མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

“བདེ་སྐྱིད་ལྡན་པའི་ལྷ་ས” – འོད་ཟེར།

བོད་ཀྱི་དུས་བབ།
༢༠༡༡/༠༢/༡༤
Share on FacebookShare on TwitterShare on EmailShare on Whatsapp

CCTV ཡིས་ལྷ་ས་བདེ་སྐྱིད་ཀྱི་ཚོར་སྣང་ཆེས་ཆེ་བའི་གྲོང་ཁྱེར་དུ་བདམས་འདུག

 

འོད་ཟེར་གྱིས་བརྩམས་དོན་གོས་བོད་བསྒྱུར་བྱས།



ཉེ་ཆར་ཕྱི་ཕྱོགས་ཀྱི་བརྒྱུད་ལམ་ཞིག་གིས་ཁ་པར་ཡོང་སྟེ་ལྷ་ས་གྲོང་ཁྱེར་དེ་དམངས་ལ་བདེ་སྐྱིད་ཀྱི་ཚོར་སྣང་ཆེས་ཆེ་བའི་གྲོང་ཁྱེར་དུ་བདམས་ཐོན་བྱུང་བའི་ཐད་ཁྱེད་ལ་ལྟ་ཚུལ་གང་ཡོད་དམ་ཟེར་ནས་དྲི་བ་མང་པོ་འདོན་མཁན་བྱུང་སོང་། ལོ་གསར་བའི་ལོ་མགོ་འདིར་གློ་བུར་དུ་ཟུར་ཟའི་རང་བཞིན་ལྡན་པའི་ལེགས་སྐྱེས་འདི་འདྲ་ཞིག་རག་སྟབས། ངས་ལྷ་སའི་མི་མང་ལ་འདིའི་ཐད་ཀྱི་བསམ་འཆར་རྒྱུས་ལོན་བྱ་འདོད་སྐྱེས་བྱུང་ལ། དགོད་ཞོར་དུ་ཕྱིར་ཁོང་ཚོར་ཉིན་མཚན་དབྱེར་མེད་དུ་མེ་མདའི་སོ་ཁ་ན་འཚོ་བ་རོལ་ཞིང་། ཐ་ན་དགོན་པར་མཆོད་མཇལ་འགྲོ་རྒྱུར་ཡང་འཇབ་རྒོལ་དང་སོ་ལྟའི་ཁྲོད་འགྲོ་དགོས་པའི་མི་མང་ལ་བདེ་སྐྱིད་ཀྱི་ཚོར་སྣང་ཞིག་ཇི་ལྟར་ཡོད་སྲིད་དམ། ཞེས་དྲིས་པ་ཡིན།



ཉིན་ཤས་རྗེས་སུ་རྫུན་གཏམ་གྱིས་ཕྱུག་པའི་གསར་འགྱུར་བརྒྱུད་ལམ་སྟེ། ཀྲུང་དབྱང་བརྙན་འཕྲིན་ཁང་གི་༼ དཔལ་འབྱོར་དང་འཚོ་བའི་བརྟག་དཔྱད་ཆེན་མོ ༽ཞེས་པའི་ལེ་ཚན་ནང་། སྤྱི་དམངས་ཀྱི་བདེ་སྐྱིད་ཚོར་སྣང་བརྟག་དཔྱད་བྱས་པའི་མཇུག་འབྲས་ཤིག་ཕྱིར་བསྒྲགས་བྱས་པ་དང་མཉམ་དུ། ལྷ་ས་གྲོང་ཁྱེར་ནི་ ༢༠༡༠ ལོའི་དམངས་ལ་བདེ་སྐྱིད་ཀྱི་ཚོར་སྣང་ཆེས་ཆེ་བའི་གྲོང་ཁྱེར་ཨང་དང་པོར་བདམས་ཐོན་བྱུང་ཡོད་སྐོར་བསྒྲགས་བྱུང་། སྐབས་དེར་ང་རང་ལ་ལྷ་ས་ནི་“ཆེས་བདེ་སྐྱིད་ལྡན་པའི་གྲོང་ཁྱེར” ཞེས་པར་བདམས་པ་དེ་ཐེངས་དང་པོ་མིན་པའི་ཚོར་སྣང་ཞིག་བྱུང་སྟེ། དྲ་ལམ་ལ་སྔོག་བཤེར་བྱས་སྐབས། ཐེངས་འདི་ནི་རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་ཆེ་ཤོས་ཤིག་གིས་ལོ་ལྔའི་རིང་བསྟུད་མུར་སྤྱི་དམངས་ཀྱི་འཚོ་བར་བརྟག་དཔྱད་བྱས་པའི་མཇུག་འབྲས་ཡིན་སྐོར་བཀོད་འདུག ལས་འགུལ་དེའི་ཁྲོད་ནས་རྒྱ་ནག་གི་གྲོང་ཁྱེར་བརྒྱ་ལྷག་གི་ཁྲོད་ནས་བསྟུད་མར་ཐེངས་བཞི་ལ་ལྷ་ས་ནི་“ཆེས་བདེ་སྐྱིད་ལྡན་པའི་གྲོང་ཁྱེར”གྱི་ཨང་དང་པོར་བདམས་ཐོན་བྱུང་ཡོད་པར་མ་ཟད། ཐེངས་ཤིག་ཨང་དང་པོ་ཐོབ་མེད་ཀྱང་ཐོག་མའི་ཨང་རིམ་གསུམ་གྱི་གྲས་སུ་བཞག་འདུག

 

འོ་ན། ཐེངས་དེ་ནི་ ༢༠༠༨ ལོ་ཨེ་ཡིན་ནམ། ཚང་མས་ཤེས་གསལ་ལྟར་ ༢༠༠༨ ལོའི་ཟླ་གསུམ་པར་བོད་ས་ཡོངས་སུ་བྱུང་བའི་ཞི་རྒོལ་ཆེན་མོ་དེ་ལྷ་ས་ནས་མགོ་བརྩམས་པ་རེད། གལ་སྲིད། ལྷ་སའི་མི་མང་ལ་བདེ་སྐྱིད་ཀྱི་ཚོར་སྣང་ལྡན་པ་ཡིན་ན་ངོ་རྒོལ་གྱི་ལས་འགུལ་དེ་འདྲ་ཞིག་ཅིའི་ཕྱིར་བརྩམ་དགོས་བྱུང་ཡོད་དམ། ༢༠༠༨ ལོར་ལྷ་སའི་མི་མང་ལ་བདེ་སྐྱིད་ཀྱི་ཚོར་སྣང་མེད་པ་མེད་པ་བདེན་ན། ༢༠༠༩ དང་ ༢༠༡༠ ལོར་ལྷ་སའི་མི་མང་གི་བདེ་སྐྱིད་ཀྱི་ཚོར་སྣང་ཆེ་རུ་ཕྱིན་པ་དེ་ཡ་མཚན་དགོས་པ་ཞིག་མ་རེད་དམ། རྒྱ་མི་རིགས་ལ་ལོ་རྒྱུས་ཀྱི་བསླབ་བྱ་བརྗེད་མཁན་ཚོར་“རྨ་ཤུལ་དྲག་རྗེས་ན་ཟུག་བརྗེད་འགྲོ”ཞེས་པའི་ཁ་རྒྱུན་ཞིག་ཡོད། དོན་དངོས་སུ་ལྷ་སའི་མི་མང་གིས་ཀྱང་ ༢༠༠༨ ལོའི་ཁྲག་མདོག་གི་ལོ་ཟླ་ལས་མགྱོགས་མྱུར་ངང་བདེ་སྐྱིད་ཀྱི་ཚོར་སྣང་ཞིག་སྐྱེས་ཏེ་ཡོང་བ་ཡིན་ནམ། ཡང་གཅིག་བཤད་ན། ༢༠༠༨ ལོར་ལྷ་སའི་མི་མང་ལ་སྡུག་བསྔལ་གྱི་ཚོར་སྣང་མེད་པར་རྒྱ་ནག་གི་གྲོང་ཁྱེར་གཞན་དག་གི་མི་མང་ལས་ལྷག་པའི་ “བདེ་སྐྱིད་ཀྱི་ཚོར་སྣང་”ལྡན་པ་ཡིན་ན། ཅིའི་ཕྱིར་འདས་པའི་ལོ་གཉིས་ནང་གཅིག་རྗེས་གཉིས་མཐུད་དུ་ཁྲོམ་ལམ་ནས་སྐད་འབོད་བྱ་དགོས་བྱུང་བ་ཡིན་ནམ།  

 

ལོ་སྔོན་མར་ང་ཟླ་གསུམ་རིང་ལྷ་སར་བསྡད་སྐབས་མིག་མཐོང་ལག་ཟིན་གྱི་གནས་ཚུལ་ལས་ལྷ་ས་ནི་དྲག་དམག་གིས་སྟངས་འཛིན་འོག་གནས་པའི་གྲོང་ཁྱེར་ཞིག་ཏུ་གྱུར་ཡོད་པ་གསལ་བོར་མཐོང་བྱུང་། ང་ཉིན་ཞིག་ལྷ་སའི་ཤར་ངོས་ཀྱི་བོད་མིའི་གྲོང་སྡེ་ཞིག་ཏུ་སྡོད་སྐབས། དམག་མིའི་རླངས་འཁོར་ཞིག་ཏུ་རྒྱལ་དར་དམར་པོ་བཏགས་ཤིང་། རྒྱང་སྒྲོག་ལས་གླུ་མ་ཚེ་བརྟན་སྒྲོལ་མའི་གླུ་གཞས་ “གུང་ཁྲན་ཏང་བསླེབས་ཏེ་སྡུག་བསྔལ་སེལ” ཞེས་པའི་གཞས་གཏོང་བཞིན་བསླེབས་བྱུང་ལ། དེའི་རྗེས་སུ་དམག་མིའི་རླངས་འཁོར་བཅུ་གྲངས་ཤིག་བང་བསྒྲིགས་ཏེ་བསླེབས་སོང་། དེ་ནས་དམག་མིའི་རླངས་འཁོར་ཞིག་བསླེབས་པའི་རྗེས་སུ་ XZ རྟགས་ཅན་གྱི་རླངས་འཁོར་ཨང་ ༠༠༡ ནས་ ༠༠༥ བར་རིམ་པ་བཞིན་བསྒྲིགས་འདུག རླངས་འཁོར་དེའི་སྒམ་གྱི་གཡས་གཡོན་གཉིས་སུ་མེ་མདའ་ཐོགས་པའི་དམག་མི་རུ་བསྒྲིགས་འདུག་ལ། དེའི་རྗེས་སུ་ཀྲོང་པཱ་རྟགས་ཅན་གྱི་རླངས་འཁོར་ལྔ་ཙམ་གདོང་འབག་གྱོན་ཞིང་མེ་མདའ་ཐོགས་པའི་དམག་མིས་ཁེངས་འདུག གཞུག་ཏུ་དམག་མིའི་རླངས་འཁོར་ ༠༠༦ དང་༠༠༧ ཅན་བཅས་རུ་བསྒྲིགས་ཏེ་ཕྱིན་སོང་།

 

སྐབས་དེར་རྒན་ཡོལ་གནང་ཟིན་པའི་བོད་མི་ཤེས་ཡོན་པ་ཞིག་གིས། ལོ་གཉིས་རིང་ལྷ་ས་ནི་ཨི་རག་གི་རྒྱལ་ས་ Baghdad ལྟ་བུར་གྱུར་འདུག་ཟེར་ལ། དངོས་ནས་ལྷ་སའི་ནུབ་ཁུལ་གྱི་རྒྱ་མིས་བོགས་མར་བླངས་པའི་ས་ཆ་ལས་གཞན་གང་སར་མེ་མདའ་ཐོགས་པའི་དམག་གིས་ཁེངས་འདུག་ལ། ཐ་ན་ལྷ་སའི་གཙུག་ལག་ཁང་གི་གཡས་གཡོན་དང་ཁང་ཐོགས་སོགས་སུ་ཉིན་མཚན་དབྱེར་མེད་དུ་སོ་ལྟའི་དམག་མི་གཏན་སྡོད་བྱས་འདུག  དོན་དངོས་སུ་ཁོང་ཚོས་མེ་མདའི་ཁ་གཏོད་ཡུལ་དེ་ངོ་རྒོལ་བ་མིན་པརམི་རིགས་ཤིག་ཆགས་འདུག གནས་སྟངས་དེ་དག་ལ་གཞིགས་ཏེ་བོད་མི་མང་ཆེ་བས་འཇིགས་སྣང་གི་ཁྲོད་ནས་སྐད་ཆ་བཤད་མ་ཐུབ་པ་ལས། སྲིད་གཞུང་ལ་མི་དགའ་བའི་རྣམ་འགྱུར་ཤུགས་ཆེན་ཡོང་གི་ཡོད་པ་དང་། དུས་ནམ་ཡང་གསབ་ཐབས་མེད་པའི་མི་མང་གི་སེམས་ཁམས་འདི་ལ་བརྟེན་ཏེ། བོད་རྒྱ་མི་རིགས་གཉིས་ཀྱི་མཐུན་སྒྲིལ་དེ་ཡང་དུས་གཏན་དུ་བསྒྲུབ་ཐབས་མེད་པའི་གནས་སུ་གྱར་ཡོད་པའི་ཚོར་སྣང་བྱུང་སོང་།  


ཡང་སྐབས་དེར་ངས་བོད་མི་གཉིས་རང་ཤི་བརྒྱབས་པའི་གནས་ཚུལ་ཞིག་ཀྱང་གོ་བྱུང་། གནས་ཚུལ་གཅིག་ནི། ལྷ་སའི་ལྷུན་གྲུབ་རྫོང་མི་དམངས་སྨན་ཁང་གི་སྨན་པ་ཞིག་རེད། ཁོང་གིས་ ༢༠༠༨ ལོའི་ཟླ་ ༣ པའི་ངོ་རྒོལ་ཁྲོད་གཞུང་ཕྱོགས་ནས་གྲྭ་བཙུན་མང་པོ་འཛིན་བཟུང་བཙོན་འཇུག་དང་གཅར་རྡུང་མནར་གཅོད་བྱས་པའི་སྣང་ཚུལ་མཐོང་སྟེ། རང་སེམས་གནོན་མ་ཐུབ་པར་ལོ་དེའི་ལོ་སར་སྐབས་སུ་ལྷ་སའི་མགྲོན་ཁང་ཞིག་ནས་སྐེ་ལ་ལྕེབ་ཐག་བཞག་ཏེ་རང་ཤི་བརྒྱབ་འདུག་ལ། ཡང་གནས་ཚུལ་གཞན་དེ་ནི། རང་ལོ་སུམ་བཅུ་ཡས་མས་ཡིན་པའི་དགེ་འདུན་པ་ཞིག་ཡིན་ཞིང་། ཁོང་གིས་སྐབས་དེར་དགོན་པའི་ནང་རྒྱུན་དུ་རྒྱལ་གཅེས་ཆོས་གཅེས་ཀྱི་ལས་འགུལ་སྤེལ་བ་དང་། གཞུང་ལ་ཁོང་གནས་ཆེན་ཞིག་ཏུ་སྒོམ་རྒྱག་པར་འགྲོ་བའི་རེ་སྐུལ་ཡང་ཡང་ཞུས་ཀྱང་དང་ལེན་མ་བྱས་པ་སོགས་ཀྱི་དབང་གིས། སྔར་ལོའི་ཟླ་ ༨ པའི་ནང་ལྷ་སའི་དཀྱིལ་ཆུ་རུ་མཆོངས་ཏེ་རང་ཤི་བརྒྱབས་འདུག

 

གཅིག་བྱས་ན་གོང་གི་དོན་རྐྱེན་འདི་གཉིས་ཀྱིས་ལྷ་སའི་མི་མང་ལ་བདེ་སྐྱིད་མེད་པ་གསལ་བཤད་བྱ་དཀའ་ཡང་། ངའི་དྲན་སྣང་ལ་གསུམ་གཅིག་བཞིའི་དོན་རྐྱེན་བྱུང་རྗེས་ཀྱི་ཉིན་ལྔ་པར་ཧོང་ཀོང་དུ་རྟེན་གཞི་བྱས་པའི་(རྒྱ་བྱ་བརྙན་འཕྲིན) ཁང་གི་གསར་འགོད་པས་ལྷ་སའི་ཁྲོམ་ལམ་དུ་ལྷ་ས་མི་མང་གི་འཚོ་བ་རྒྱུན་ལྡན་སླར་གསོ་བྱུང་ཡོད་པའི་གནས་ཚུལ་བསྒྲགས་ཡོད་པ་དྲན་སོང་། སྐབས་དེར་གསར་འགོད་པས་བཅར་འདྲི་ཞུ་ཡུལ་ལྷ་སའི་མི་སེར་དེ་དག་རྒྱ་རིགས་ཁོ་ན་ལས་མེད་སྟབས། ལྷ་ས་དེ་འཆམ་མཐུན་གཅིག་གྱུར་གྱི་རྒྱ་རིགས་ཁོ་ནའི་གྲོང་ཁྱེར་ཞིག་ཏུ་མཐོང་ཡོད་ལ། སྐབས་དེར་གསར་འགོད་པར་གདམ་གསེས་ཀྱི་དབང་ཆ་ཡོད་ཀྱང་། ཁོང་མོའི་མཐོང་སྣང་དེ་དག་ལས་ལྷ་སར་འཚོ་བཞིན་པའི་མི་མང་ཁྲོད་བོད་རིགས་དཀོན་པ་མཚོན་ཡོད། ཁོ་མོས་རྒྱ་རིགས་དེ་དག་ལྷ་སའི་མི་སེར་དངོས་ཡིན་པ་གཞིར་བཞག་གིས་བཅར་འདྲི་བྱས་ཡོད་སྟབས། ཐེངས་འདིའི་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ CCTV ཡིས་བརྟག་དཔྱད་བྱས་པའི་ལྷ་ས“ཆེས་བདེ་སྐྱིད་ལྡན་པའི་གྲོང་ཁྱེར་”དུ་བརྩི་མཁན་དེ་དག་ཀྱང་ལྷ་ས་རང་གི་བོད་རིགས་ཡུལ་མི་མིན་པ་ར་སྤྲོད་ཐུབ་པ་ཞིག་རེད།  

འབྲེལ་ཡོད་གསར་འགྱུར།

Gaden Tripa Lobsang Dorje presenting traditional offerings to His Holiness the Dalai Lama during Ganden Ngamchö Celebrations at Drepung Monastery in Mundgod, Karnataka, India on December 14, 2025. Photo by Ven Zamling Norbu
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དགེ་བཤེས་ལྷ་རམས་པའི་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་ཕུལ།

ཆུ་ཚོད་ ༢ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཞབས་སོར་བདེ་བར་བཀོད། ༢༠༢༦།༡༢།༡༢ དུས་བབ་ཀྱི་པར།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཞབས་སོར་བདེ་བར་འཁོད།

༢༠༢༥/༡༢/༡༢
བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་རྒྱ་ནག་གཞུང་གིས་བོད་ཀྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་བྱ་ཕྱོགས་ཐད་ཐེ་ཇུས་དང་འགན་དབང་ཡོད་སྐོར་བརྗོད་བཞིིན་པར་མཐའ་གཅིག་ཏུ་འགག་པ་ཡོད་པའི་བསྒྲགས་གཏམ་སྤེལ། ༢༠༢༥།༡༢།༡༢ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་ལ་ཐེ་ཇུས་བྱེད་བཞིན་པར་ངོ་རྒོལ་ཡོད།

༢༠༢༥/༡༢/༡༢
The Panchen Lama (right) says reincarnated living Buddhas must be identified within China and approved by the central government. Photo: Handout
Mobile App

རྒྱལ་མཚན་ནོར་བུས་རྒྱ་གཞུང་གི་ཆོག་མཆན་འོག་ནས་ཡང་སྲིད་འཚོལ་དགོས་པ་བསྐྱར་ཟློས་བྱས།

༢༠༢༥/༡༢/༡༡
TT
Mobile App

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་ཞབས་སོར་བདེ་བར་འཁོད།

༢༠༢༥/༡༢/༡༡
tibettimes
Mobile App

༸གོང་ས་མཆོག་ལ་ནོ་སྦེལ་ཞི་བདེ་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ངོ་ ༣༦ འཁོར་བའི་དུས་དྲན་སྲུང་གཙི་ཞུས་སོང་།

༢༠༢༥/༡༢/༡༠

མཆན། 6

  1. ནད་པ says:
    ལོ་ 15 སྔོན།

    དབྱིན་ཡིག་སོགས་སུ་བསྒྱུར་ཏེ་གནས་ཚུལ་མཁོ་གཏོང་གནང་ཚེ་དེར་དགག་བྱ་ཅི་ཡང་མེད།

    གང་ཡིན་ཟེར་ན་ལོ་ངོ་ ༢༠ ནས་༣༠ ནང་ཚུད་རྒྱ་བོད་ཀྱི་དཀའ་ངལ་འདི་སེལ་མ་ཐུབ་ཚེ་ནམ་ཞིག་ལྷ་ས་གཙོས་པའི་བོད་ལྗོངས་དང་བོད་རིགས་མི་དམངས་རྣམས་ཀྱི་འཚོ་གནས་དང་། རིག་གཞུང་། སྐད་ཡིག ཆོས་ལུགས། ཁོར་ཡུག་སོགས་ཕྱོགས་གང་སར་གསོབ་ཏུ་མེད་པའི་བོད་མི་རིགས་ཀྱི་གྱོང་གུད་གཅིག་ཐེབས་རྒྱུར་ཐེ་ཚོམ་མེད།

    ཡིན་ནའང་༸ བོད་ཀྱི་ཆེས་བླ་ན་མེད་པའི་དབུ་འཁྲིད་༸ གོང་ས་མཆོག་སྐུ་ཞལ་འཚོ་བཞིན་བཞེངས་པའི་སྐབས་སུ་རྒྱ་བོད་ཀྱི་གནད་དོན་ཐག་གཅོད་གཅིག་ཐུབ་ཚེ་བོད་རྒྱ་མི་རིགས་གཉིས་ཀར་ཁེ་ཕན་དང་། མཐུན་སྒྲིལ་ངང་ཡུན་རིང་མཉམ་གནས་ཐུབ་ལ་དེ་ལས་ལྡོག་ཏེ་༸ གོང་ས་མཆོག་གི་སྐུ་ཚེའི་མཐའ་མཇུག་ཏུ་བོད་ལྗོངས་དང་གང་ཉིད་ཀྱི་ལས་དབང་དེ་གཞན་ཡུལ་དུ་གཏན་ནས་ཁ་བྲལ་དུ་སོང་ཚེ་ད་གཟོད་གཞན་གྱིས་ཚབ་མཚོན་མི་ནུས་པའི་༸ གོང་ས་མཆོག་ཀྱང་མེད་ལ་བོད་ལྗོངས་སུ་བརྟན་བརླིང་དང་རྒྱ་བོད་ཀྱི་དཀའ་ཚེགས་གཏན་དུ་སེལ་ཐབས་བྲལ་ཡོད།

    ཡིན་ནའང་ངས་གསལ་བཤད་གནད་ལ་འཁེལ་བ་ཞིག་གཅིག་བྱེད་འདོད་པ་དེ་གང་ཡིན་ཟེར་ན་ད་ལྟ་དུས་རབས་ཉེར་གཅིག་འདིའི་ནང་བོད་ཀྱི་ལས་དབང་དེ་རྒྱ་མིའི་ལས་དབང་ཡིན། རྒྱ་ནག་རྒྱལ་ཁབ་དེ་ཇི་ཙམ་སྟོབས་ཆེན་ཆགས་ཚེ་ད་གཟོད་བོད་ལྗོངས་དང་བོད་རིགས་ཡང་སྟབས་ཆེན་དུ་འགྱུར་ཐུབ་ལ་རྒྱ་ནག་དང་རྒྱ་མི་རིགས་དེ་ཇི་ཙམ་གུད་ན་བོད་ལྗོངས་དང་བོད་རིགས་རྣམས་ཀྱང་རང་བཞིན་སྐྱོ་པོ་ཆགས་རྒྱུར་ཐེ་ཚོམ་ཁྱོན་ནས་མེད།

    དེ་འདྲ་སོང་ཙང་བོད་ཀྱི་གནད་དོན་དེ་གང་མགྱོསག་ཅི་མྱུར་དུ་སེལ་ཐབས་བྱེད་དགོས་ལ། ལར་ནས་༸ གོང་ས་མཆོག་གིས་གང་ཉིད་ལོ་ངོ་ ༡༠ ནས་ ༢༠ ནང་ཚུད་དུ་ངེས་པར་དུའང་རྒྱ་ནག་དང་བོད་ལྗོངས་སུ་མགྱོགས་ནས་མྱུར་དུ་ཕེབས་དགོས།

    རྒྱ་བོད་མཐུན་སྒྲིལ་དང་། བོད་ཀྱི་སྤྱི་ཚོགས། བོད་རིགས་འཆམ་མཐུན། བཅས་བྱེད་པར་༸ གོང་ས་མཆོག་ལས་ལྷག་པའི་མི་གཅིག་རྒྱ་བོད་གཉིས་ཀྱི་ནང་དུ་མེད་སྟབས་རྒྱ་ནག་གཞུང་གིས་ངོས་ནས་བཤད་ན་༸ གོང་ས་ཏྰ་ལའི་བླ་མ་ནི་ཆེས་རྩ་ཆེའི་རིན་བྲལ་གྱི་ནོར་བུ་གཅིག་རང་ཉིད་ཀྱི་ལག་ཏུ་འབྱོར་བ་དང་ཁྱད་པར་མེད།

    ༸ གོང་ས་མཆོག་གི་ངོས་ནས་བཤད་ན་རང་གིས་གཅེས་པའི་ཕ་ཡུལ་དང་། རང་རིགས་བོད་རིགས་མི་དམངས་ཀྱི་རེ་བ། མེས་རྒྱས་ཁྱིམ་ཚང་ཆེན་པོའི་བདེ་སྐྱིད། རྒྱ་རིགས་དད་ལྡན་སྤྱི། མདོར་ན་རྒྱ་བོད་མི་རིགས་གཉིས་ཀྱི་འགྲོ་བ་མིའིརིགས་ཀྱི་འཚོ་གནས་དང་དགོས་མཁོར་གཞན་གྱིས་ཚབ་མཚོན་མི་ནུས་པའི་དབང་གྲགས་དང་ནུས་པ་ལྡན་ཡོད་སྟབས། མགོན་པོ་གང་ཉིད་ཀྱི་མཛད་འཕྲིན་གྱི་ཆེས་རླབས་ཆེ་བའི་མཐའ་མཇུག་གི་གྲུབ་འབྲས་དེས་རྒ྄བོད་གཉིས་ཀྱི་ལོ་རྒྱུས་དེབ་ཐེར་གྱི་ནང་དུ་ནམ་ཡང་བསྐལ་པར་གནས་ངེས་ཡིན།

    དེ་ལས་ལྡོག་ཏེ་༸ གོང་ས་མཆོག་ཕྱི་རྒྱལ་དུ་སྐུ་གཤེགས་པའི་གནས་ཚུལ་བྱུང་ཚེ་ད་གཟོད་རྒྱ་ནག་གཞུང་གིས་ཨ་སྒོར་དུང་ཕྱུར་སྤྲད་ནས་ཉོ་ཐབས་མེད་ལ་བོད་ལྗོངས་མི་དམངས་ཀྱིས་ངོས་ནས་མཚོན་ན་རྦད་དེ་སེམས་སྡུག་དང་། ཡི་ཆད་། སྐྱོ་གདུང་གིས་གནས་སུ་གྱར་ཏེ་རྒྱ་བོད་མི་རིགས་གཉིས་འགལ་ཟླ་དེ་ནམ་ཡང་རྣོ་ངར་ཅན་ཞིག་ཏུ་འགྱུར་རྒྱུ་ལས་སུས་ཀྱང་བཅོས་ཐབས་མེད་པའི་ནད་གཞི་ཨེཙེ་ཟེར་བ་དང་ཆོས་མཚུངས་སུ་འགྱུར་རྒྱུ་རང་རེད།

    དེར་བརྟེན་ངས་དྲ་གྲོགས་ཡོངས་ལ་རྒྱ་བོད་མི་རིགས་གཉིས་ཀྱི་མཐུན་སྒྲིལ་ཁྲི་ལོར་བརྟན་བའི་སྨོན་འདུན་ཞུ་རྒྱུ་ཡིན།

    Reply
  2. ལྷ་ཆབ་སྦྱིན་པ། says:
    ལོ་ 15 སྔོན།

    ལྷ་ས་ནི་ལྷ་འདྲེ་མཉམ་རྩེད་ཀྱི་འདུ་ར་ཞིག་གོ།

    Reply
  3. ནད་པ says:
    ལོ་ 15 སྔོན།

    རྩོམ་པོ་འོད་ཟེར་ལགས་ཀྱིས་བདེ་སྐྱིད་ལྡན་པའི་ལྷ་ས་ཞེས་པའི་དཔྱད་རྩོམ་ཞིག་དྲ་ཐོག་ཏུ་སྤེལ་བར་བསྔགས་བརྗོད་ཞུ། ངས་རྩོམ་ཡིག་འདི་བཀླགས་མ་ཐག་ཏུ་ངས་རང་ཉིད་ཀྱིས་མིའི་ཚེའི་བརྒྱུད་རིམ་ནང་དུ་དངོས་སུ་མིག་མཐོང་ལག་ཟིན་བྱུང་བའི་བོད་ཀྱི་རྒྱལ་ས་ལྷ་སའི་སྐོར་ལ་ཅུང་ཟད་གཅིག་གླེང་འདོད་བྱུང་། དྲ་ཐོག་ཏུ་ཕེབས་མཁན་ཚོས་དངོས་ཡོད་གནས་ཚུལ་ཤེས་རྟོགས་ཐུབ་རྒྱུ་དེ་ངའི་རེ་བ་ཡིན།

    བདེ་སྐྱིད་ལྡན་པའི་ལྷ་སར་བལྟས་ནས་ཕྱི་ནང་གཉིས་ཀྱིས་སྒོ་ནས་བལྟ་ཚུལ་མི་འདྲ་ཁག་གཉིས་ཡོད། དེ་ཡང་ཕྱི་རོལ་ཡུལ་གྱི་ངོས་ནས་བལྟས་ན་ལྷ་ས་གྲོང་ཁྱེར་ནི་ཕྱི་ལོ་ ༡༩༩༥ལོའི་ཡར་སྔོན་ལ་ངས་མཐོང་མྱོང་བའི་ལྷ་ས་ནི་ཕྱི་ཁང་བརྩེགས་ཐོག་ཅན་དེ་ཙམ་མཐོན་པོ་དང་ཆེས་མཛེས་སྡུག་ལྡན་པའི་ཁང་པའི་བཀོད་པ་ཡང་ཆེས་ཉུང་ཉུང་ཡིན།
    དེ་བཞིན་མི་འགྲུལ་ལམ་དུ་འགྲོ་བར་བྱེད་པའི་ཆ་ནས་བལྟས་ན་དེ་བས་འཆར་གཞི་དང་ལྡན་པའི་འགྲོ་ལམ་ཡག་པོ་མེད་ཁར་གཡས་གཡོན་གང་སར་གད་སྙིགས་ཡང་ཧ་ཅང་མང་པོ་མཐོང་རྒྱུ་ཡོད། གྲོང་སྡེ་ཁག་ཏུ་གནས་སྡོད་མཁན་གྱི་མི་དམངས་ཚོའི་ཁང་པ་དང་། གློག འཐུང་ཆུ། གསང་སྤྱོད་སོགས་ཀྱི་གནས་སྟངས་ཀྱང་དེ་བས་ཧ་ཅང་གི་ཡག་པོ་མེད། མ་ཟད་ཚོང་ཁང་དང་། ཟ་ཁང་། ཇ་ཁང་། ཆང་ཁང་། ཁྲོམ་རྭ། གློག་བརྙན་ཁང་། ཞབས་བྲོ་ཁང་སོགས་ཀྱི་ཕྱིའི་མཐུན་རྐྱེན་དེ་བས་སྐྱོ་པོ་ཡིན། ད་དུང་གྲོང་ཁྱེར་གྱི་ནང་དུ་ཡར་མར་འགྲོ་འོང་བྱེད་དུས་ལྷ་སའི་གྲོང་དང་སྲང་ལམ་དག་ཏུ་རྒྱ་བོད་འདྲེས་མའི་མི་རྣམས་ཕར་འགྲོ་ཚུར་འོང་བྱེད་བཞིན་ཡོད་ནའང་མང་ཆེ་བ་བོད་རིགས་མི་དམངས་རྣམས་མིག་མདུན་དུ་མཐོང་རྒྱུ་ཡོད། དེ་ནི་རྒྱ་ནག་དབུས་གཞུང་གིས་བོད་རིགས་སྤྱི་དང་ལྷག་དོན་རྒྱལ་ས་ལྷ་སའི་བོད་དབུས་ཁུལ་དུ་ཆབ་སྲིད་ཀྱི་རླུང་ཡན་འཚུབ་འཚུབ་ཡང་ཡང་བྱུང་བའི་རྐྱེན་གྱིས་ཡིན་པར་མ་ཟད་ལར་ནས་བོད་ལྗོངས་གདེང་རབས་ཅན་དུ་བསྒྱུར་རྒྱུའི་ཐད་ལ་རྒྱ་ནག་གཞུང་གི་སྲིད་ཇུས་ལ་ནོར་འཁྲུལ་དང་རྗེས་ལུས་ཚབས་ཆེ་ཐེབས་ཡོད། དེ་ནི་ངས་དངོས་སུ་མཐོང་ཐོས་མྱོང་གསུམ་བྱུང་བའི་དངོས་ཡོད་ཀྱི་གནས་ཚུལ་ཤ་སྟག་ཡིན།

    ཕྱི་ལོ་ ༢༠༠༧ ལོར་ང་ལོ་ངོ་ ༡༣ ཙམ་གྱིས་རྗེས་སུ་བོད་དུ་བསྐྱོད་དུས་ངའི་མིག་གིས་མཐོང་བའི་ལྷ་སའི་ཕྱིའི་བཀོད་པ་རྣམས་མཐོང་མ་ཐག་ཏུ་དེ་བས་ཆེས་མཛེས་སྡུག་ལྡན་པ་ཞིག་ངའི་མིག་ལམ་དུ་དངོས་སུ་མིག་ཟིན་ལག་མཐོང་བྱུང་བ་དག་ནི། སྔར་ལྟར་མི་འདྲ་བའི་ཁང་བརྩེགས་ཅན་གང་སར་མཐོང་རྒྱུ་འདུག་ལ་ལྷ་ས་གྲོང་ཁྱེར་གྱི་ཕྱིའི་བཀོད་པ་མཛེས་ལ་འཆར་གཞི་ལྡན་པ། འགྲོ་ལམ་ཡངས་ཤིང་རྒྱ་ཆེ་ལ་ངོས་གཙང་བ། གད་སྙིགས་སོགས་ཅུང་ཟད་མཐོང་རྒྱུ་མི་འདུག དེ་བཞིན་གློག་དང་། འཐུང་ཆུ། གསང་སྤྱོད། གྲོང་སྡེ་སོགས་ཕྱོགས་གང་སར་ཡར་རྒྱས་ཆེན་པོ་བཏང་འདུག

    དེ་བཞིན་མཚན་མོ་ཡང་གློག་འོད་ཆེམ་ཆེམ་གྱིས་ཁྱབ་ཅིང་ཉིན་པར་ལས་ཀྱང་མཚན་མོ་དེ་བས་ཆེས་མཛེས་སྡུག་ལྡན་པའི་ལྷ་ས་གྲོང་ཁྱེར་ཞིག་ཏུ་འཛུགས་སྐྲུན་བྱས་དང་བྱེད་བཞིན་འདུག

    ཡིན་ནའང་ངས་ཕྱི་ལོ་ ༡༩༩༥ ལོའི་སྔོན་གྱི་ལྷ་སའི་ནང་གི་ངོས་བལྟས་ན་སྲང་ལམ་ཁག་ཏུ་རྒྱ་མི་སྤྲང་པོ་མང་པོ་མཐོང་བྱུང་ཀྱང་ལོ་ངོ་ ༡༣ ཕྱིནཔའི་རྗེས་སུ་ལྷ་སའི་ཟ་ཁང་དང་སྲང་ལམ་ཁག་ཏུ་རྒྱ་མི་སྤྲང་པོ་གཅིག་ཀྱང་མཐོང་མ་བྱུང་། བོད་རིགས་ལྟོ་སློང་མཁན་གྱི་སྤྲང་འཁྱམས་མང་དག་གཅིག་ངས་མིག་གིས་མཐོང་བྱུང་།

    ཕྱི་ལོ་ ༡༩༩༥ ལོའི་ཡས་མས་སུ་ཞོག་པ་སྲང་ལམ་ཁག་ཏུ་གད་ཕྱིས་རྒྱག་མཁན་མང་ཆེ་བ་རྒྱ་མི་ཡིན་ནའང་ལོ་ངོ་ ༡༣ འདས་པའི་རྗེས་སུ་འགྲོ་ལམ་གཙང་མ་བཟོ་མཁན་དང་གད་ཕྱིས་རྒྱག་མཁན་བོད་རིགས་ཤ་སྟག་མིག་གིས་མཐོང་ཐོས་བྱུང་།
    ད་དུང་ ༡༩༩༥ ལོའི་དུས་སྐབས་སུ་ལྷ་སའི་གྲོང་དང་སྲང་ལམ་ཁག་ཏུ་ཕར་འགྲོ་ཚུར་འོང་བྱེད་མཁན་མང་ཆེ་བ་བོད་རིགས་མཐོང་རྒྱུ་ཡོད་ཀྱང་ ༢༠༠༧ ལོར་ང་ལྷ་སར་འབྱོར་མ་ཐག་ཏུ་སྔར་གྱི་ལྷ་སའི་བོད་རིགས་མི་དམངས་རྣམས་གང་དུ་ཕྱིན་ནམ་བསམས་པའི་འཚོར་སྣང་སྐྱེས་པ་མ་ཟད་མིག་གི་མདུན་དུ་མཐོང་ཚད་རྒྱ་རིགས་ཤ་སྟག་ཡིན་སྟབས་ཡང་སྙིང་ང་བོད་ལྗོངས་སུ་སླེབས་སམ་ཡང་ན་རྒྱ་མིའི་གྲོང་ཁྱེར་ཞིག་ཏུ་འབྱོར་རམ་བསམས་པའི་འཚོར་བས་ཉིན་ཤས་ང་བློ་སེམས་བདེ་པོ་མེད་པའི་འཚོར་བས་སེམས་ནང་སྟོང་ལྷང་ལྷང་གི་ན་ཟུག་གཅིག་འབྱིན་བྱུང་།

    ཉིན་གཅིག་འཚོང་ཁང་ཆེན་པོ་ཞིག་ཏུ་གོས་ཉོ་བར་ཕྱིན་པས་ཚོང་ཁང་དེའི་སྦྱིན་བདག་རྒྱ་རིགས་རེད་འདུག་ ནང་དུ་འཚོང་རྒྱག་མཁན་བོད་རིགས་བུ་མོ་གཅིག་མཐོང་བས་ངས་མོ་ལ་སྐད་ཆ་ཁ་ཤས་དྲིས་ཏེ། ཁྱེད་རང་སློབ་གྲྭ་ཆེན་མོར་ཅིའི་ཕྱིར་མ་སོང་ཞེས་དྲིས་པར་མོས་ང་རང་ནང་སྐྱོ་པོ་ཡིན་སྟབས་སློབ་གྲྭ་ཆེན་མོར་འགྲོ་ཐུབ་མ་སོང་ཟེར། ཁྱོད་ལ་ཟླ་རེར་གླ་ཆ་ཇི་ཙམ་ཡོད་དྲིས་པར་མོས་ཉིན་གུང་ཁ་ལག་ཕུད་ཟླ་རེར་རྒྱ་སྒོར་ ༨༥༠། ལས་མེད་ཟེར།

    དེ་ནས་ཉིན་གཅིག་ངས་འཕེན་པོའི་ཡུལ་དུ་ཇོ་བོ་བཀའ་གདམས་པའི་གདན་ས་དང་མཆོད་རྟེན་ ༡༠༨ ཟེར་བའི་སར་ཆེད་དུ་གནས་མཇལ་དུ་སོང་བ་ཡིན།
    ཚུར་འཁོར་མ་ཐག་ལམ་བར་དུ་མོ་ཊ་ཁྲུས་ས་ཞིག་ཏུ་ཡུན་ཙམ་རླངས་འཁོར་གཙང་བཀྲུ་བྱས་ཏེ་བསྡད། སྐབས་དེར་མོ་ཊ་ཁྲུ་མཁན་ཡོངས་རྫོགས་བོད་ཀྱི་གྲོང་གསེབ་ཁག་ནས་སླེབས་པའི་བོད་རིགས་བུ་མོ་ལོ་ ༢༠ ནས་༣༠ བར་དུ་སླེབས་སྙམ་པའི་བུ་མོ་ ༡༠ ཙམ་འདུག ངས་བུ་མོ་གཅིག་འཁྲིས་སུ་ཕྱིན་ཏེ་ཁྱེད་ཚོ་གང་ནས་ཡིན་ཞེས་དྲིས། མོས་ང་ཚོ་ཚང་མ་བོད་ཀྱི་གྲོང་གསེབ་ཁག་ནས་གླ་འཚོལ་བར་ཡོང་བ་ཡིན་ཟེར། ཁྱོད་ཚོར་གླ་ཆ་ཇི་ཙམ་ཡོད་དྲིས་པར་མོས་ཁང་པ་དང་ལྟོ་ཕུད་པའི་ཟླ་རེར་སྒོར་ ༣༥༠། ཡོད་ཟེར།

    ད་དུང་ཉིན་གཅིག་ལྷ་ས་སྨན་རྩིས་ཁང་གི་ཉེ་འཁྲིས་སུ་ཡོད་པའི་བོད་ཟས་ཁང་ཆེན་པོ་ཞིག་ཏུ་གྲོགས་པོ་ཁ་ཤས་དང་མཉམ་དུ་ཕྱིན། གྲོགས་པོས་ཟ་ཁང་དེའི་སྦྱིན་བདག་བོད་རིགས་གཅིག་རེད་ཟེར་བས་ངའི་སེམས་ལ་དགའ་བ་གཅིག་འབྱིན། འཚག་ཤ་རྩིབས་བཀྲག་སོགས་བྲོ་ལྡན་གྱི་ཟས་རིགས་འགས་ཤས་བཟས་ནས་ཕྱིར་ཐོན་ཁར་བོད་རིགས་སྤྲང་པོ་ལོ་ངོ་༧ །༨། ༡༦ ཙམ་སོན་པའི་ཕྲུ་གུ་འགའ་ཤས་ནང་དུ་ཡོང་ཏེ་ཁ་ལག་ལྷག་མ་རྣམས་ཧབ་ཐོག་བརྒྱབས་མ་ཐག་ཏུ་ཟ་ཁང་གི་སྣེ་ལེན་པ་དེས་ཕར་རྒྱུགས་སྤྲང་པོ་འདི་ཚོ་ཡིན་ན་་་་་ཞེས་ལབ་སོང་བས་ངས་མོར་གཡུག་ཞོག་ཁ་ལག་ལྷག་མ་བཟས་ན་ང་ཚོར་སྐྱོན་ཅི་ཡང་མེད་ཅེས་ལབ་པས་མོས་ཚུར་ཁོང་ཚོས་སྐུ་མགྲོན་ཚོ་དང་ཟ་ཁང་བཙོག་པོ་བཟོ་བཞིན་འདུག་ཟེར།

    ངས་ལྷ་སར་ཉིན་གྲངས་ ༡༨ ཙམ་བསྡད་པའི་རིང་ཡར་མར་འགྲོ་འོང་བྱེད་སྐབས་གླ་གཏོང་མོ་ཊ་ taxi གླ་ནས་འགྲོ་ཡི་ཡོད། ང་ག་དུས་འགྲོ་ནའང་ངས་བོད་རིགས་མོ་ཊ་གཅིག་རག་ན་བསམས་པས་སྐར་མ ༥ ནས ༡༠ སྒུག་སྡོད་བྱས་ཀྱང་ང་ལྷ་སར་སྡོ་ཡུན་རིང་ལ་ངར་བོད་རིགས་ཀྱི་གླ་གཏོང་མོ་ཊ་གཅིག་ཀྱང་ལམ་བར་དུ་ཐུག་མ་བྱུང་སྟབས། ངས་ཉིན་གཅིག་ངའི་སྤུན་མཆེད་གཅིག་ལ་དེའི་སྐོར་སྐད་ཆ་དྲིས་པས་ཁོང་གིས་ལོ་ ༥ ཙམ་གྱི་སྔོན་ལ་བོད་རིགས་གླ་གཏོང་མོ་ཊ་མང་པོ་མཐོང་རྒྱུ་ཡོད་ཀྱང་ད་ཆ་བོད་རིགས་ཚོར་ཚོང་རྩ་་བ་ནས་མེད་ཟེར། ངས་རྒྱུ་མཚན་གང་ཡིན་དྲིས་པར་ཁོས་མོ་ཊ་ཉོས་ན་སྒོར་ཁྲི་ ༨ ཙམ་ཡིན་ལ་དེའི་སྟེང་དུ་ཡོད་པའི་ taxi ཞེས་པའི་ཡི་གེ་དེ་རག་རྒྱུར་སྒོར་ ཁྲི་ ༢༥ ཙམ་རེད། དེ་བོད་རིགས་ཚོར་རེག་རྒྱུ་དཀའ་ལས་ཁག་པོ་རེད་ལར་ནས་རེག་ཀྱང་རྒྱ་མིས་ལྟར་ཉིན་མཚན་ཆུ་ཚོད་ ༢༤ རིང་བོད་རིགས་ཚོས་མོ་ཊ་རྒྱུགས་ཐུབ་ཀྱི་མེད་སྟབས་བོད་པར་ཚོང་མེད་སོང་བ་རེད་ཟེར།

    སྔོན་མ་ ༡༩༩༤། ༡༩༩༥ སྐབས་སུ་ལམ་བར་དུ་ལྷམ་རྩི་གཏོང་མཁན་དང་ལྷམ་བཟོ་མཁན་ཡོངས་རྫོགས་རྒྱ་རིགས་སྐྱོ་པོ་ཤ་སྟག་ཡིན་ཀྱང་། ༢༠༠༧ ལོར་མཚོན་ན་ལྷམ་བཟོ་མཁན་དང་ལྷམ་རྩི་གཏོང་མཁན་ཡོངས་རྫོགས་བོད་རིགས་ཤ་སྟག་རེད་འདུག ཉིན་ང་གཙུག་ལག་ཁང་དུ་མཆོད་མཇལ་དུ་འགྲོ་དུས་ལམ་ཟུར་ཞིག་གི་གཡས་ནས་བོད་རིགས་ཕོ་གསར་ལོ་ ༢༣ ཙམ་ཟིན་སྙམ་པ་གཅིག་གིས་རྒན་ལགས་སྐུ་མཁྱེན་ལྷམ་རྩི་གཅིག་གཏོང་ཡ་ཟེར་ཞིང་ངའི་རྐང་པར་བཟུང་ནས་ཨུ་ཚུགས་བྱེད་བཞིན་འདུག་དེར་ངས་ཡུན་ཙམ་བསྡད་དེ་ལྷམ་རྩི་གཅིག་བཏང་ནས་ཁྱེད་ལ་ཉིན་གཅིག་ལ་དངུལ་ཇི་ཙམ་རེག་གི་འདུག་གམ་དྲིས་པར་ཁོས་མང་པོ་ཞེ་དྲག་རེག་གི་མི་འདུག་རྒན་ལགས་ཟེར་ཞིང་ངོ་གདོང་སྐྱོ་སྙམ་ཆེན་པོས་ངར་ལྟ་བཞིན་འདུག་ངས་ལྷམ་རྩི་ཚར་རྗེས་དངུལ་གྱི་ལྷག་མ་རྣམས་མི་དགོས་ལས་ཀ་ཧུ་ཐག་བྱེད་ཨ་ཞེས་ཁ་ལྟ་འདྲ་གཅིག་བྱས་ནས་མཆོད་མཇལ་དུ་སོང་། དེའི་སྐབས་ངའི་མིག་ཟུང་མཆིལ་མས་རླན་ཞིང་ཅུང་ཟད་གཅིག་ངུ་ན་ཕན་སྙམ་པ་ལྟ་བུ་ཞིག་བྱུང་།

    དེ་ནས་དགོང་དྲོ་ཆུ་ཚོད་ ༥ ཙམ་ཐོག་ཚལ་ཁྲོམ་ཆེན་པོ་གཅིག་ཏུ་ཚལ་ཉོ་བར་བསྐྱོད་པས་དེའི་ནང་འཚལ་རིགས་བཙོང་མཁན་དང་ཉོ་མཁན་ཚང་མ་རྒྱ་མིས་གང་འདུག་ང་ཚོ་ཚལ་ཉོས་ནས་ཕྱིར་ཐོན་མ་ཐག་ཏུ་སྒོ་འགྲམ་དུ་ལྷ་སའི་ཨ་མ་ལགས་གཅིག་དང་བུ་མོ་གཅིག་རང་ཐུག་པ་ལས་གཞན་བོད་རིགས་གཅིག་ཀྱང་མཐོང་ཡས་མི་འདུག དེས་ང་ལ་མཚོན་ན་ལྷ་ས་ནི་ད་ལྟ་རྒྱ་མིས་ཡོངས་སུ་གང་བ་ཙམ་མ་ཟད་ད་དུང་འབྱུང་འགྱུར་གྱི་ལོ་ངོ་ ༡༠ ནས་ ༢༠ བར་ལ་རྒྱ་མིས་དབང་བའི་ལྷ་ས་གཅིག་ལས་གཞན་འགྲོ་ལམ་གང་ཡང་མེད་མི་འདུག་སྙམ་ཏེ་༸ གོང་ས་མཆོག་གི་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཟེར་བ་དེའི་གནད་འགག་དེ་རང་ཡིན་པའི་ངེས་ཤེས་གཟབ་མོ་གཅིག་རང་ཉིད་ཀྱིས་དངོས་སུ་མིག་མཐོང་ལག་ཟིན་དབང་ལས་ར་སྤྲོད་གསལ་པོ་ཐུབ།

    ངས་ད་དུང་ཁྲོམ་རྭ་ཆེན་པོ་ཁག་དང་། ཚོང་ཁང་། ཟ་ཁང་། མགྲོན་ཁང་། རོལ་རྩེད་ཁང་། ཞབས་བྲོ་ཁང་། ལས་ཁུངས། ཐོག་བརྩེགས་ཁང་ཆེན་སོགས་ཡོངས་རྫོགས་ཀྱི་བདག་དབང་རྒྱ་རིགས་ཡིན་པ་ལས་ཆེས་ཉུང་ཤས་ཅན་གྱི་མགྲོན་ཁང་དང་། བོད་ཟས་ཁང་། ཇ་ཁང་། ལྷ་སའི་བར་སྐོར་གྱི་ནང་གི་ཚོང་ཁང་ཁ་ཤས་བཅས་ཀྱི་བདག་པོ་རིགས་ཡིན་ལས་གཞན་རྒྱ་མིས་གང་བྱས་ཆགས་འདུག

    ཉིནགཅིག་ངས་མོ་ཊའི་ནང་དུ་ཕྱིན་ཏེ་སྟོད་ལུང་ཁུལ་ནས་ལྷ་སའི་གླིང་སྐོར་ཡོངས་རྫོགས་ལ་བལྟ་བར་བསྐྱོད་སྐབས་ནོར་བུ་གླིང་ཁའི་ཉེ་འགྲམ་ཐད་ལ་དེ་བས་རྒྱ་མིས་ཁེངས་འདུག
    དེ་ནས་ཕོ་ཏ་ལའི་ཐང་ཆེན་དང་བར་སྐོར་ཉེ་མཁྲིས་སུ་བོད་རིགས་གང་ཙམ་མཐོང་རྒྱུ་འདུག་དེ་མིན་ས་ཆ་གང་སར་རྒྱ་མིས་ཡོངས་སུ་ཁེངས་འདུག

    རིམ་བཞིན་བོད་ལྗོངས་སློབ་གྲྭ་ཆེན་མོའི་ཉེ་འགྲམ་གྱི་གཡོན་ངོས་སུ་བོད་ཀྱི་གྲོང་གསེབ་ཁག་དང་ལྷག་དོན་ཁམས་ནས་ཡོངས་བའི་བོད་རིགས་བུ་མོའི་གཞང་ཁང་རེད་ཟེར་བའི་ཁང་པའི་སྒོ་འགྲམ་དུ་བོད་རིགས་བུ་མོ་འགའག་ཤས་གཅིག་ཕྱི་རོལ་དུ་ཐ་མག་འཐེན་བཞིན་བསྡད་འདུག ལམ་གྱི་གཡོན་ངོས་རྒྱ་མོའི་གཞང་ཁང་རེད་ཟེར་བའི་ཁང་པས་ཁེངས་ཤིང་རྒྱ་མོ་མང་པོ་མཐོང་རྒྱུ་འདུག ད་དུང་ ༡༩༩༥ སྐབས་སུ་ལྷ་སའི་ནང་ལ་ཆ་མཚོན་ན་འཇག་མ་གླིང་ཁ་དེ་གཞང་ཁང་དུ་བརྩི་བཞིན་ཡོད་ཀྱང་ད་ཆ་སྔར་གྱི་འཇག་མ་གླིང་ག་དེའི་སྟེང་ཁང་བརྩེགས་ཅན་གྱིས་ཡོངས་སུ་ཁེངས་འདུག

    ཉིན་ངའི་གྲོགས་པོས་མོ་ཊ་ཞིག་གིས་ནང་དུ་འཁྲིད་དེ་ལྷ་སའི་ལྷོ་བརྒྱུད་ཀྱི་གཙང་པོའི་ཉེ་འཁྲིས་སུ་བརྒྱབ་ཟིན་པའི་ཁང་པ་དེ་ཚོར་བལྟ་བར་བསྐྱོད། མདུན་དུ་ཟ་ཁང་དང་། བཏུང་ཇ་ཁང་། སྦུག་ཏུ་ཕྲུ་གུ་ཆུང་ཆུང་གི་རྩེད་མོ་རྩེད་ས། ད་དུང་གཡས་གཡོན་གང་སར་སྤྲོ་སྐྱིད་ཁང་། ཆུ་བརྒལ་ས། ལུས་འཁྲུས་ཁང་། ཤོ་སྦག་རྩེད་ས་སོགས་ཀྱི་ཁེངས་འདུག མ་ཟད་ངའི་གྲོགས་པོས་ཁང་པ་དེའི་ས་འོག་ཏུ་སོང་ན་ལོ་ན་ ༡༦ ནས་ ༢༥ བར་གྱི་རྒྱ་མོ་ ༨༠༠ ཙམ་ཡོད་རེད་ཟེར། དེའི་ནང་དུ་ཞབས་བྲོ་ཁང་དང་། རོལ་རྩེད་ཁང་། སྤྲོ་སྐྱིད་ཁང་སོགས་རང་ལ་གང་དགོས་ནའང་ཡོད་རེད་ཟེར།

    དེའི་ནང་དུ་སོང་ན་མི་རེར་རྒྱ་སྒོར་ ༨༥༠ ཐམ་པའི་སྤ་སེ་ ticket སྤྲོད་དགོས་ལ་ནང་དུ་ཡང་བཏུང་རིགས་དང་ཟས་རིགས་སོགས་ཀྱི་རིན་གོང་ཧ་ཅང་གིས་ཆེན་པོ་རེད་ཟེར། དེའི་ནང་དུ་འགྲོ་མཁན་ཁག་ནི་ཕྱི་རྒྱལ་ཡུལ་བསྐོར་སྤྲོ་མཆམ་མཁན་དང་། དཔོན་རིགས་ཁག དམག་དཔོན་ཁག ཚོང་པ་ཁག ཕྱུག་བདག་ཁག་བཅས་ལས་མི་སྐྱོ་པོ་ཁག་འགྲོ་ཐབས་མེད་པ་ཞིག་རེད་ཅེས་གསལ་བཤད་བྱས་བྱུང་།

    དེ་མིན་དགོན་པ་ཁག་དང་། ལྷག་པར་ཕོ་བྲང་པོ་ཏ་ལ། ནོར་བུ་གླིང་ཁ། གཙུག་ལག་ཁང་བཅས་ཀྱི་ནང་ཕྱི་རྒྱལ་ཁག་ནས་སླེབས་པའི་མི་རེར་སྒོར་༢༥༠། ༣༠༠ བཅས་ཀྱི་རེད་འདུག་ལ་པོ་ཏ་ལར་མཚོན་ ༡༩༩༥ ལོར་བོད་རིགས་སུ་ཞིག་ཕྱིན་ཀྱང་སྒོ་བྱང་ཉོ་དགོས་ཀྱི་མེད་ཀྱང་ ༢༠༠༧ ལོར་མཚོན་ན་བོད་རིགས་མང་ཚོགས་ཚོས་ཀྱང་སྒོ་བྱང་སྒོར་ ༡་༥༠ ཐམ་པའི་འཛིན་བྱང་ཉོ་དགོས་ཀྱི་འདུག

    དེ་བཞིན་པོ་ཏ་ལར་ ༡༩༩༤ ལོའི་སྐབས་སུ་ནང་དུ་མེ་གཟོན་སྔོན་འགོག་ལས་གཞན་དམག་་མི་མང་པོ་མཐོང་རྒྱུ་མེད་ཀྱང་ ༢༠༠༧ མཚོན་ན་མཆོད་མཇལ་དུ་འགྲོ་དུས་ནང་རྒྱ་མིའི་དམག་མིས་ཡོངས་སུ་ཁེངས་ཏེ་གཡས་གཡོན་དུ་མེ་སྐྱོན་ལ་དོ་སྣང་བྱེད་དགོས་ཞེས་ཡི་གེ་སྦྱར་ཏེ་བཙོན་ཁང་ལྟ་བུ་ཞིག་གི་ནང་འགྲོ་གི་ཡོད་པའི་འཚོར་བ་ཞིག་སྤྲད་བྱུང་། མང་དངུལ་དེ་དག་ཀྱང་དགོན་པའི་གྲྭ་དམངས་་དང་དགོན་པའི་ཆོས་ཕྱོགས་སུ་གཏོང་རྒྱུའི་དབང་ཆ་ཅི་ཡང་མི་འདུག་ལ་ལོ་རེའི་ཡོངས་བབ་སྒོར་ཁྲི་ཚོ་མང་པོ་དམག་མི་དང་ལས་བྱེད་ཚོའི་ཆེད་དུ་གཏོང་བཞིན་འདུག་ལ་ལྷག་འཕྲོས་རྣམས་གཞུང་གིས་བརྩིས་ལེན་བྱེད་བཞིན་འདུག

    དེ་མིན་ལྷ་སའི་སྟོད་ལུང་དང་། འབྲས་སྤུངས་ཀྱི་མདའ། སེར་རྭའི་གཤམ གཙང་ཆུའི་འགྲམ བར་སྐོར་གྱི་གཡས་གཡོན། འཕེན་པོའི་ཁུལ། ལྷ་སའི་ལྷ་ངོས་སུ་ཆགས་པའི་དྲིས་སོགས་གཡས་གཡོན་དག་ལ་མཚོན་ན་དམག་སྒར་གྱིས་མཐའ་ཡོངས་སུ་སྐོར་ནས་འདུག ད་དུང་ཟས་རིགས་དང་། འཐུང་རིགས གྱོན་གོས། ནང་ཆས། ཅ་དངོས་སོགས་ཉེར་མཁོའི་རིགས་ཆུང་ཚགས་ཚུན་ཆད་རྒྱ་མིས་བཙོང་བཞིན་འདུག དངོས་ཡོད་ཀྱི་གནད་ལུགས་དེ་ཚོར་ཞིབ་ཏུ་དཔྱད་དེ་བསམས་ན་ལྷ་ས་ནི་བདེ་སྐྱིད་ལྡན་པའི་གྲོང་གཅིག་ལས་ལྡོག་སྟེ་སྡུག་བསྔལ་གྱིས་མནར་བའི་ལྷ་ས་ཞིག་ཏུ་གྱུར་པ་དེ་རེད།

    དེར་བརྟེན་ ༢༠༠༨ ལྷ་ས་གཙོས་པའི་བོད་ཡོངས་ལུ་ཞི་བའི་ངོ་རྒོལ་བྱེད་དགོས་པའི་གནད་དོན་འདི་ཚོར་ཐུག་ལ་དེ་ཡང་ཉིན་རེའི་འཚོ་བའི་དགོས་མཁོ་ཁག་དང་གྲལ་རིམ་དང་སྤྱི་ཚོགས་ཀྱི་དབུལ་ཕྱུག་དབར་ལྷག་དུ་རྒྱ་རིགས་དང་བོད་རིགས་གཉིས་ཀྱི་ཐོབ་ཐང་དང་། རང་དབང་། མི་འབོར། འཚོ་བའི་གནས་སྟབས་ཆ་མི་སྙོམ་པའི་གནད་དོན་དེ་དག་ལ་ཐུག་ཡོད།

    ངས་རགགས་ཟིན་ཙམ་བྲིས་པའི་མིག་མཐོང་ལག་ཟིན་གྱིས་དངོས་ཡོད་གནས་ཚུལ་འདི་དག་དྲ་གྲོགས་ཚོས་རྒྱ་ཡིག་དང་། དབྱིན་ཡི

    Reply
  4. ལྷ་མོ་དོན་གྲུབ། says:
    ལོ་ 15 སྔོན།

    གནའ་བོའི་ལྷ་ས་ལྷ་ཡུལ་མིན་ལ། ད་ལྟའི་ལྷ་ས་འདྲེ་ཡུལ་ཡང་མིན།
    ལྷ་ས་ད་དུང་ལྷ་ས་ཡིན་ན་ཡང། ལྷ་མིན་འདྲེ་སྲིན་གདུག་ཅན་རྒྱུ་བ་རྒོད།

    ཁོ་མོའི་སྙུག་རྩེའི་འོད་ཟེར་འདི། བོད་ཀྱི་བུད་མེད་འོད་ཟེར་ཏེ།
    ཁ་བ་ཅན་གྱི་རི་ལུང་ལ། འོད་ཟེར་འདི་འདྲས་ཁྱབ་པར་སྨོན།

    ལྷ་ས་བོད་ཀྱི་རྒྱལ་ས་ཡིན། ལྷ་ས་གངས་རིའི་གཡང་ས་ཡིན།
    ལྷ་ས་རྒྱ་འདྲེས་གང་ན་ཡང། ལྷ་སའི་ལོ་རྒྱུས་ནུབ་པ་མེད།

    Reply
  5. བཀྲ་ཤིས། says:
    ལོ་ 15 སྔོན།

    དངོས་གནས་རྩོམ་པ་པོ་འོད་ཟེར་ལགས་ཀྱི་སྐད་ཆ་དེ་དག་རྣ་བར་ཐོས་པ་དང་ཞིབ་འཇུག་གི་རང་བཞིན་ཅན་ཞིག་དང་། སྤོབས་པའི་གོ་མཚོན་འཆང་བ་རྐྱང་གོ་ཡོང་གི་འདུག

    རྩོམ་པ་པོ་ཟོད་ཟེར་ལགས་རྒྱལ་གྱུར་ཅིག་ཅེས་ངང་གིས་ངའི་ངག་ནས་ཤོར་ཐལ།
    འོད་ཟེར་ནི་འོད་ཟེར་རང་རེད། འོད་ཟེར་ལགས་རྒྱལ་ལོ། བོད་རྒྱལ་ལོ།
    འོད་ཟེར་ལགས་རྒྱལ་ལོ། བོད་རྒྱལ་ལོ།འོད་ཟེར་ལགས་རྒྱལ་ལོ། བོད་རྒྱལ་ལོ།འོད་ཟེར་ལགས་རྒྱལ་ལོ། བོད་རྒྱལ་ལོ།

    Reply
  6. བསེ་རུ། says:
    ལོ་ 15 སྔོན།

    སྔར་གྱི་ལྷ་ས་ནི། དཔའ་བོའི་དུར་ས་ཞིག་ཏུ་གྱུར་འདུག་ཟེར།
    སྡར་གྱི་ལྷ་ས་ནི། དཔའ་རྒོད་ཀྱི་ཀི་སྒྲས་ཁེངས་འདུག་ཟེར།
    སྔར་གྱི་ལྷ་ས་ནི། ཞི་བདེ་བག་ཕེབས་ཀྱི་གནས་མཆོག་ཅིག་རེད་ཟེར།

    ད་ལྟའི་ལྷ་ས་ནི་བདུད་ཀྱིས་ཁེངས་འདུག་ཟེར།
    ད་ལྟའི་ལྷ་ས་ནི་དམག་གི་རྟེན་གཞི་ཞིག་ཆགས་འདུག་ཟེར།
    ད་ལྟའི་ལྷ་ས་ནི་རྒྱ་མིའི་གྲོང་ཁྱེར་ཆེན་པོ་ཞིག་ཏུ་གྱུར་འདུག་ཟེར།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese