མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ང་ཚོ་འདིར་བོད་ཡིག་སློབ་སྦྱོང་བྱ་ཆེད་ཡོང་བ་ཡིན།

བོད་ཀྱི་དུས་བབ།
༢༠༡༡/༠༢/༡༣
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གཞུང་གིས་ཉེ་བའི་ལོ་འགའི་ནང་གཞི་རིམ་ས་ཁུལ་གྱི་སློབ་ཆུང་རྣམས་རྫོང་དང་གྲོང་རྡལ་དུ་གཅིག་སྡུད་བྱས་ཏེ་རྒྱ་བོད་སློབ་ཕྲུག་མཉམ་བསྲེས་ཀྱི་སློབ་གྲྭར་བསྒྱུར་ཅིང་། ད་ལོ་ནས་བཟུང་༼ ཕྱི་ལོ་ ༢༠༡༠ ནས་ ༢༠༡༡ ལོའི་བོད་ཁུལ་གཞི་རིམ་སྐད་གཉིས་བྱིས་གཉོར་སློབ་གསོ ༽ ཟེར་བ་གཏན་འབེབས་བྱས་ཏེ། བོད་ཁུལ་གྱི་གཞི་རིམ་ས་ཁུལ་ཡོངས་སུ་སྡོད་ཁང་དང་ཟས་རིན། སློབ་ཡོན་བཅས་རིན་མེད་ཐོག་སྐད་གཉིས་ཀྱི་བྱིས་གཉོར་སློབ་གསོ་སྤེལ་མགོ་བརྩམས་ཡོད་པར་མ་ཟད། ཕྱི་ལོ་ ༢༠༡༥ ལོའི་བར་སྐད་གཉིས་ཀྱི་བྱིས་གཉོར་སློབ་གསོ་མྱོང་མཁན་གྱི་བྱིས་པའི་གྲངས་ཚད་བརྒྱ་ཆ་ ༦༠ ལ་བསླེབ་དགོས་པའི་འཆར་གཞི་བཟོས་ཡོད་པ་རེད།

 

ཉེ་སྔོན་འདི་གའི་གསར་འགོད་པས་དབུས་སྣེ་ལེན་ཁང་ལ་གསར་དུ་འབྱོར་བའི་མདོ་དབུས་ཁམས་གསུམ་གྱི་སློབ་ཕྲུག་ཁག་ཅིག་ལ་བཅར་འདྲི་བརྒྱུད་ད་ལྟའི་བོད་ནང་གི་ས་ཁུལ་སོ་སོའི་སློབ་གསོའི་གནས་སྟངས་རྒྱུས་ལོན་བྱུང་བ་ལྟར་ན། རྒྱ་གཞུང་གིས་བོད་ཀྱི་ས་ཁུལ་སོ་སོའི་གནས་སྟངས་ལ་བལྟས་ཏེ་བོད་སྐད་ཡིག་སློབ་གསོ་རྩ་མེད་བཟོ་བའི་ཐབས་ཇུས་འདྲ་མིན་འདིང་གི་ཡོད་པ་མངོན་གསལ་རེད།

ལྷ་ས་གྲོང་ཁྱེར་ནི་རྒྱ་ཡིག་གཙོ་བོར་འཛིན་པའི་སྐད་གཉིས་སློབ་གསོ་དང་། བོད་ཀྱི་སློབ་ཕྲུག་རྒྱ་ནག་ནང་གནས་སྤོར་གྱིས་རྒྱའི་སློབ་གསོ་སྤེལ་བའི་དུས་ཡུན་སྔ་ཤོས་དེ་ཆགས་ཡོད། ལྷ་ས་གྲོང་ཁྱེར་ནས་ཡིན་པའི་སློབ་བུ་རིན་བཟང་ལགས་ཀྱིས་དེ་གའི་སློབ་གྲྭའི་གནས་སྟངས་སྐོར་ངོ་སྤྲོད་གནང་དོན།  ངས་བྱིས་གཉོར་ཁང་ནས་བཟུང་རྒྱ་ཡིག་སློབ་མགོ་བརྩམས་པ་ཡིན། དེ་རྗེས་ལྷ་ས་ཧེ་ཧྲིན་སློབ་ཆུང་དུའང་ལོ་རིམ་གསུམ་པའི་རྗེས་ནས་བཟུང་། བོད་ཡིག་མ་གཏོགས་སློབ་དེབ་གཞན་ཚང་མ་རྒྱ་ཡིག་རྒྱ་སྐད་སྟེང་ཁྲིད་ཀྱིན་འདུག  ང་ཚོའི་སློབ་གྲྭའི་ནང་སློབ་མ་མང་ཤོས་བོད་རིགས་ཡིན་ནའང་། དགེ་རྒན་མང་ཤོས་རྒྱ་མི་རེད། སློབ་གྲྭའི་ཁོར་ཡུག་ཏུ་རྒྱ་ཡིག་གི་དུས་དེབ་དང་ཚགས་པར་མང་པོ་ཀློག་རྒྱུ་ཡོད་མོད། བོད་ཡིག་གི་དུས་དེབ་ཚགས་པར་མཐོང་རྒྱུ་མི་འདུག  དུས་རྒྱུན་སློབ་མ་རྣམས་ཀྱིས་ཕན་ཚུན་ལ་སྐད་ཆ་བཤད་སྐབས་ཀྱང་རྒྱ་སྐད་ཤུགས་ཆེ་བ་ཡོད། ད་དུང་རྒྱ་ཡིག་འཛིན་གྲྭའི་ནང་བོད་སྐད་མི་ཤེས་པའི་བོད་རིགས་སློབ་མའང་མང་པོ་འདུག  ད་ལྟ་ངས་ཀྱང་བོད་ཡིག་ཀློག་ཐུབ་པ་ཙམ་ལས་དོན་གོ་ཁག་པོ་འདུག ཡིན་ནའང་། རྒྱ་ཡིག་རྒྱ་སྐད་ཡག་པོ་ཤེས་ཀྱིན་ཡོད།  རྒྱ་ཡིག་ཡག་པོ་མ་བསླབ་ན་རྒྱ་ནང་གི་སློབ་ཆེན་ཡག་གྲས་ཁག་ནང་འགྲོ་ཐུབ་པ་མ་རེད། ལྷ་སར་བོད་རིགས་སློབ་ཆེན་གཉིས་ཡོད་མོད། དེ་གར་སློབ་མཐར་ཕྱིན་པ་རྣམས་ལ་བྱ་བ་རག་ཁག་པོ་རེད། ཅེས་བརྗོད་བྱུང་། 

 

འདས་པའི་ལོ་འགའི་རིང་ཁམས་དཀར་མཛེས་ཁུལ་དུ་ཕྱོགས་ཡོངས་ནས་རྒྱ་ཡིག་གཙོ་བོར་འཛིན་པའི་འཛིན་གྲྭ་དང་སློབ་གྲྭ་བཙུགས་ཏེ། བོད་སྐད་ཡིག་གི་སློབ་གསོར་བཀག་སྡོམ་བྱས་ཡོད་པར་མ་ཟད། སློབ་གྲྭ་རེ་འགའི་ནང་བོད་ལྭ་གྱོན་མི་ཆོག་པ་དང་བོད་སྐད་བཤད་མི་ཆོག་པའི་སྒྲིག་ཁྲིམས་ཀྱང་བཟོས་ཡོད་འདུག  ཁམས་དཀར་མཛེས་བྲག་མགོ་རྫོང་ནས་ཡིན་པའི་སློབ་བུ་ཐུབ་བསྟན་ལགས་ཀྱིས་བརྗོད་རྒྱུར། ང་རང་བྲག་མགོ་རྫོང་མཁར་གྲོང་སློབ་ཆུང་དང་སློབ་འབྲིང་གཉིས་སུ་ཕྱིན་པ་ཡིན། སློབ་ཆུང་ལོ་རིམ་དང་པོ་ནས་བཟུང་རྒྱ་ཡིག་བསླབ་མགོ་བརྩམས་པ་ཡིན།  སློབ་ཆུང་ལ་སློབ་མ་ ༩༠༠ ཡོད་པ་ཕལ་ཆེ་བ་བོད་རིགས་རེད།  དགེ་རྒན་ ༨༠ ལྷག་ཡོད་པའི་ནང་དགེ་རྒན་བོད་པ་ ༢༠ མ་གཏོགས་མི་འདུག སློབ་འབྲིང་ནང་སློབ་མ་ ༡༠༠༠ ལྷག་ཡོད་པ་མང་ཆེ་བ་རྒྱ་རིགས་རེད།  ང་ཚོ་སློབ་གྲྭའི་ནང་བོད་ཡིག་མ་གཏོགས་གཞན་ཚང་མ་རྒྱ་ཡིག་སྟེང་ཁྲིད་ཀྱིན་ཡོད་ལ། སློབ་གྲྭའི་ནང་སློབ་མ་ཚོས་བོད་ལྭ་གྱོན་མི་ཆོག་ལ། བོད་སྐད་ཀྱང་བཤད་མི་ཆོག  བོད་ཡིག་སློབ་ཐུན་ཁོ་ན་མ་གཏོགས་གཞན་པའི་སློབ་ཐུན་གྱི་སྐབས་དང་། སློབ་གསེང་སྐབས་ཚང་མར་ཕན་ཚུན་བར་རྒྱ་སྐད་བཤད་དགོས།  བོད་སྐད་ཐོག་ཁ་བརྡ་བྱེད་བཞིན་པ་དགེ་རྒན་གྱིས་མཐོང་ཚེ་སློབ་མར་གཅར་རྡུང་དང་།  ཕ་མར་དངུལ་གྱི་ཆད་པ་གཅོད་ཀྱིན་འདུག  ད་ལྟ་ངས་རྒྱ་སྐད་བོད་སྐད་འདྲེས་མ་ཙམ་མ་གཏོགས་བོད་སྐད་གཙང་མ་བཤད་ཐུབ་ཀྱི་མེད།  འདི་སློབ་གྲྭ་དང་སློབ་གྲྭའི་དགེ་རྒན་ཚོས་བཟོས་པ་རེད། ཅེས་བརྗོད་བྱུང་།

 

དེང་སྐབས་བོད་སྐད་ཡིག་གི་སློབ་གསོ་སྤེལ་བཞིན་པའི་ས་ཁུལ་གཙོ་ཆེ་ཤོས་དེ་མཚོ་སྔོན་ཆགས་ཡོད། ཡིན་ནའང་། ལོ་སྔོན་མ་ནས་བཟུང་རྒྱ་ཡིག་གཙོ་བོ་ཡིན་པའི་སྐད་གཉིས་སློབ་གསོ་སྤེལ་མགོ་བརྩམས་པར་བརྟེན། སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་སློབ་མ་གཙོས་པའི་ཡུལ་མི་ཁྱིམ་བདག་ཚང་མས་སྲིད་ཇུས་དེར་ངོ་རྒོལ་གྱི་རྣམ་པ་ཤུགས་ཆེན་སྟོན་བཞིན་ཡོད་ཀྱང་། ཉེ་སྔོན་༼མཚོ་སྔོན་བོད་ཁུལ་བྱིས་གཉོར་སྐད་གཉིས་སློབ་གསོའི་ལས་གཞི་འཆར་འགོད་༽ཅེས་པ་གཏན་འབེབས་བྱས་ཏེ།  མཚོ་སྔོན་ཞིང་ཆེན་ཁོང་གཏོགས་ཀྱི་སློབ་གྲྭ་ཆུང་འབྲིང་ཕྱོགས་བསྡུས་བྱས་ཏེ། རྫོང་དང་གྲོང་རྡལ་དུ་གནས་སྤོར་བྱས་རྗེས་ས་གནས་གྲོང་སྡེ་ཁག་ཏུ་བྱིས་གཉོར་ཁང་གསར་འཛུགས་ཀྱིས་བྱིས་པའི་དུས་སྐབས་ནས་སྐད་གཉིས་སློབ་གསོར་གྲ་སྒྲིག་བྱེད་བཞིན་ཡོད། འདིའི་ཐད་མཚོ་བྱང་རྐང་ཚ་ནས་ཡིན་པའི་སློབ་བུ་སངས་རྒྱས་ལགས་ཀྱིས་རང་ཉིད་ཀྱིས་བརྒྱུད་མྱོང་བའི་སློབ་གྲྭའི་གནས་སྟངས་སྐོར་བརྗོད་དོན།  ང་རང་མཚོ་སྔོན་རྐང་ཚའི་བཅའ་སྡོད་སློབ་ཆུང་དང་རྫོང་སློབ་འབྲིང་གཉིས་སུ་སོང་མྱོང་ཞིང་། སློབ་གྲྭ་དེ་གཉིས་ཀྱི་སློབ་མ་ཚང་མ་བོད་རིགས་ཡིན་ལ། དགེ་རྒན་ཕལ་ཆེ་བའང་བོད་པ་རེད།  སློབ་ཆུང་སྐབས་བོད་ཡིག་མ་གཏོགས་བསླབ་དེབ་གཞན་ཚང་མ་རྒྱ་ཡིག་རེད། ཡིན་ནའང་། དགེ་རྒན་གྱིས་བོད་སྐད་ཐོག་འགྲེལ་བཤད་གནང་བ་ལ་བརྟེན་ནས་བསླབ་ཚན་དག་ཡག་པོ་ཤེས་ཀྱི་འདུག  སློབ་འབྲིང་ནང་བོད་ཡིག་འཛིན་གྲྭ་དང་རྒྱ་ཡིག་འཛིན་གྲྭ་རིགས་གཉིས་སུ་བགར་འདུག  བོད་ཡིག་འཛིན་གྲྭའི་ནང་རྒྱ་ཡིག་མ་གཏོགས་བསླབ་དེབ་གཞན་ཚང་མ་བོད་ཡིག་ཐོག་ཁྲིད་ཀྱི་ཡོད་པ་དང་། རྒྱ་ཡིག་འཛིན་གྲྭའི་ནང་བོད་ཡིག་མ་གཏོགས་བསླབ་དེབ་གཞན་ཚང་མ་རྒྱ་ཡིག་ཐོག་ཁྲིད་ཀྱི་ཡོད་པ་རེད།  སློབ་མ་ཚང་མ་འབྲོག་ཕྱོགས་ནས་ཡོང་བ་ཤ་སྟག་ཡིན་པར་བརྟེན་རྒྱ་སྐད་ཐོག་སློབ་ཁྲིད་བྱས་ན་གོ་ཁག་པོ་འདུག  བསླབ་དེབ་དག་ལས་ཆེས་ཁག་ཤོས་དེ་རྒྱ་ཡིག་རེད། དེར་མ་ཟད། མཐོ་འབྲིང་དང་སློབ་ཆེན་སྐབས་སློབ་ཡོན་ཧ་ཅང་མཐོན་པོ་དགོས་པས་མུ་མཐུད་སློབ་གྲྭར་བསྐྱོད་རྒྱུར་དཀའ་ཁག་ཆེན་པོ་འདུག  ཅེས་བརྗོད་བྱུང་།

ཐེངས་འདིར་གསར་འགོད་པའི་བོད་ནང་གི་སློབ་རའི་གནས་ཚུལ་ལ་རྒྱུས་ལོན་བྱས་པའི་གོ་རིམ་ཁྲོད། བོད་ནང་སློབ་གྲྭར་སྐྱོད་མཚམས་བཞག་སྟེ། དབུས་སྣེ་ལེན་ཁང་ལ་གསར་དུ་འབྱོར་ཡོད་པའི་བྱིས་པ་བཅུ་གྲངས་ཤིག་འདུག་ལ། ཁོ་ཚོ་ནི་དབུས་གཙང་དང་མདོ་སྟོད་སྨད་སོགས་བོད་ཀྱི་ས་ཁུལ་འདྲ་མིན་ནས་རེད།  ཁོ་ཚོའི་ཁྲོད་བོད་སྐད་གཙང་མ་བཤད་ཐུབ་མཁན་ཧ་ཅང་ཉུང་ཉུང་རེད།  ཡིན་ནའང་། ཁོ་ཚོར་སྤྱི་མཐུན་གྱི་སྐད་ཆ་གཅིག་ཡོད་པ་ནི། ང་ཚོ་རང་གི་ཕ་མ་དང་བྲལ་ཏེ་འདིར་བྲོས་བྱོལ་དུ་ཡོང་དོན་ནི་བོད་ཡིག་ཡག་པོ་ཞིག་སློབ་སྦྱོང་བྱ་ཆེད་ཡིན་ཟེར།

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

བོད་ནང་རང་བྱུང་གོད་ཆག་འབྱུང་སྐབས། པར་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་གནོད་ཐེབས་ས་ཁུལ་ཁག་ལ་ཚོད་འཛིན་གྱི་རིམ་པ་མཐོ་རུ་བཏང་།

ཆུ་ཚོད་ ༡༨ སྔོན་ལ།
A Taiwan flag is carried by a Chinook helicopter during a rehearsal for the upcoming National Day celebration in Taipei, Photo :REUTERS/Ann Wang/File
Old Blogs

རྒྱ་ནག་གིས་ཐའེ་ཝན་གྱི་སྐུ་ཚབ་ཚོགས་འདུར་ཞུགས་པར་སྐྱོན་བརྗོད་བྱས། 

ཆུ་ཚོད་ ༡༩ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད།

ཆུ་ཚོད་ ༢༡ སྔོན་ལ།
The Chinese People’s Liberation Army (PLA) Photo:ORF
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་བསྐྱར་བཅོས་བྱས་པའི་རྒྱལ་སྲུང་གི་ཁྲིམས་ཡིག་ཅིག་ལག་བསྟར་བྱ་རྒྱུ་ཡིན་འདུག

༢༠༢༦/༠༩/༠༣
Joshua Wong gets arrested by the police after protesting along with other activists at the Golden Bauhinia for the release of Liu Xiaobo at the Hong Kong Convention and Exhibition Centre in Wan Chai. 28JUN17 SCMP / David Wong
Mobile App

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ལ་ཚེ་བཙོན་ཁྲིམས་ཆད་འཕོག་སྲིད་སྐོར་བརྗོད་འདུག

༢༠༢༦/༠༩/༠༣
པར་བློ་བཟང་ལུང་རྟོགས་ལགས་ཀྱིས་མཁོ་འདོན་བྱས།
Mobile App

ཨོ་གླིང་གནས་མཁར་གསར་བོད་རིགས་མཐུན་ཚོགས་ཀྱིས་དམངས་གཙོའི་དུས་དྲན་སྲུང་གཙི་བྱས། 

༢༠༢༦/༠༩/༠༣

མཆན། 5

  1. ལུང་རྟོགས། says:
    ལོ་ 16 སྔོན།

    སྙིང་རྗེ་སློབ་ཕྲུག་ཚོ་ས་འདི་ན་ཡང་ཁྱོད་ཚོས་དོན་དུ་མཉེར་བའི་བོད་ཡིག་ལ་རིན་ཐང་གང་ཡང་མེད། གང་དྲག་བོད་མི་རིག་འདི་མཆི་ལམ་ནས་སྐྱབས་ཐུབ་རྒྱུའི་རེ་བ་མེད་པ་འདྲ། སྔོན་ལས་ཤིག་ཡིན་ནམ་ཡང་ན་འཕྲལ་རྐྱེན་ཞིག་ཡིན།

    Reply
  2. མཛེས་མ། says:
    ལོ་ 16 སྔོན།

    མཐུན་འབྲལ་ཡོད་ན་སྤྱི་སྐད་ཞོར་ནས་ཡོངས་་་

    Reply
  3. མགར: ནེ་ཙོ། says:
    ལོ་ 16 སྔོན།

    བོད་ཀྱི་རིག་གཞུང་ཉམས་རྒྱུད་ལས་དར་ཁྱབ་དང། དར་ཁྱབ་ལས་ལས་ཉམས་རྒྱུད་དུ་འགྲོ་བཞིན་ཡོད་པའི་སྐབས་འདི་ལ། ང་ཚོ་བོད་སྤྱིའི་ཁ་སྐད་སློབ་དེབ་ཞིག་གཏན་འབེབས་བྱེད་ཐུབ་སྲིད་རུང། དེ་ལ་རྒྱུན་འཁྱོངས་བྱེད་མཁན་ཧ་ཅང་གི་དཀོན་པོ་རེད་བསམ་གི། དེ་ལས་བོད་རིགས་སྤྱི་ཡོངས་ནས་བོད་ཀྱི་སྐད་ཡིག་འདིར་ཤུགས་རྦྱབ་སྟེ་འདིའི་་སྟེང་དུ་སྦྱངས་བ་མི་དམན་པ་བྱས་ཐུབ་ན། བོད་རིགས་ཡོངས་ཀྱི་སྐད་ཡིག་གཅིག་གྱུར་ནས་ཁ་སྐད་གཅིག་གྱུར་ཏུ་འགྲོ་བར་རེ་བ་ཆེ་གི།

    Reply
  4. སྒྲོལ་མ་མེ་ཏོག says:
    ལོ་ 16 སྔོན།

    དྲ་གྲོགས་ཀརྨ་རྡོ་རྗེ་ལགས། བོད་ལ་སྤྱི་སྐད་གཏན་ཁེལ་ཞིག་མེད་པས་བོད་སྤྱིའི་ཁ་སྐད་ཀྱི་སློབ་དེབ་གཏན་འབེབས་བྱ་རྒྱུ་དེ་ཅུང་ཁག་པོ་རེད། བོད་ཕྱི་ནང་གཉིས་ཀར་བོད་སྐད་ཡིག་གི་སློབ་དེབ་ཡོད་མོད། བོད་སྤྱིའི་ཁ་སྐད་ཀྱི་སློབ་དེབ་ཟེར་བ་དེ་འདྲ་ད་བར་མཐོང་ཐོས་མ་བྱུང་། ལྷ་སའི་སྐད་དང་ཨ་མདོའི་ཁ་སྐད་སྦྱོང་དེབ་ཟེར་བ་དེ་འདྲ་འདུག
    བོད་སྤྱིའི་ཁ་སྐད་ཀྱི་སློབ་དེབ་གཏན་འབེབས་བྱུང་མིན་དེ་བོད་ལ་སྤྱི་སྐད་དགོས་མིན་དང་སྤྱི་སྐད་འབྱུང་མིན་ལ་ཐུག་ཡོད་པར་སེམས།
    དེ་ནི་རྩོམ་པ་པོའི་རྣམ་དཔྱོད་ཙམ་ལས་གྲུབ་ཐུབ་པ་ཞིག་མིན་ཏེ། བོད་ཆོལ་ཁ་གསུམ་དང་དེ་དག་གི་མངའ་ཁོངས་ལུང་ཚན་བྱེ་བྲག་པ་སོ་སོའི་ཁ་སྐད་ཀྱི་རིན་ཐང་ངོས་འཛིན་བྱ་སྟངས་དང་། མི་དམངས་ཀྱི་དགོས་མཁོར་ཐུག་ཡོད་པ་ཞིག་མིན་ནམ་སྙམ།

    Reply
  5. ཀརྨ་རྡོ་རྗེ། says:
    ལོ་ 16 སྔོན།

    བོད་གཞིས་བྱེས་གཉིས་ནང་གི་སློབ་གྲྭའི་ནང་ལ། བོད་སྤྱིའི་ཁ་སྐད་ཀྱི་སློབ་དེབ་ཅིག་གཏན་འབེབས་བྱུང་ཐུབ་ཡོད་དམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese