མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

རྒྱ་ནག་གི་འཇིགས་སྣང་།

བོད་ཀྱི་དུས་བབ།
༢༠༡༡/༠༢/༡༢
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ཚེས་ ༡༠ ཉིན་རྒྱ་གཞུང་གིས་བཟའ་འབྲུའི་སྐོར་ལ་ཚོགས་ཆེན་ཞིག་བསྐངས་ཏེ། སྲིད་བློན་ཝུན་ཅ་པོ་ཡིས་ལོ་འདི་དག་གི་རྒྱ་ནག་གི་བཟའ་འབྲིའི་ཐད་ཀྱི་འཇིགས་སྣང་དང་། དེ་ལ་གདོང་ལེན་བྱ་ཕྱོགས་སྐོར་ལ་ཛ་དྲག་གི་ལམ་སྟོན་བྱས་འདུག ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཕྱོགས་ཆེ་སར་བསམ་བློ་བཏང་སྟེ། རྒྱལ་ཁབ་ཀྱི་བཟའ་འབྲུའི་དཀའ་ངལ་ལ་གདོང་ལེན་བྱ་དགོས། འབྲེལ་ཡོད་མི་སྣ་དག་གིས་མང་ཚོགས་ལ་སྣེ་ཁྲིད་བྱེད་པ་དང་གཞུང་ཕྱོགས་ནས་མཐུན་འགྱུར་ཤུགས་ཆེ་རུ་བཏང་སྟེ། འབྲུ་རིགས་དང་ཞིང་ལས་ཐོན་སྐྱེད་བརྟན་བརླིང་ངང་འཕེལ་རྒྱས་སུ་གཏོང་བར་འབད་བརྩོན་བྱ་དགོས། ཞེས་དང་།

ཝུན་ཅ་པའོ་ཡིས་བརྗོད་དོན། འབྲུ་རིགས་ཐོན་སྐྱེད་ཀྱི་དཀའ་ངལ་སྔར་ལས་ཆེ་རུ་འགྲོ་བཞིན་ཡོད་པ་གསལ་བོར་ཤེས་དགོས་ཏེ། འབྲུ་རིགས་ཐོན་སྐྱེད་ཀྱི་མ་རྩ་ཇེ་མཐོར་སོང་བ་དང་། ས་ཁུལ་ཁ་ཤས་སུ་ཞིང་ལས་སྣང་མེད་དུ་བཞག་ནས་འབྲུ་རིགས་ཐོན་སྐྱེད་ལྷོད་གཡེང་དུ་བཏང་བ། དེ་བཞིན། བྱང་ཕྱོགས་ས་ཁུལ་གྱི་དགུན་གྲོ་ཐོན་ཡུལ་གཙོ་བོ་དག་ཏུ་ཡུན་རིང་པོར་ཐན་སྐྱོན་བྱུང་སྟེ། ད་ལོའི་དབྱར་འབྲུའི་ཐོན་སྐྱེད་ལ་ཐད་ཀར་དུ་འཇིགས་སྣང་བཟོས་ཡོད་སྟབས། འབྲུ་རིགས་ཐོན་སྐྱེད་ཁྲོད་ཀྱི་གནད་དོན་ལ་ངེས་པར་དུ་ཞིབ་འཇུག་ནན་མོ་བྱས་ཏེ། དམིགས་ཡུལ་ཡོད་པའི་སྒོ་ནས་བྱ་བ་བསྒྲུབ་དགོས་ལ། ཐབས་བརྒྱ་ཇུས་སྟོང་གིས་དབྱར་འབྲུ་དང་ལོ་ཧྲིལ་པོའི་ཞིང་ལས་ལ་ལོ་ལེགས་འབྱུང་བར་བྱ་དགོས་ཟེར། 

ཝུན་ཅ་པའོ་ཡིས་ནན་གྱིས་བརྗོད་དོན། བཟོ་ལས་ཅན་དང་མཁར་གྲོང་ཅན་དུ་འཕེལ་ཚད་ཇི་ལྟར་མྱུར་ན། དེ་ལྟར་ཞིང་ལས་རྨང་གཞིའི་གོ་གནས་སྲ་བརྟན་དུ་བཏང་ནས་ཤུགས་སྣོན་དགོས། ཞིང་ལས་ལ་ཤུགས་སྣོན་ན་ཁ་གཡང་ཁོ་ན་མི་སྒྲོག་པར་མགོ་ཁྲིད་ཀྱི་འབད་བརྩོན་དང་བྱ་བའི་གོ་སྒྲིག མ་དངུལ་གཏོང་ཚད་བཅས་ཀྱི་ཐད་ནས་མཚོན་པར་བྱས་ཏེ། ཞིང་སྡེ་དང་གྲོང་ཁྱེར་མཉམ་དུ་དར་རྒྱས་སུ་གཏོང་དགོས། རེ་བ་ཇེ་ནན་དང་བྱེད་ཐབས་ཇེ་ཞིབ། ལྟ་རྟོག་ཇེ་དྲག་ཏུ་བཏང་སྟེ་ཟས་རིགས་ཀྱི་འགན་འཁྲིའི་ལམ་ལུགས་ཕྱོགས་ཡོངས་ནས་དངོས་འབེབ་བྱ་དགོས། ཐན་སྐྱོན་ཐེབས་པའི་ས་ཁུལ་གྱིས་ཐན་སྐྱོན་སེལ་བའི་སྲོལ་ཡིག་ལྟར། ཐན་སྐྱོན་སེལ་བའི་འགན་འཁྲིའི་ལམ་ལུགས་དངོས་ལག་བསྟར་བྱ་དགོས་ལ། སྡེ་ཚན་སོ་སོས་རོགས་རིམ་ལ་ཤུགས་བསྣན་ཏེ་འབྲུ་རིགས་དང་ཞིང་ལས་ཐོན་སྐྱེད་ལ་རྒྱབ་སྐྱོར་བྱེད་པའི་སྟོབས་ཤིག་ཆིག་སྒྲིལ་བྱ་དགོས་ཟེར། 

མཆན། 2

  1. ཇ་མ་ says:
    ལོ་ 12 སྔོན།

    རྒྱ་ནག་ལ་སྡུག་གྱོང་གསུམ།
    དང་པོ་གོ་གནས་ལས་ལས་ཀ་མི་བྱེད་མཁན་གྱི་འགོ་ཁྲིད་ཀྱི་མིང་ཅན་ཧྲོས་ཅི་དང་ཧྲོས་ཅི་གཞོན་པ་ཟེར་དང་སོགས་ཧ་ཅང་མང་དྲག་པ་རེད།
    གཉིས་པ་རྒྱ་ནག་ནང་མཐོ་དམན་བར་གསུམ་གྱིས་ཟ་ཁང་སོགས་ཀྱི་ནང་དུ་ཟ་མ་འཕྲོ་བླགས་སུ་བཏང་བ་ཧ་ཅང་མང་དྲགས་པ་རེད།
    གསུམ་པ་ཞིང་ས་རྩྭི་ཤིང་ལ་བསྒྱུར་ནས་ལས་མེད་ཟ་མཁན་མང་དུ་བཏང་བ་སོགས་ཕུག་རྒྱང་མི་བལྟ་བའི་སྲིད་ཇུས་སྨྱོན་པ་ལག་བསྟར་བྱས་ན་མཇུག་འབྲས་འདི་ལས་གང་ཡོད། ཧ་ཧ་ཧ།

    Reply
  2. ལྷ་མོ་དོན་གྲུབ། says:
    ལོ་ 12 སྔོན།

    སྲོག་ཆགས་ཀུན་གྱི་སྲོག་འཚོ་མིན། བཟའ་བཏུང་ཁོ་ནར་རག་ལུས་པས།
    བག་མེད་རྒྱས་སྤྲོས་ལོངས་སྤྱོད་དག ཏང་དང་ཚོང་པས་སྤོང་བ་གལ།

    ཡོད་ཚད་གྲོང་ཁྱེར་ཅན་གྱུར་ནས། ཞིང་ས་འབྲོག་ས་དག་ཞིང་རྣམས།
    ཏག་ཏག་དོ་དམ་མ་གནང་ན། ད་ད་ཁ་བཏགས་འགྲོ་བར་ངེས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist