ཏྰ་ལའི་བླ་མ་བགྲེས་ཡོལ་དུ་ཕེབས་འདོད་ཚེ་ངེས་བར་ཏུ་གོ་རིམ་ངེས་ཅན་ཞིག་བརྒྱུད་དེ་གྲོས་ཚོགས་ཀྱིས་ཆོག་མཆན་འཐོབ་དགོས།  ཏྰ་ལའི་བླ་མའི་ཐོག་མར་བཙན་བྱོལ་བོད་གཞུང་གྲོས་ཚོགས་ལ་གྲོས་གཞི་འདོན་དགོས་ལ།  གྲོས་ཚོགས་ཀྱིས་ཏྰ་ལའི་བླ་མ་བགྲེས་ཡོལ་གནང་རྒྱུའི་གྲོས་གཞི་ལ་བགྲོ་གླེང་བྱས་ཏེ། མཐར་འོས་ཤོག་གི་ལམ་ནས་ཐག་གཅོད་པ་དང་།  གལ་སྲིད་དགག་བྱ་བྱུང་ཚེ་གྲོས་གཞི་འདི་ལ་མོས་མཐུན་མེད་སོང་བ་དང་ཏྰ་ལའི་བླ་མས་མུ་མཐུད་ཆབ་སྲིད་ཀྱི་ལས་འགན་ཁུར་དགོས་བ་རེད།

གལ་སྲིད་གྲོས་ཚོགས་ཀྱིས་ཏྰ་ལའི་བླ་མའི་གྲོས་གཞི་དེ་ལ་མོས་མཐུན་བྱས་ནའང་ཏྰ་ལའི་བླ་མས་ཁུར་བོ་དེ་བཞག་ཆོག་ཆོག་ཅིག་མིན།  བཙན་བྱོལ་བོད་གཞུང་གི་བཅའ་ཁྲིམས་ལས་གཏན་འབེབས་ལྟར་ན།  ཏྰ་ལའི་བླ་མ་བགྲེས་ཡོལ་ལ་ཕེབས་པའམ་ཡང་ན་དགོངས་པ་རྫོགས་རྗེས་བཙན་བྱོལ་བོད་གཞུང་གིས་འོས་འདེམས་བརྒྱུད་མི་གསུམ་ལས་གྲུབ་པའི་སྡེ་སྲིད་ལྷན་ཚོགས་ཀྱིས་ཏྰ་ལའི་བླ་མས་ལས་འགན་འཁུར་དགོས།  བཙན་བྱོལ་གྲོས་ཚོགས་ཀྱི་འཁོར་བསྐྱོད་ལྟར་ན་ལོ་རེ་གྲོས་ཚོགས་ཐེངས་གཉིས་ལ་འཚོགས་པ་དང།  ཐེངས་འདིའི་གྲོས་ཚོགས་འཚོགས་དུས་ནི་ ༢༠༡༡ ལོའི་ཟླ་ ༣ ཚེས་༡༥ ནས་ ༢༠ བར་ཡིན། ཟླ་ ༣ཚེས་ ༢༠ ཉིན་ནི་ཏག་ཏག་འོས་འདེམས་ཀྱི་ཉིན་མོའང་ཡིན་ལ།  བཙན་བྱོལ་སྤྱི་ཚོགས་ཀྱིས་བཀའ་ཁྲི་དང་སྤྱི་འཐུས་འདེམས་དགོས། 

གྲོས་ཚོགས་འདི་ ༢༠༡༡ ལོའི་ཟླ་ ༥ བའི་ཟླ་མཇུག་ལ་བརྗེ་བོ་བརྒྱབ་དགོས་བ་དང་།  ཟླ་ ༦ པའི་ཚེས་ ༡ ཉིན་ནས་གྲོས་ཚོགས་སྐབས་བཅོ་ལྔ་བ་དེ་དངོས་སུ་འགོ་འཛུགས་རྒྱུ་ཡིན་པ་རེད། བཀའ་བློན་ཁྲི་བའི་འཕོ་འགྱུར་ཏེ་ཟླ་གཉིས་དང་ཕྱེད་ཀའི་རྗེས་ནས་འགྲུབ་རྒྱུ་རེད་ལ། ༢༠༡༡ ལོའི་ཟླ་ ༨ པའི་ཚེས་ ༡༤ ཉིན་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་ཡི་ལས་ཡུན་མཇུག་རྫོགས་པ་དང་ཁོང་གི་རྗེས་འཇུག་གིས་བཀའ་ཁྲི་གསར་བའི་ལས་འགན་ཁུར་རྒྱུ་རེད། དུས་ཚོད་གྱི་རེའུ་མིག་དེ་ལྟར་ན་ཏྰ་ལའི་བླ་མ་བགྲེས་ཡོལ་ལ་ཕེབས་རྒྱུའི་གྲོས་གཞི་དེ་སྐབས་བཅུ་བཞི་བའི་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་མཐའ་མའི་སྐབས་བགྲོ་གླེང་བྱ་རྒྱུ་དང་། གལ་སྲིད་གྲོས་ཚོགས་ཀྱིས་གྲོས་གཞི་འདི་ལ་རྒྱབ་སྐྱོར་གནང་སྟེ་ཏྰ་ལའི་བླ་མ་འགྲེས་ཡོལ་ཆ་ཚང་ཕེབས་རྒྱུ་མོས་མཐུན་བྱུང་ནའང་། གཞུང་དང་གྲོས་ཚོགས་དེ་སྐབས་བཅོ་ལྔ་བའི་གྲོས་ཚོགས་གྲུབ་རྗེས་གཞི་ནས་མི་གསུམ་ལས་གྲུབ་པའི་སྡེ་སྲིད་ལྷན་ཚོགས་ཀྱིས་ཏྰ་ལའི་བླ་མས་ལས་ཚབ་ཀྱི་འགན་ཁུར་དགོས་བ་རེད།  གྲོས་ཚོགས་དང་བཀའ་ཁྲི་འཕོ་འགྱུར་འགྲོ་བཞིན་པའི་སྐབས་ཡིན་པས་༼དབང་ཆའི་བར་སྟོང་༽མི་འབྱུང་པའི་ཆེད།  གལ་སྲིད་གྲོས་ཚོགས་ཀྱིས་ཏྰ་ལའི་བླ་མ་འགྲེས་ཡོལ་དུ་ཕེབས་རྒྱུའི་གྲོས་གཞི་ལ་མོས་མཐུན་གནང་ནའང་ཁོང་ཉིད་བཀའ་ཁྲིའི་འཕོ་འགྱུར་སྐབས་དང་། ཡང་ན་མི་གསུམ་ལས་གྲུབ་པའི་སྡེ་སྲིད་ལྷན་ཚོགས་མ་འགྲུབ་སྔོན་ལ་བགྲེས་ཡོལ་ཕེབས་མི་ཐུབ་པ་རེད།

 

ཏྰ་ལའི་བླ་མ་བགྲེས་ཡོལ་དུ་ཕེབས་པར་དོན་སྙིང་ཅི་ཞིག་ལྡན་ནམ།

ཚང་མས་དོ་ཁུར་བྱེད་བཞིན་པའི་གནད་དོན་ཞིག་ནི་ཏྰ་ལའི་བླ་མ་བགྲེས་ཡོལ་དུ་ཕེབས་ཚེ་བཙན་བྱོལ་བོད་གཞུང་གི་འཁོར་བསྐྱོད་ལ་ཤུགས་རྐྱེན་ཅི་འདྲ་ཞིག་ཐེབས་སྲིད་དམ་ཞེས་བ་དེ་རེད། ཏྰ་ལའི་བླ་མ་མེད་ཚེ་བཙན་བྱོལ་བོད་གཞུང་རྒྱུན་ལྡན་ལྟར་འཁོར་བསྐྱོད་བྱ་ཐུབ་བམ། 

བཙན་བྱོལ་བོད་གཞུང་ནི་ ༡༩༥༩ ལོར་ཏྰ་ལའི་བླ་མས་བྲོས་བྱོལ་གྱི་ལམ་ནས་བཙུགས་པའི་གནས་སྐབས་སྲིད་གཞུང་དེའི་རྒྱུན་མཐུད་པ་ཡིན་ལ།  དེའི་ལོ་རྒྱུས་ནི་རྒྱ་ནག་སྲིད་གཞུང་གི་ལོ་རྒྱུས་ལས་ལོ་བཅུ་ཙམ་ཐུང་པ་རེད།  བཙན་བྱོལ་བོད་གཞུང་འདི་བྱེའུ་ཆུང་རུང་དོན་ལྔ་སྣོད་དྲུག་ཚང་ལྡན་ཡོད་ལ།  ཚད་ལྡན་གྱི་གཞུང་ལྟར་གཞི་རྩའི་ནུས་བ་ཆ་ཚང་ལྡན་ཡོད་དེ།  སློབ་གསོ་དང་ཆོས་ལུགས། བདེ་རྩ།  ཕྱི་འབྲེལ་སོགས་ཀྱི་མ་ལག་ཆ་ཚང་བ་ཡོད་ལ།  བཙན་བྱོལ་སྤྱི་ཚོགས་ཀྱི་འཛིན་སྐྱོང་དེ་སྔར་ནས་ཆ་ཚང་བའི་ལམ་ལུགས་ཤིག་ཆགས་ཡོད་པ་དང་།  ད་ལྟའི་བར་ཏུ་གནད་དོན་འགྱུར་ལྡོག་ཆེན་པོ་ཅི་ཡང་བྱུང་མེད།  གཞི་རིམ་འཛིན་སྐྱོང་གི་རྣམ་པ་ལ་བལྟས་ཚེ་ལམ་ལུགས་འདི་ནི་ཕན་ངེས་ལྡན་པ་ཞིག་རེད།  བཙན་བྱོལ་བོད་གཞུང་འདི་ལོ་ངོ་ལྔ་བཅུའི་རིང་གི་ལག་ལེན་བརྒྱུད་དེ་རྨང་གཞི་ཡག་པོ་བཏིངས་ཡོད་ལ།  མི་རབས་གསར་བའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ད་ལྟ་ནར་སོན་ཡོད་པ་དང་།  རིམ་གྱིས་བཙན་བྱོལ་སྤྱི་ཚོགས་ཀྱི་དབུ་ཁྲིད་གནས་རིམ་དུ་འགྲོ་བཞིན་པ་རེད། དེར་བརྟེན་ཏྰ་ལའི་བླ་མ་འགྲེས་ཡོལ་དུ་ཕེབས་ཚེ་བཙན་བྱོལ་བོད་གཞུང་འཁོར་བསྐྱོད་མི་ཡོང་བའི་རྒྱུ་མཚན་ལ་ཡིད་ཆེས་བྱེད་མི་དགོས་པ་རེད། 

གཞན་ཏྰ་ལའི་བླ་མ་བགྲེས་ཡོལ་དུ་ཕེབས་ཚེ་རྒྱལ་སྤྱིའི་སྟེང་བོད་དོན་ལས་འགུལ་ལ་རྒྱབ་སྐྱོར་བྱེད་བཞིན་པར་ཤུགས་རྐྱེན་ཅི་འདྲ་ཐེབས་རྒྱུ་ཡིན་ནམ། མི་རིང་བའི་སྔོན་ང་རང་ལྡི་ལར་ཚོགས་པའི་སྐབས་ལྔ་བའི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ལ་ཞུགས་པ་དང་།  ཚོགས་ཞུགས་མི་སྣ་ཚང་མ་དམངས་ཁྲོད་ནས་ཡོང་བ་དང་གླིང་ཆེན་ལྔའི་རྒྱལ་ཁབ་༥༧ ཙམ་ནས་ཡོང་བ་རེད། ཚང་མས་དོ་སྣང་བྱེད་བཞིན་པའི་བརྗོད་གཞི་ནི་བོད་ཀྱི་ཁོར་ཡུག་དང་།  འགྲོ་བ་མིའི་ཐོབ་ཐང་།  རིག་གཞུང་སྲུང་སྐྱོབ་སོགས་ཡིན་ལ།  བརྗོད་གཞི་འདི་ཚོ་ནི་ཏྰ་ལའི་བླ་མ་བགྲེས་ཡོལ་དུ་ཕེབས་པ་དང་ཡང་ན་དགོངས་པ་རྫོགས་རྗེས་སུའང་ཡལ་འགྲོ་བ་ཞིག་མ་རེད།  དེར་བརྟེན་ངའི་བསམ་པར་ཏྰ་ལའི་བླ་མ་བགྲེས་ཡོལ་དུ་ཕྱིན་ནའང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བོད་དོན་ལས་འགུལ་ལ་རྒྱབ་སྐྱོར་བྱེད་བཞིན་པར་ཤུགས་རྐྱེན་ཆེན་པོ་ཐེབས་མི་སྲིད་པ་རེད། 

དེ་ན་ཏྰ་ལའི་བླ་མ་བགྲེས་ཡོལ་དུ་ཕེབས་ཚེ་རྒྱུན་རིང་ཞིང་གྲུབ་འབྲས་མི་བཟང་བའི་བོད་རྒྱའི་འབྲེལ་མོལ་ལ་དོན་སྙིང་ཅི་ཞིག་ཡོད་དམ།  ངས་བལྟས་ན་རྒྱ་ཕྱོགས་ཀྱིས་ཏྰ་ལའི་བླ་མ་༼སྐུ་སྒེར་གྱི་གནད་དོན༽་རེད་ཟེར་ཏེ་རྒྱུན་འཁྱོངས་བྱེད་བཞིན་པར་རྒྱུ་མཚན་མེད་འགྲོ་བ་དང་། ཏྰ་ལའི་བླ་མ་བགྲེས་ཡོལ་ཕྱིན་ཚེ་༼སྒེར་གྱི་གོ་གནས༽ཀྱི་གནད་དོན་དེ་མེད་པ་དང་།  ཏྰ་ལའི་བླ་མའི་གོ་གནས་ཟེར་ཏེ་རྒྱ་ཕྱོགས་ཀྱིས་མཁྲེགས་འཛིན་བྱེད་བཞིན་པའི་བརྗོད་གཞི་དེ་གནས་མི་ཐུབ་ལ།  བོད་རྒྱའི་འབྲེལ་མོལ་མཚམས་མ་ཆད་པར་མུ་མཐུད་སོང་ཚེ་ངེས་བར་ཏུ་དངོས་ཡོད་ཀྱི་གནད་དོན་ལ་གདོང་གཏོད་དགོས་པ་ལས་༼ཏྰ་ལའི་བླ་མ་སྒེར་གྱི་གོ་གནས་༽ཟེར་ཏེ་ཁ་གཡར་ས་མེད་པ་ཆགས་འགྲོ་བ་རེད། 

ཏྰ་ལའི་བླ་མའི་མཚན་སྙན་ཉི་འོད་བཞིན་འཛམ་གླིང་དུ་ཁྱབ་བཞིན་ཡོད་ནའང་ཏྰ་ལའི་བླ་མ་ནི་བསྟན་འཛིན་རྒྱ་མཚོ་ཡིན་པའི་མ་ཁྱབ་སྟེ། ཏྰ་ལའི་བླ་མ་ནི་སྤྲུལ་སྐུའི་ལམ་ལུགས་རྒྱུན་འཛིན་བྱེད་དེ་འོང་བའི་དམིགས་བསལ་ཁྱད་ཆོས་ལྡན་པའི་སྒྲིག་སྲོལ་ཞིག་ཡིན།  གཞུང་ལུགས་སྟེང་ནས་བརྗོད་ན་ཏྰ་ལའི་བླ་མ་ལ་ཚད་འཛིན་མེད་པའི་ཆབ་སྲིད་ཀྱི་དབང་ཆ་ཡོད་པ་མ་ཟད་དེའང་སྐུ་ཚེ་ཧྲིལ་བོའི་ལམ་ལུགས་ཅན་ཞིག་རེད།  གལ་སྲིད་ཏྰ་ལའི་བླ་མ་གཟི་བརྗིད་ལྡན་པའི་ངང་ནས་བགྲེས་ཡོལ་དུ་ཕེབས་ཚེ་ཁོང་ནི་བོད་ཀྱི་ལོ་རྒྱུས་སྟེང་སྐུ་ཚེ་ཧྲིལ་བོ་དབང་ཆ་ལོངས་སུ་མི་སྤྱད་པའི་ཆབ་སྲིད་ཀྱི་དབུ་ཁྲིད་དང་པོ་དེ་རེད་ལ།  ཐོག་མའི་དཔེ་སྟོན་འདི་གཏན་འཁེལ་ཆགས་ཚེ་མ་འོངས་པའི་ཏྰ་ལའི་བླ་མ་ཚོའི་ཆབ་སྲིད་དབང་ཆ་ལ་ཚད་འཛིན་ངེས་ཅན་ཐེབས་ངེས་པ་རེད།

 

བོད་ཀྱི་ཆབ་སྲིད་ལམ་ལུགས་ཐད་ཀྱི་ཐེངས་གཉིས་བའི་འགྱུར་མཚམས།

ཁོང་རིགས་བགྲེས་ཡོལ་དུ་ཕེབས་རྒྱུ་དེའི་ད་དུང་བོད་ཀྱི་ཆབ་སྲིད་ལམ་ལུགས་ལ་ཐེངས་གཉིས་བའི་འགྱུར་མཚམས་འགྲུབ་སོང་བ་མཚོན་ལ།  ཐེངས་དང་པོའི་འགྱུར་མཚམས་ནི་༼སྐུ་དྲག་ཆབ་སྲིད་༽ནས་༼དམངས་དཀྱུས་མའི་ཆབ་སྲིད་༽ལ་གྱུར་ཏེ་བོད་ཀྱི་ལོ་རྒྱུས་སྟེང་སྐུ་དྲག་གིས་ཆབ་སྲིད་དབང་སྒྱུར་བྱེད་བཞིན་པ་མཇུག་སྒྲིལ་བ་རེད།  ༢༠༠༨ལོར་ངས་ཟམ་གདོང་རིན་པོ་ཆེ་ལ་བཅར་འདྲི་སྐབས་ཁོང་གིས་བརྗོད་དོན།  ཁོ་རང་ཐེངས་དང་པོར་བཀའ་ཁྲི་ཐོབ་རྗེས་ཏྰ་ལའི་བླ་མའི་སྐུ་རྩེད་དང་སྦྲགས་༼ཁོང་གིས་རེ་བ་ནི་བོད་མི་ཚོས་དེང་རབས་ཀྱི་སློབ་གསོ་ཐོབ་མྱོང་བའི་གཞོན་སྐྱེས་ཤིག་གིིས་བཀའ་བློན་ཁྲི་བའི་འགན་དེ་འཁུར་ན་བསམ་ཡོད་མོད། མ་བསམ་ས་ནས་མང་ཚོགས་ཀྱིས་གྲྭ་བ་ཞིག་བདམས་བྱུང་།  སྔོན་མ་ཡིན་ན་གྲྭ་རྒན་གཅིག་གིས་འགོ་ཁྲིད་ཀྱི་ཡོད་ལ།  ད་ལྟ་གྲྭ་རྒན་གཉིས་ཀྱིས་འགོ་ཁྲིད་དགོས་བ་རེད་ཅེས་གསུངས་སོ་ཟེར།  ༽

ཏྰ་ལའི་བླ་མ་བགྲེས་ཡོལ་དུ་ཕེབས་པ་དང་ཟམ་གདོང་རིན་པོ་ཆེའི་ལས་ཡུན་རྫོགས་པ་དེས་གྲྭ་རྒན་གཉིས་མཉམ་གཅིག་ཏུ་བཙན་བྱོལ་བོད་གཞུང་གི་ཆེས་མཐོའི་འགོ་ཁྲིད་ནས་ཕྱིར་ཐོན་པ་མཚོན་ལ།  ལོ་བཅུའི་སྔོན་ཏྰ་ལའི་བླ་མའི་ཐུགས་རེ་གནང་བ་ལྟར་བཀའ་ཁྲི་རྗེས་མ་དེ་དེང་རབས་ཀྱི་སློབ་གསོ་ཐོབ་མྱོང་བའི་མི་རབས་གསར་བའི་འགན་ཁུར་བ་དང་།  དེ་ནི་ཐེངས་གཉིས་བའི་འགྱུར་མཚམས་འགྲུབ་པ་མ་ཟད་ཆོས་སྲིད་ཟུང་འབྲེལ་གོམ་གང་མདུན་སྤོས་ཀྱིས་སོ་སོར་འབྱེད་པ་དང་བོད་ཀྱི་མ་འོངས་བར་དོན་སྙིང་ངེས་ཅན་ཞིག་ལྡན་པ་ནི་བརྗོད་མི་དགོས་བ་ཞིག་རེད།  གཅིག་བྱས་ན་མ་འོངས་བའི་ཏྰ་ལའི་བླ་མ་ཚོ་དབྱིན་ཇིའི་རྒྱལ་ཁང་བཞིན་མི་རིགས་ཀྱི་མཚོན་རྟགས་སུ་གྱུར་བ་ལྟར་ཆབ་སྲིད་ཀྱི་དབང་ཆ་ངོ་མ་མེད།

དོན་དངོས་སུ་ཏྰ་ལའི་བླ་མས་ཐུགས་རེ་ལྟར་གཟི་བརྗིད་ལྡན་པའི་ངང་བགྲེས་ཡོལ་ཕེབས་ཐུབ་ནའང་ཁོང་གིས་འཇིག་རྟེན་གྱི་བྱ་བར་ཐུགས་ཁུར་མི་གནང་བར་ངྷ་རམ་ས་ལའི་ཕོ་བྲང་དུ་བསྐྱར་ཏུ་ཁོང་ཉིད་དགའ་མོས་ཆེ་བའི་ལྡུམ་ར་བདག་གཉེར་སྐྱོང་རྒྱུ་མཚོན་གྱིན་མེད།  བགྲེས་ཡོལ་ཟེར་བའང་ཏྰ་ལའི་བླ་མས་བཙན་བྱོལ་བོད་གཞུང་གི་ལས་དོན་ཐག་གཅོད་ཐད་ལ་དགོངས་འཆར་ཅི་ཡང་མི་གནང་རྒྱུ་དེ་རེད།  ཆབ་སྲིད་ཀྱི་འགན་འཁྲི་ལས་གཞན་ཆོས་ལུགས་ཀྱི་དབུ་ཁྲིད་ཞིག་ཡིན་པའི་ཆ་ནས་ཏྰ་ལའི་བླ་མར་ད་དུང་ཆོས་འཆད་སྤེལ་གྱི་འགན་འཁྲི་ཡོད་ལ།  ནོ་སྤེལ་ཞི་བདེ་གཟེངས་རྟགས་བཞེས་མཁན་ཞིག་ཡིན་པའི་ཆ་ནས་འགྲོ་བ་མིའི་རིགསལ་ཞི་བདེ་སྐྲུན་ཆེད་འགན་ཁུར་དགོས་བ་དང་།  གལ་སྲིད་ཁོང་རིགས་བགྲེས་ཡོལ་ཕེབས་ཚེ་ཆོས་འཆད་སྤེལ་གྱི་མཛད་རིམ་ཇེ་མང་དུ་འགྲོ་སྲིད་པ་རེད། 

ཏྰ་ལའི་བླ་མས་ཐེངས་མང་པོར་བགྲེས་ཡོལ་ཕེབས་རྒྱུ་གསུངས་ནའང་གྲོས་ཚོགས་ཀྱིས་དགག་བྱ་གནང་བ་དང་།  བཙན་བྱོལ་བོད་གཞུང་འཛིན་སྐྱོང་སྐབས་བཅུ་བཞི་བ་དང་གྲོས་ཚོགས་སྐབས་བཅོ་ལྔ་བའི་ཏྰ་ལའི་བླ་མ་ལ་མུ་མཐུད་ཆབ་སྲིད་ཀྱི་འགན་དབང་བཞེས་དགོས་བའི་གསོལ་འདེབས་གནང་རྒྱུ་ཡིན་མིན་ད་དུང་ཤེས་དཀའ་ཡང་། ཏྰ་ལའི་བླ་མས་ཊོ་རིན་ཊོན་ནས་གསུངས་བ་བཞིན་ཟླ་བ་ཁ་ཤས་རྗེས་འབྲས་བུ་བསླེབ་རྒྱུ་རེད་དོ།།

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

མཆན། 6

  1. ལྷ་མོ་དོན་གྲུབ། says:
    ལོ་ 15 སྔོན།

    ཡུལ་དུས་གནས་བབ་དང་སྦྱར་བསམ་གཞིགས་ཀྱིས། གཞན་སྡེས་རང་སྡེའི་རིགས་ལ་དཔྱོད་ཚུལ་འདི།
    བསམ་ན་དགོད་བྲོ་ངུ་བྲོ་གཉིས་ཀ་སྟེ། བཀའ་བཞིན་སྒྲུབ་དང་དེ་ལས་ལྷག་པ་མེད།

    སྤྱི་འཐུས་རྣམ་པའི་བཀའ་གྲོས་སྙིང་པོ་ནི། བཅའ་ཁྲིམས་ལེགས་བཅོས་བྱ་རྒྱུ་ཉག་གཅིག་སྟེ།
    གལ་ཏེ་རླབས་ཆེན་དགོངས་དོན་མ་རྟོགས་ན། ཁྲིམས་ཀྱི་ཚུལ་ལའང་རྨོངས་པར་འགྱུར་ལས་ཅི།
    ད་ནི་གྲོས་ར་འཚོགས་ལ་ཉེ། བློ་དང་སྤོབས་པ་མ་ཞུམ་ཨ།

    Reply
  2. འདྲེ་རིག་ལྡན། says:
    ལོ་ 15 སྔོན།

    ཀླུ་མཁར་བྱམས་ལགས། ཁྱེད་ལ་དགོས་པའི་དྲ་ཐག་འདི་ན་ཡོད།

    http://www.liaowangxizang.net/drupal-6.3/zh-hans/content/%E6%9D%8E%E6%B1%9F%E7%90%B3%EF%BC%9A%E5%81%87%E5%A6%82%E8%BE%BE%E8%B5%96%E5%96%87%E5%98%9B%E9%80%80%E4%BC%91

    Reply
  3. འབྲུག་སྒྲ་སྐྱབས། says:
    ལོ་ 15 སྔོན།

    ཁྱོད་ཀྱི་བཤད་པ་ལ་གནས་ལུགས་འདུག་དེ་ང་ཚོ་བོད་པ་ཚང་ལ་དེའི་བློ་ཁོག་ཡོད་མེད་བཤད་དཀའ

    Reply
  4. ཀླུ་མཁར་བྱམས། says:
    ལོ་ 15 སྔོན།

    གྲོགས་ས་དཀར་དང་། དུས་བབ་དྲ་རྒྱའི་དོ་དམ་པ་ལྷན་རྒྱར་ཞུ་གསོལ།
    རྩོམ་འདིའི་མ་ཡིག་དྲ་འདྲེན་བྱ་ཐུབ་ན་ཡག་པོ་འདུག

    Reply
  5. ཤེལ་དཀར་བློ་བཟང་། says:
    ལོ་ 15 སྔོན།

    ( ཏྰ་ལའི་བླ་མ་ནི་བོད་མི་རིགས་ཀྱི་ཆེས་མཐོའི་ཆོས་སྲིད་ཟུང་འབྲེལ་གྱི་འགོ་ཁྲིད་ཞིག་ཡིན་པས་ཆ་ནས་བགྲེས་ཡོལ་དུ་ཕེབས་ཆོག་ཆོག་ཅིག་གང་ལ་ཡོད། ལོ་ངོ་བཅུ་ཕྲག་རིང་ཁོང་གིས་བཙན་བྱོལ་ཁྲོད་ཆབ་སྲིད་ལམ་ལུགས་བསྒྱུར་བཅོས་ལ་སྐུལ་འདེད་གནང་བ་དང་། བསྒྱུར་བཅོས་བསམ་བློའི་ཁྲོད་དང་བ་འདྲེན་པའི་ལྡོག་ཕྱོགས་ཀྱི་བསམ་བློ་ཞིག་ཡོད་པ་སྟེ། རང་ཉིད་ཀྱི་དབང་ཆ་བེད་སྤྱད་དེ་རང་ཉིད་ཀྱི་དབང་ཤུགས་ལ་སྟངས་འཛིན་བྱེད་ཀྱི་ཡོད་པ་རེད། དེར་བརྟེན་ཏྰ་ལའི་བླ་མ་བགྲེས་ཡོལ་དུ་ཕེབས་འདོད་ཚེ་ངེས་བར་ཏུ་གོ་རིམ་ངེས་ཅན་ཞིག་བརྒྱུད་དེ་གྲོས་ཚོགས་ཀྱིས་ཆོག་མཆན་འཐོབ་དགོས། ཏྰ་ལའི་བླ་མའི་ཐོག་མར་བཙན་བྱོལ་བོད་གཞུང་གྲོས་ཚོགས་ལ་གྲོས་གཞི་འདོན་དགོས་ལ། གྲོས་ཚོགས་ཀྱིས་ཏྰ་ལའི་བླ་མ་བགྲེས་ཡོལ་གནང་རྒྱུའི་གྲོས་གཞི་ལ་བགྲོ་གླེང་བྱས་ཏེ། མཐར་འོས་ཤོག་གི་ལམ་ནས་ཐག་གཅོད་པ་དང་། གལ་སྲིད་དགག་བྱ་བྱུང་ཚེ་གྲོས་གཞི་འདི་ལ་མོས་མཐུན་མེད་སོང་བ་དང་ཏྰ་ལའི་བླ་མས་མུ་མཐུད་ཆབ་སྲིད་ཀྱི་ལས་འགན་ཁུར་དགོས་བ་རེད། )
    གོང་གི་བསམ་ཚུལ་འདི་མཐོང་སྐབས་༸མགོན་པོ་མཆོག་རང་དབང་གཏན་ནས་མེད་པའི་དབུ་ཁྲིད་ཅིག་ཡིན་པའི་སྣང་བ་བྱུང་། སྐྱབས་སུ་མཆི།
    གང་ལྟར་འདིའི་ཐོག་ང་ཚོ་ཚང་མས་ཞིབ་འཇུག་དང་དགོངས་ཚུལ་གསུང་རྒྱུ་གལ་ཆེན་པོ་འདུག

    Reply
  6. གནས་ཚང་། says:
    ལོ་ 15 སྔོན།

    རྒྱ་རྒན་མ་འདིས་གྲྭ་རྒན་ཞེས་འབོད་སྲོལ་ལ་ལྟོས་ན། མདོ་སྨད་དབུས་རྒྱུན་ལ་ཡང་བསྐྱར་ལས་ཀ་གསར་པ་ཞིག་སྤྲད་འདུག ད་ཚང་མས་ལྟ་ཡ་ཉན་ཡ་ལས་ཅི་ཡང་མི་འདུག་གཱ

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese