མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཀའ་ཁྲི་འཚོལ་སྟངས་ཀྱི་འགྲན་རྩོད་བགྲོ་གླེང་།

བོད་ཀྱི་དུས་བབ།
༢༠༡༡/༠༢/༢༡
Share on FacebookShare on TwitterShare on EmailShare on Whatsapp

བཞུགས་སྒར་དུ་བཀའ་བློན་ཁྲི་པའི་དངོས་གཞིའི་འོས་མི་གསུམ་ལ་རྒྱབ་སྐྱོར་གནང་མཁན་གསུམ་གྱིས་༼ བཀའ་ཁྲི་འཚོལ་སྟངས་ཀྱི་འགྲན་རྩོད་བགྲོ་གླེང ༽ ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་གནང་སྟེ། སོ་སོའི་འོས་མིའི་ཆེ་བ་བརྗོད་ཅིང་མང་ཚོགས་ཀྱི་དྲི་བར་ལན་འདེབས་གནང་ཡོད།

ངྷ་སར་རྟེན་གཞི་བྱས་པའི་སྒྲོན་མེ་རྩོམ་སྒྲིག་ཁང་གི་གོ་སྒྲིག་འོག ཁ་སང་ཕྱི་ཚེས་ ༢༠ ཉིན་གྱི་ཕྱི་དྲོར་ངྷ་ས་མེག་གྷན་ཉིན་སློབ་ཏུ་བཀའ་ཁྲི་འཚོལ་སྟངས་ཀྱི་འགྲན་རྩོད་བགྲོ་གླེང་ཞེས་པའི་བགྲོ་གླེང་ཚོགས་འདུ་ཞིག་ཚོགས་ཡོད་ཅིང་། བགྲོ་གླེང་དེའི་སྟེང་ད་ལྟའི་བཀའ་བློན་ཁྲི་པའི་དངོས་གཞིའི་འོས་མི་གསུམ་སྟེ། ཁྲིམས་ལུགས་ཆེད་མཁས་པ་བློ་བཟང་སེང་གེ་ལགས་ཀྱི་རྒྱབ་སྐྱོར་བ་ཆབ་སྲིད་བཙོན་ཟུར་གྲྭ་བག་གྲོ་དང་། བཀའ་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ཀྱི་རྒྱབ་སྐྱོར་བ་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཉམས་ཞིབ་པ་ཤར་གླིང་ཟླ་སྒྲོན། བཀའ་ཟུར་བཀྲ་ཤིས་དབང་འདུས་ལགས་ཀྱི་རྒྱབ་སྐྱོར་བ་ངྷ་ས་ས་གནས་གཞོན་ནུའི་ཚོགས་གཙོ་བསོད་ནམས་རྡོེ་རྗེ་ལགས་བཅས་གཏམ་བཤད་པར་གདན་ཞུ་གནང་འདུག

བགྲོ་གླེང་དེར་ངྷ་སར་གནས་སྡོད་སེར་སྐྱ་མང་ཚོགས་ ༢༠༠ ལྷག་མཉམ་ཞུགས་བྱས་འདུག བགྲོ་གླེང་གི་ཐོག་མར་སྒྲོན་མེ་རྩོམ་སྒྲིག་ཁང་གི་འགན་འཛིན་རྨེའུ་དཀོན་རྒྱམ་ལགས་ཀྱིས་ངོ་སྤྲོད་ནང་དོན། ང་ཚོས་བགྲོ་གླེང་གོ་སྒྲིག་བྱེད་དོན་ནི། རྒྱལ་ཡོངས་འོས་འདེམས་ཆེན་མོ་བསླེབ་ལ་ཉེ་ནའང་། སྤྱི་ཚོགས་ཐོག་སོ་སོའི་ཕྱོགས་གཏོགས་ཀྱིས་བཀའ་ཁྲིའི་བགྲོ་གླེང་གོ་སྒྲིག་དང་ཁྱབ་བསྒྲགས་བྱེད་པ་ཙམ་ལས། སྤྱི་ཡོངས་ཀྱི་སྡིངས་ཆ་བསྐྲུན་ཐུབ་མཁན་ཧ་ཅང་ཉུང་སྟབས། སྤྱི་ཚོགས་ནང་བརྡབ་གསིག་མི་ཡོང་ཆེད་ལས་འགུལ་འདི་སྤེལ་བ་ཡིན་ཞེས་བརྗོད་སོང་།

 སྐབས་དེར་བཀའ་ཟུར་བཀྲ་ཤིས་དབང་འདུས་ལ་རྒྱབ་སྐྱོར་བྱེད་མཁན་བསོད་ནམས་རྡོ་རྗེ་ལགས་ཀྱིས་བརྗོད་དོན། ང་ཚོས་རང་ཉིད་ཀྱི་བཀའ་ཁྲིའི་འོས་མིར་ལྷག་བསམ་དང་ཤེས་ཡོན། ཆབ་སྲིད་གོ་རྟོགས་ཅི་ཙམ་ཡོད་མེད་ཞིབ་འཇུག་བྱས་ཏེ་འོས་ལྡུག་དགོས་པ་རེད། ང་ལ་མཚོན་ན་སྔོན་འགྲོའི་ནང་བཀྲ་ཤིས་དབང་འདུས་ལ་འོས་བླུགས་པ་ཡིན་ལ། དངོས་གཞིའི་ནང་དུའང་ཁོང་ལ་འོས་ལྡུག་རྩིས་ཡོད། ཅེས་དང་། ཡང་ཁོང་གིས་བཀྲ་དབང་གི་བྱས་རྗེས་དང་འབྲེལ་ནས་ལྡི་ལིའི་དོན་གཅོད་ཁང་གི་གལ་ཆེའི་རང་བཞིན་སྐོར་གླེང་དོན། ལྷན་ཁང་བདུན་གྱི་ལས་དོན་མང་དག་ཅིག་ལྡི་ལི་དོན་གཅོད་དང་འབྲེལ་བ་ཆགས་ཡོད། རྒྱ་གར་གཞུང་གིས་བོད་གཞུང་ལ་འཛིན་པའི་སྲིད་བྱུས་དེ་མགོ་རྙོག་ཞིག་ཡིན་སྟབས། གཞུང་དེས་འཛིན་པའི་སྲིད་བྱུས་ལ་ང་ཚོས་གཟབ་གཟབ་མ་བྱས་པར་ནོར་བ་ཡིན་ན། མ་འོངས་པར་གོ་ནོར་ཐེབས་སྲིད་པའི་ཉེན་ཁ་ཡོད་པ་རེད། བཀྲ་དབང་ཆ་མཚོན་ན་ལྡི་ལི་དོན་གཅོད་གནང་སྟེ་ལོ་ ༢༠ ལྷག་ཕྱིན་ཡོད། སྤྱིར་བཅའ་ཁྲིམས་ནང་དོན་གཅོད་ལོ་བཞི་ལས་བརྒལ་བར་བྱེད་ཆོག་གི་མེད་ནའང་། བོད་གཞུང་གིས་ལྡི་ལི་དོན་གཅོད་བཀྲ་དབང་ལགས་ཀྱིས་མུ་མཐུད་གནང་དགོས་ཀྱི་འདུག་གསུངས་ཏེ་མུ་མཐུད་བསྐོ་བཞག་གནང་ཡོད་ལ། ལྷག་པར་དུ། ༡༩༦༦ ལོ་ནས་ད་བར་བཀྲ་དབང་ལགས་ཀྱིས་བོད་དོན ཆེད་མི་ལོ་ ༤༠ རིང་དཀའ་ལས་བརྒྱབ་པ་རེད། ལྷག་བསམ་རྣམ་དག་དང་ཆོལ་ཁ་ཆོས་ལུགས་འཐེན་འཁྱེར་མེད་པར་དཀའ་ངལ་བརྒྱབ་ཡོད་སྟབས།  དེ་འདྲའི་དབུ་ཁྲིད་ཅིག་བཀའ་ཁྲིར་བདམས་ན། བོད་སྤྱིའི་འཕྲལ་ཕུགས་ལ་ཕན་ཐོགས་ཡོང་གི་རེད། ཅེས་བརྗོད་བྱུང་།

 

ཁྲིམས་ལུགས་ཆེད་མཁས་པ་བློ་བཟང་སེང་གེ་ལ་རྒྱབ་སྐྱོར་བྱེད་མཁན་གྲྭ་བག་གྲོ་ལགས་ཀྱིས་བརྗོད་དོན། ང་རང་སློབ་གྲྭ་ཆེན་པོ་མཐར་ཕྱིན་པ་མིན་ལ། མི་ཚང་ཕྱུག་པོ་ནས་སྐྱེས་པའང་མིན་པར་གྲོང་གསེབ་ཆུང་ཆུང་ཞིག་ནས་ཡིན། ང་རང་དབུས་གཙང་བ་ཞིག་ཡིན་སྟབས་བློ་བཟང་སེང་གེ་ལ་རྒྱབ་སྐྱོར་བྱེད་པ་དེར་ཆོལ་ཁ་དང་ཆོས་ལུགས། ལུང་མཚན་གྱི་དབྱེ་བ་སོགས་ཡོད་མ་རེད། ཕྱོགས་གཞན་ཞིག་ནས་ང་ལ་ཐོབ་གོ་ས་དང་ཁེ་ཕན་ཞིག་རག་བསམ་ནས་ཡོང་བའང་མིན།  ངས་རྒྱུ་མཚན་འགའི་ཐོག་ནས་ངས་བློ་བཟང་སེང་གེ་ལ་རྒྱབ་སྐྱོར་བྱས་པ་ཡིན། ༧གོང་ས་མཆོག་སྐུ་འཚོ་བཞུགས་རིང་ང་ཚོ་ངེས་པར་དུ་བོད་ལ་ལོག་ཐུབ་དགོས་པ་དང་།  དེ་ལྟར་མ་བྱུང་ཡང་བཙན་བྱོལ་གཞུང་གི་སྒྲིག་འཛུགས་ལ་ནུས་པ་ཐོན་དགོས་རྒྱུ། ང་ཚོའི་འཐབ་རྩོད་ཀྱི་བརྒྱུད་རིམ་ནང་ན་གཞོན་མགོ་ཁྲིད་པ་ཞིག་དགོས་པར་མ་ཟད། ན་གཞོན་དེར་ཡང་རྒན་རབས་པས་ལམ་སྟོན་གནང་སྟེ་རྒྱ་གཞུང་ལ་བརྡ་ལན་སྤྲོད་དགོད་ཀྱི་འདུག  གཞིས་ལུས་མི་མང་ཛ་དྲག་གནས་སྟངས་འོག་ལྷག་ཡོད་པ་དང་། ལྷག་པར་དུ། ཆབ་སྲིད་བཙོན་པ་བརྒྱ་ཕྲག་མང་པོས་བཙོན་ཁང་དུ་སྡུག་བསྔལ་མྱོང་བཞིན་ཡོད་པ་རེད།  བློ་བཟང་སེང་གེ་ལགས་ཀྱིས་རྒྱལ་སྤྱིའི་ཁྲིམས་ལུགས་ཤེས་ཀྱི་ཡོད་དུས། བོད་རྒྱ་ཞི་མོལ་ཡོང་གི་མེད་ན་ཁྲིམས་ཁང་ལ་ཁ་མཆུ་རྒྱག་དགོས་པ་རེད། ཁ་མཆུ་རྒྱག་སྟངས་དེར་གྲོས་ཚོགས་དང་བཀའ་ཤག་གིས་དགོངས་བཞེས་གནང་སྟེ་གཞིས་ལུས་མི་མང་གི་སྲོག་སྐྱོབ་དགོས་པ་རེད། གནད་དོན་འདི་དག་ཆེད་ངས་བློ་བཟང་སེང་གེར་རྒྱབ་སྐྱོར་བྱས་པ་ལས་བཀའ་ཁྲིའི་འོས་མི་གཞན་ལ་སྨད་ར་བཏང་བ་མིན་པར། ད་ལྟ་ནི་བཙན་བྱོལ་བོད་གཞུང་གིས་གསོ་སྐྱོང་བྱས་པའི་ན་གཞོན་དབུ་ཁྲིོད་ཅིག་གིས་འགན་ལེན་བྱ་རྒྱུའི་དུས་ལ་བབ་འདུག། ཅེས་བརྗོད་བྱུང་།

 

བཀྲས་མཐོང་ལ་རྒྱབ་སྐྱོང་གནང་མཁན་ཤར་གླིང་ཟླ་སྒྲོན་ལགས་ཀྱིས་བརྗོད་དོན། བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་སུ་དམིགས་བསལ་ཁྱད་ཆོས་བདུན་ཚང་ཡོད། དེ་དག་ནི་མགོ་ཁྲིད་སུ་ཞིག་ཡིན་ནའང་ལས་འགན་གཙོ་བོ་མང་ཚོགས་ཀྱི་དཀའ་ངལ་སེལ་ཐབས་བྱ་རྒྱུ་དེ་རེད། བཀྲས་མཐོང་ལགས་ཀྱིས་རང་ལོ་ ༡༢ སྐབས་ནས་མ་སུ་རུ་རིར་དབྱིན་དགེ་གནང་ཞིང་། རང་ལོ་ ༢༥ སྟེང་ཨ་རིའི་ནེའུ་ཡོག་བོད་གཞུང་དོན་གཅོད་གནང་བ་རེད། སྐབས་དེར། ཨ་རིའི་གཞུང་གིས་བོད་དོན་ཐོག་སྲིད་དོན་གྱི་རྒྱབ་སྐྱོར་རྩ་བ་ནས་བྱས་མེད་ནའང་། ཧ་ཅང་ཉག་ཕྲ་བའི་གནས་སྟངས་དེ་འདྲ་ཞིག་གི་འོག་ཁོང་གིས་བོད་ལ་སྲིད་དོན་གྱི་རྒྱབ་སྐྱོར་རག་གི་མེད་ཀྱང་ཆོས་དང་རིག་གཞུང་ཐོག་རྒྱབ་སྐྱོར་ཐོབ་པར་བྱས་ཡོད། ད་ཆར་ཨ་རིའི་གཞུང་མང་གཉིས་ཀྱིས་བོད་དོན་ལ་རྒྱབ་སྐྱོར་ཆེན་པོ་བྱེད་པ་དེར་བཀྲས་མཐོང་ལགས་ཀྱིས་ལམ་ཁ་ཞིག་བསྟན་ཡོད་ཅེས་དང་།

མགོ་ཁྲིད་ཅིག་གི་ལས་འགན་དེ་སོ་སོའི་མང་ཚོགས་རང་མགོ་རང་ཐོན་དང་འཚོ་གནས་བརྟན་ལྷང་བཟོ་རྒྱུ་དེ་ཡིན་པ་ལྟར། བཀྲས་མཐོང་ལགས་ཨ་རིར་དོན་གཅོད་གནང་སྐབས། བཙན་བྱོལ་ནང་དཔལ་འབྱོར་གྱི་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་སྐབས། ཁོང་གིས་ཡུལ་དེའི་གྲོས་ཚོགས་འཐུས་མིོ་ཁག་ལ་འབྲེལ་བ་བྱས་ཏེ། བོད་མི་ ༡༠༠༠ ཙམ་ཨ་རིར་གནས་སྤོར་ཐུབ་ཡོད་ལ། ཤེས་ཡོན་གྱི་དཀའ་ངལ་འཕྲད་སྐབས་སུའང་ཁོང་གིས་བོད་ཕྲུག་ ༦༠༠ ལྷག་ལ་ཨ་རིའི་མཐོ་སློབ་ཁག་ཏུ་སློབ་སྦྱོང་བྱ་རྒྱུའི་གོ་སྐབས་བསྐྲུན་ཡོད། མང་ཚོགས་ཀྱི་འཚོ་བ་སྦྱིན་བདག་ལ་བརྟེན་ན་འགྲིག་གི་མེད་པའི་དགོངས་གཞི་ཐོག་བོད་ཀྱི་ཐེབས་རྩ་ཁང་གསར་འཛུགས་བྱས་པ་དང་། དེ་བཞིན་ཤེས་བྱ་དུས་དེབ་དང་བོད་ཀྱི་གཞོན་ནུ་ལྷན་ཚོགས། ཨ་རིའི་བོད་སྐད་བརྙན་འཕྲིན་ཚན་པ། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་སོགས་གསར་དུ་བཙུགས་སྟབས་བོད་དོན་ཐོག་ཕན་ཐོགས་ཆེན་པོ་བྱུང་ཡོད། བསྟན་འཛིན་རྣམ་རྒྱལ་ལགས་ནི་བོད་མི་རིགས་ཀྱི་སྤོབས་པ་བྱ་འོས་པ་ཞིག་ཡིན་པ་དང་། དེ་སྔོན་ཁོང་གིས་ཨ་རིའི་སི་ཊན་ཧྥོར་ཊི་སློབ་ཆེན་དུ་བོད་ཀྱི་རིག་རྩལ་སྡེ་ཚན་འགན་འཛིན་གྱི་ཕྱག་ལས་གནང་བར་མ་ཟད། སྙིང་རྗེ་དང་གཞན་ཕན་ཉམས་ཞིབ་ཚན་པའི་ཚོགས་མིའང་བྱས་ཡོད། ལྷག་པར་དུ། བཀྲས་མཐོང་ལགས་ཀྱིས་ལོ་ ༣༠ སྔོན་གྱི་ལྟ་བ་དེ་ད་དུང་ཡང་འགྱུར་བ་མ་ཐེབས་པར་བརྟན་པོར་གནས་ཐུབ་ཡོད་སྟབས། ཁོང་ལ་ཚུགས་ཐུབ་ཀྱི་གཤིས་ཀ་ཞིག་ཡོད་པ་བསྟན་ཡོད་ལ། ང་ཚོ་ད་ལྟ་ཡང་ཁོང་གིས་བཏོན་པའི་གསར་གཏོད་དང་འཆར་སྣང་འོག་ཏག་ཏག་འགྲོ་ཐུབ་ཀྱི་ཡོད། ༢༠༠༦ ལོར་ཁོང་གིས་གལ་སྲིད་བོད་རིགས་ཚང་མས་བོད་ཀྱི་རྩ་དོན་དང་སྤྱི་དོན་དེ་སྒེར་གྱི་མི་ཚེ་ལས་གལ་ཆེར་བརྩིས་ནས་ཆིག་སྒྲིལ་གནང་ཐུབ་ཚེ། བོད་ཀྱི་བདེན་ཐབས་ཏན་ཏན་སེལ་ཐུབ་ཀྱི་རེད་གསུང་གི་ཡོད་པ་རེད། ཅེས་བརྗོད་བྱུང་།

གསར་འགོད་པ། དཔལ་ལྡན། 

འབྲེལ་ཡོད་གསར་འགྱུར།

The BBC visited the Kirti monastery in Aba as the Dalai Lama turned 90
Mobile App

༧སྐུའི་གོ་སྟོན་དང་འབྲེལ་བོད་ནང་དུ་དམ་དྲག་ཤུགས་ཆེན་བྱེད་བཞིན་འདུག

ཆུ་ཚོད་ ༡༡ སྔོན་ལ།
རྒྱ་གཞུང་གིས་རེབ་གོང་གི་དྲུག་པའི་ཀླུ་རོལ་གྱི་དུས་ཆེན་བཀག་འགོག་བྱས་འདུག ལྷ་སྲས་བསོད་ནམས་ཀྱི་པར། ༢༠༢༥།༧།༤
Mobile App

རྒྱ་གཞུང་གིས་རེབ་གོང་གི་དྲུག་པའི་ཀླུ་རོལ་གྱི་དུས་ཆེན་བཀག་འགོག་བྱས་འདུག

ཆུ་ཚོད་ ༡༡ སྔོན་ལ།
༧གོང་ས་མཆོག་ལ་ཆོས་ཚོགས་ཐེངས་བཅོ་ལྔ་བའི་ཐོག་སྤྱི་མོས་གཏན་འབེབས་བྱུང་བའི་གྲོས་ཆོད་ཁག་སྙན་སེང་ཞུས། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༧།༤
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ལ་ཆོས་ཚོགས་ཐེངས་བཅོ་ལྔ་བའི་ཐོག་སྤྱི་མོས་གཏན་འབེབས་བྱུང་བའི་གྲོས་ཆོད་ཁག་སྙན་སེང་ཞུས།

ཆུ་ཚོད་ ༡༣ སྔོན་ལ།
Front Slider

འཇམ་དབྱངས་བཀྲ་ཤིས་ཀྱི་གླུ་གཞས་སྒྱུ་རྩལ་གྱི་ལམ་བུ།

༢༠༢༥/༠༧/༠༣
རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་གསུམ་པ་འཚོག་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༧།༣
Mobile App

རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐོག་རྒྱལ་ཁབ་ ༡༥ ནས་ཚོགས་ཞུགས་བྱས་འདུག

༢༠༢༥/༠༧/༠༣
སིམ་ལའི་བོད་མི་ཡོངས་ཀྱིས་༸སྐུའི་གཅེན་པོ་ཞིང་གཤེགས་དམ་པ་རྒྱལ་ལོ་དོན་འགྲུབ་མཆོག་དང་༸སྐུའི་གཅུང་མོ་ཨ་མ་རྗེ་བཙུན་པདྨ་མཆོག་རྣམ་གཉིས་ལ་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་རེ་ཕུལ་སོང་།  ༢༠༢༥།༠༧།༠༢ དུས་བབ་ཀྱི་པར།
Mobile App

༧སྐུའི་གཅེན་པོ་དམ་པ་རྒྱལ་ལོ་དོན་འགྲུབ་མཆོག་དང་བཀའ་ཟུར་རྗེ་བཙུན་པདྨ་མཆོག་རྣམ་གཉིས་ལ་གཟེངས་རྟགས་ཕུལ།

༢༠༢༥/༠༧/༠༣

མཆན། 25

  1. tsering tashi says:
    ལོ་ 14 སྔོན།

    བཀའ་འོས་ཤོས་བཀྲས་མཐོང་རྒྱལ་་གྱུར་ཅིག

    Reply
  2. འཇམ་དཔལ་སྒྲ་དབྱངས། says:
    ལོ་ 14 སྔོན།

    དེ་རིང་བཙན་འབྱོར་བོད་མི་ཡོངས་ལ་ངས་ཐོག་མར་རེ་བ་གཅིག་ལ་ད་རེས་གཞི་བྱེས་ཡོངས་ལ་ཕན་ཐོག་མཁན་མཁས་དབང་བློ་བཟང་སེང་གེ་ལགས་ད་རེས་བཀའ་ཁྲི་ལ་བཞག་དགོས་ངེས་རེད་མ་གཏོག་གཞན་དག་བཞག་ན་མི་ཡོངས་བ་ཐག་ཆོད་པ་རེདབོད་མི་་ཚངས་མ་ད་རེས་མགོ་མ་འཁོར་ཟབ་དགོས་ཐུགསལ་བཞག་རོག་གནང་དབངམཁས།བློ་བཟང་སེང་གེ་ཐུབ་ཤོག།

    Reply
  3. བོད་པ་ཚང་། says:
    ལོ་ 14 སྔོན།

    འདས་པའི་ཟླ་ཤས་ཀྱི་བཀའ་ཁྲི་འོས་མི་གསུམ་གྱི་བགྲོ་གླེང་ཁག་ཉན་པའི་ཁྲོད་ནས་བཀའ་ཟུར་བཀྲ་ཤིས་དབང་འདུས་ལགས་ཀྱིས་གསར་བཏོད་ཐོག་ལ་ཤུགས་བརྒྱབ་ནས་གསུངས་པ་ཉུང་ཡང་། བཀའ་ཟུར་བཀྲས་མཐོང་ལགས་དང་བློ་སེང་ལགས་གཉིས་ལ་གསར་བཏོད་ཀྱི་རྣམ་པ་ལྡན་པ་གང་ཞིག་དབུ་མའི་ལམ་དང་འབྲེལ་བའི་སྲིད་བྱུས་ཐོག་ལ་བཀའ་ཟུར་བཀྲས་མཐོང་ལགས་ཀྱི་དགོངས་གཞི་དེ་གསར་བཏོད་རྣམ་པ་ཤུགས་ཆེ་བ་དང་མངོན་གསལ་དོད་པ་འདུག་ལ། བློ་སེང་ལགས་ཁྲིམས་ཐོག་ལ་མཁས་པ་ཡིན་ཡང་”མ་འོངས་པའི་ལས་འཆར་”དེའི་ནང་གསར་བཏོད་རྣམ་པ་སྦྱོར་དངོས་མཇུག་གསུམ་ཚང་མ་ཞིག་གསལ་སྟོན་བྱེད་ཐུབ་མི་འདུག གལ་ཏེ་བློ་སེང་ལགས་ཁྲིམས་ལ་མཁས་པ་བཞིན་ཁ་གསལ་གཏིང་གསལ་གྱི་ལས་འཆར་ཞིག་སྤེལ་ན་འོས་གྲངས་ལ་ཁྱད་པར་བཟོ་སྲིད།
    ལར་ནས་བློ་སེང་ལགས་ཀྱི་རྒྱབ་སྐྱོར་བ་རྣམས་ཀྱིས་བཀྲས་མཐོང་ལགས་ལ་རྒྱབ་སྐྱོར་གནང་མཁན་རྣམས་ཀྱིས་སྔར་གྱི་མཛད་རྗེས་ལ་བཀའ་དྲིན་རྗེས་དྲན་ཚུལ་དུ་འོས་འཕེན་གྱི་ཡོད་པའི་གསུངས་ཚུལ་ནི་ཏག་ཏག་བསྡད་མེད་པའི་དོགས་པ་ཆེ། ངས་ནི་བཀྲས་མཐོང་ལགས་སུ་བཀའ་དྲིན་འཇལ་བའི་ཚུལ་དུ་འོས་འཕེན་གྱི་མེད། ཁོང་ལ་བློ་སེང་ལགས་ལས་ཉམས་མྱོང་ཧ་ཅང་ཆེ་བ་ཡོད་པ་ཀུན་གྱིས་མཁྱེན་གསལ་རེད། དེའི་ཁར་སྲིད་བྱུས་ངོ་མ་དབུ་མའི་ལམ་དང་འབྲེལ་བའི་ཐོག་ལ་གསར་བཏོད་རྣམ་པ་བཀྲས་མཐོང་ལགས་ལས་ཆེ་བ་མེད་པ་ས་རིས་ཐང་གསལ་རེད།
    ཡང་འགའ་ཤས་ཀྱིས་བློ་སེང་ལགས་ཀྱིས་བཤད་ཕོད་ཚུལ་གསུངས་འདུག གསུངས་ཕོད་པའི་ཁྱད་ཆོས་བཀའ་ཟུར་བཀྲས་མཐོང་ལགས་དང་བཀྲ་ཤིས་དབང་འདུས་ལགས་གཉིས་ལའང་མཆིས། འོན་ཀྱང་གང་གསུངས་པ་རྣམས་ངོ་ལྐོག་དབྱེར་མེད་དང་དྲང་བདེན་ཞིག་གསུང་རྒྱུ་ནི་ཤིན་ཏུ་གལ་ཆེ། དེ་མིན་བོད་མི་དཀྱུས་མ་རྣམས་མགོ་སྐོར་ཐེབས་སྲིད། བློ་སེང་ལགས་ཀྱིས་ད་ཕན་ལ་གསུངས་པའི་ཁྲོད་ན་ཞལ་རྫུན་གྱི་འཁོར་ལོ་བསྐོར་བ་དེ་འདྲ་མི་ཉུང་བ་མཆིས་སྙམ། ཞིབ་ཕྲ་མཁྱེན་འདོད་ཡོད་ན། རྣམ་པ་ཚོས་བོད་ཀྱི་ཆབ་སྲིད་བསྐྱར་ཞིབ་ཅེས་པའི་དྲྭ་གནས་ http://www.tibetanpoliticalreview.org གྱི་བཀའ་ཁྲི་འོས་མི་རྣམས་འོས་མིར་མ་བཞེང་སྔོན་གྱི་ཕྱག་ལས་གང་གནང་གི་ཡོད་མེད་སྐོར་འཁོད་པའི་བློ་སེང་ལགས་ཀྱི་སྐབས་དེ་ཀློག་གནང་དང་། ཅུང་བློ་ཕམ་དགོས་པ་དེ་འདྲ་འདུག དྲྭ་གནས་དེའི་ནང་འཁོད་པའི་གནས་ཚུལ་རྣམས་ཞིབ་འཇུག་གནང་ནས་བཀོད་པ་འབའ་ཞིག་འདུག ད་དུང་དེས་མ་འཐུས་ན། ཧར་ཝཌ་མཐོ་སློབ་ཀྱི་དྲྭ་རྒྱ་ལ་ཕེབས་ནས་བློ་སེང་ལགས་ཀྱི་ཁྱབ་བསྒྲགས་ཡིག་ཆ་ཁག་ཏུ་གསལ་པ་དང་མཐོ་སློབ་ཏུ་གསལ་པའི་གནས་དོན་ལ་ཞིབ་འཇུག་གནང་ན་གཙང་མ་ཆགས་ངེས་རེད།
    རྫུན་གྱི་ཕྲེང་པའི་སྟར་ལ་བརྒྱུས་ནས་མི་མང་མགོ་སྐོར་ཐབས་གནང་ན་རྩ་བ་ནས་ཡག་པོ་མ་རེད་སྙམ།

    Reply
  4. རྒྱ་སྟག་དཀར་པོ says:
    ལོ་ 14 སྔོན།

    བརྗོད་འདོད་ཀྱི་བསམ་བློ་ངན་པ་སྔོན་སོང་ཁ་ཤས་ཀྱིས་བློ་སེང་ལ་རྩ་བ་ནས་ཉམས་མྱོང་མེད་པ་ལྟ་བུའི་བཟོ་ཞིག་བཤད་ཀྱིན་འདུག་ཀྱང་། ཁོང་བོད་ཀྱི་སྤྱི་ཚོགས་དང་འགྲོགས་འདྲིས་མྱོང་ཞིང་བོད་པའི་ཕྱག་ལས་ཡང་མི་དམན་པ་གནང་མྱོང་ཡོད། ཉམས་མྱོང་གཅིག་པུས་ཆ་ནས་གཞན་གཉིས་དང་བསྡུར་ན་ཅུང་ཟད་ཞན་སྲིད་པ་ཙམ་ཡིན་ཡང་། གསར་སྟོད་ཀྱི་རྣམ་པ་དང་བཤད་ཕོད་དྲན་ཕོད་ཀྱི་སྤོབ་པ། གཞན་ཡང་དམིགས་ཡུལ་ལ་རམས་འདེགས་ཀྱི་ཡོན་ཏན། མཐའ་ན་དྲི་བ་ཞིག་བ་ལན་འདེབས་ཡག་པོ་གནང་ཐུབ་མཁན་ཁོང་ལས་མི་འདུག་པས་དོན་དུ་མ་བསྐུལ་ལྷུན་གྲུབ་ཀྱི་བཀའ་ཁྲིར་ཁོ་རང་རེད། ཡིན་ན་ཡང་བོད་པའི་བསོད་ནམས་ཀྱིས་བླང་མི་བླང་མི་ཤེས།

    Reply
  5. tsering tashi says:
    ལོ་ 14 སྔོན།

    བག་བྲོ་ཟེར་བའི་ཆབ་སྲིད་ཀྱི་ཚོང་བ་དེ་སྐད་ཆ་ག་རི་བཤད་ཀྱི་ཡོད་མེད་ཧ་གོ་གི་མི་འདུག།
    ཁོ་ར་ངོ་སྤྲོད་ཡོད་དམ་བློ་བཟང་སེང་གེ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་མེད་ཤེས་ཀྱི་མི་འདུག།
    ངོ་མ་དགོད་བྲོ་བོ་ཞིག་འདུག།

    Reply
  6. རྒྱ་སྟག་དཀར་པོ says:
    ལོ་ 14 སྔོན།

    བཀྲས་མཐོང་དང་བཀྲ་དབང་གཉིས་ཀྱི་རྒྱབ་སྐྱོར་བ་ཚོས་དེ་སྔོན་གྱི་བཀའ་དྲིན་རྗེས་དྲན་ཙམ་མ་ཏོག་དམིགས་སུ་རྗེས་སོར་གྱི་བོད་དོན་ལ་གཞིགས་ནས་བསམ་བློ་གཏོང་མི་འདུག ང་ཚོས་ནམ་ཡང་ཁོང་རྣམ་པ་གཉིས་ཀྱི་བཀའ་དྲིན་བརྗེད་མི་རུང་ཞིང་གང་ཐུབ་ཀྱི་ལན་ཡང་འཇལ་དགོས་ཀྱང་། བཀའ་དྲིན་དེ་དག་ཡོད་པ་ཙམ་རྒྱུ་མཚན་དུ་བྱས་ནས་བཀའ་ཁྲིར་འདེམས་དགོས་ན་རྗེས་སུ་ཡོད་པའི་ཕ་ཚ་བུ་བརྒྱུད་ཀྱི་གངས་ཕྲུག་རྣམས་ལ་དགོངས་སེལ་ཞུ་དགོས་ངེས་ཆགས་ཀྱི་རེད།

    Reply
  7. རྒྱ་སྟག་དཀར་པོ says:
    ལོ་ 14 སྔོན།

    བསམ་བཞིན་དུ་སེམས་ཅན་དང་གངས་ཅན་པའི་ཆེད་དུ་སྲིད་པར་སྐྱེ་བ་བཞེས་པའི་སྐུ་སྐྱེ་དེས་ངེད་ཅག་ལ་སེམས་ནང་དུ་མྱོང་ཐོབ་པའི་རླབས་ཆེན་གྱི་མཛད་འཕྲིན་མཐའ་ཡས་ནས་མུ་མེད་ཀྱི་བར་དུ་ཁྱབ་ཡོད་པ་མ་ཟད། མིག་མཐོང་ལག་ཟིན་ཏུའང་ཡ་མ་ཟུང་གི་ཕྲིན་ལས་འདི་དང་འདི་འདྲ་བ་མང་པོས་རྒྱ་ཆེ་ས་ནས་བོད་རྒྱུད་ནང་བསྟན་ཡོངས་དང་ཁྱད་དུ་བོད་རིགས་སྤྱི་བྱིངས་ལ་ཡང་དང་ཡང་དུ་ཕན་ཐོག་ཡོང་ཚུལ་འདི་མཐོང་དུས་བསྟན་དགྲ་ཚར་གཅོད་པའི་ཆོས་སྐྱོང་བཀའ་སྲུང་རྣམས་གང་དུ་སོང་ཡོད་དམ་སྙམ་ནས་དོག་ཅིང་ཁྲེལ་བཞིན་ཡོད།

    Reply
  8. གཟི་མིག་༣པ says:
    ལོ་ 14 སྔོན།

    ལི་ལུག་རྫིས་བདེན་པ་འདྲ་པོ་ལབ་འདུག་་་འོན་ཀྱང་བློ་སེང་ལགས་ཀྱི་་་བཤད་ཆོག་ཆོག་དང་བྱས་ཆོག་ཆོག་་གཏང་ཆོག་ཆོག་་འདི་དག་ནི་ཉམས་མྱོང་མེད་པའི་རྐྱེན་ལས་མ་ཆིས་སོ་་་་གལ་སྲིད་ཁོང་གིས་དེ་སྔ་བཙན་བྱོལ་བསྒྲིགས་བཙུག་ནང་ལ་ཞབས་ཞུ་ཞུས་ཡོད་ན་ད་ཆ་སྤྱི་ཚོགས་ནང་བཀའ་ཁྲིའི་འོས་མཆེད་འུར་ཆེན་པོ་འདི་ཙམ་བརྗོད་ཀྱི་མ་རེད་་་ད་ལྟ་ཁོང་ལ་ཁག་རྩ་བ་ནས་མེད་གང་ལ་ཞེས་ན་ཁོང་གི་རྒྱབ་ཏུ་འདི་ལྟར་འུར་བཤད་དགོས་པའི་བརྐུལ་མ་གཏོང་མཁན་མང་ཐག་ཡོད་་་་གལ་སྲིད་ཁོང་བཀའ་ཁྲི་ལ་རྒྱལ་ཁ་ཐོབ་ན་འདི་ནི་བོད་མི་དམངས་ཀྱི་གྱོང་ཆེ་ཤོས་ཤིག་དང་ཕམ་ཁ་ཆེ་ཤོས་དེ་ཡིན་ཁོང་གི་བཀའ་ཁྲིའི་ཞབས་སྟེགས་ཉམས་མྱོང་བསག་ས་བྱས་པ་རེད་དེ་དུས་མཛུབ་མོ་ཁ་ནང་ལ་མུར་རྒྱུ་ལས་མེད་བོེད་མི་ཚོ་་

    Reply
  9. གྲྭ་རྒོད says:
    ལོ་ 14 སྔོན།

    ངས་བསམ་ན་ཡག་པོ་ཞིག་ཐོབ་གི་རེད་བསམ་གི་མེད། བོད་མའི་རང་གི་རང་ལ་གནོད་བྱེད་ཤེས་པའི་ཏན་ཏན་གནོད་བྱེད་གི་རེད་བསམ་ནས་རེ་བ་ཆེན་པོ་མེད།

    Reply
  10. གྲྭ་རྒོད says:
    ལོ་ 14 སྔོན།

    ངས་འདིའི་ཐོག་རང་གི་བསམ་ཚུལ་ཞིག་བཤད་འདོད་བྱུང་།མ་འོང་བའི་ང་ཚོའི་རེ་བའི་ལམ་ཁ་དེ་གང་འདྲ་ཞིག་ལ་ངོས་འཛིན་བྱེད་གི་ཡོད། ༡༽བོད་མི་གཅིག་སྟོང་ཨ་རིར་གཏང་བ་དེ་བོད་ཀྱི་རྩ་དོན་རྒྱུན་སྐྱོང་ལ་གནོད་ཚབ་ཆེན་པོ་ཆགས་ཡོད།
    བཙན་བྱོལ་བོད་མི་རྣམས་བཙན་བྱོལ་རང་གཞུང་གི་འོག་རྩ་དོན་རྒྱུན་སྐྱོང་བྱེད་དགོས་མོད་འོན་ཀྱང་དེ་ལས་ཟློག་ཏེ་བཙན་བྱོལ་བོད་གཞུང་གི་ཁྱབ་ཁོངས་ནས་བཏོན་པ་རེད། ང་དུས་ཚོད་མེད་པས་བྲི་མཚམ་འཇོག

    Reply
  11. བློ་བཟང་རྒྱལ་མཚན། says:
    ལོ་ 14 སྔོན།

    ཧ་ཧ་་་་་ཤ་གླིང་ཟླ་སྒྲོལ་ལགས་་་་ཁྱེད་ཀྱིས་༧གོང་ས་མཆོག་གི་བཀལ་དགོངས་ཞིན་གཞོན་སྐྱེས་ཤེས་ཡོན་ཅན་དང་མི་གཙང་མ་ཞིག་ལ་རྒྱབ་སྐྱོར་མ་བྱེད་པར་མི་མང་གིས་དོ་པ་བྱ་ཡུས་དང་བོད་མི་ས་ཡ་དྲུག་ལས་རང་ཉིད་ཀྱི་བུ་ཕྲུག་གཅིག་གལ་འགལ་ཆེ་བ་བརྩེ་མཁན་ཞིག་ལ་རྒྱབ་སྐྱོར་བྱེད་བར་ཡ་མཚན་རེད།

    ཚ་བ་བློ་བཟང་རྒྱལ་མཚན།             ནོར་གླིང་།

    Reply
  12. ལི་ཐང་གི་ལུག་རྫི། says:
    ལོ་ 14 སྔོན།

    མཁས་དབང་བློ་བཟང་སངྒེ་ལགས་ནི་རྒྱལ་སྤྱིའི་སྤྱི་ཚོགས་ནང་ཆེ་མཐོང་ཧ་ཅང་ཡོད་པ། མ་འོངས་མདུན་བསྐྱོད་ཀྱི་ལས་ཆར་གསལ་བོ་ཡོད་པ། བཤད་ཐུབ་བྱེད་ཐུབ་ཀྱི་སྤོབས་པ་ཟམ་མོ་ཡོད་པ། ཡོད་པ་འདི་དག་ལྟས་ན་དེ་རིང་གི་བཀའ་ཁྲི་དེ་ཁོང་རང་ལོས་ཡིན་བསམ་པའི་རེ་བ་ཞིག་ངང་ངམ་ཤུགས་ཀྱིས་སྐྱེས་བྱུང་།

    Reply
  13. གཟི་མིག་༣པ says:
    ལོ་ 14 སྔོན།

    ཧའ་ཧའ་ད་དངོས་ནས་བློ་སེང་ལགས་ཀྱིས་འདེངས་ཚོད་རྩ་བ་ནས་མེད་པའི་འུར་སྒྲ་ཆེན་པོས་གཏམ་བཤད་སྤེལ་བ་ལ་སྤྱི་ཚོགས་ནང་གི་རྒན་གྲས་དང་གྲ་བཙུན་བརྒྱུན་དུ་ཆབ་སྲིད་ལ་དོ་སྣང་མེད་པ་མཐོ་སློབ་ཁག་གི་ན་གཞོན་སོགས་མང་པོ་དངོས་ནས་འདོད་པ་ཁེངས་པའི་རྣམ་པ་འདུག་་དེ་ནི་ཁོང་ཚོ་ལ་ཁག་རྩ་བ་ནས་མེད་་་བློ་སེང་ལགས་ཀྱིས་ཐབས་བྱུས་རེད་་་བཙོན་ཟུར་བག་གྲོ་ལགས་ཡང་་་་གསར་གཏོད་་་དང་་་ཁྲིམས་མཁས་ཅན་གྱིས་་་ཁ་མཆུ་་་་ལ་མགོ་འགུར་བ་དེ་དངོས་ནས་ཡ་ཚན་རེད་བག་གྲོ་་་ད་གསར་གཏོད་གང་བྱ་རྒྱུ་ཡོད་ཁོང་ལ་དྲིས་དང་་་་ཡང་ན་བསམ་བློ་ཞིབ་ཕྲ་ཡང་བསྐྱར་ཐེངས་ཤིག་གཏང་ན་་ད་ལྟ་ད་དུང་ཡང་དུས་ཚོད་ཡོད་ཁྱེད་ལྟ་བུས་འོས་ཕན་མེད་དུ་གྱུར་ན་དངོས་ནས་འཕངས་བ་ལ་

    Reply
  14. གངས་ཆབ། says:
    ལོ་ 14 སྔོན།

    དུས་བབ་ཚང་གིས་ད་ལྟ་རང་བཀོད་གནང་འདུག་པ་ལགས་ན་དགོངས་སེང་ཞུ།

    Reply
  15. གངས་ཆབ། says:
    ལོ་ 14 སྔོན།

    དུས་བབ་ཚང་ལ་ཞུ་རྒྱར།ངས་མཆན་ཞིག་བཏབ་ཡོད་པ་དེ་མ་བཀོད་པའི་རྒྱུ་མཚན་ཅིའི་ཕྱིར་དུ་ཡིན་ནམ།གསལ་བཤད་ཞིག་གནང་ཐུབ་ན་ཕན་ཚུན་གཉིས་ཆ་ལ་དགེ་མཚན་ཆེ་བ་ཞིག་མཐོང་།

    Reply
  16. དུག་སྦྲང། says:
    ལོ་ 14 སྔོན།

    ཅོ་རི་ཉི་མ་ཁྱོད་རང་སེམས་པ་ཐང་ཐང་ཡིན་པས་་་་་་སྐད་ཆ་འདི་འདྲ་བཤད་ནས་སྤྱི་ཚོགས་ལ་གཏོར་བཤིགས་མ་གཏོངས་རོགས་་་་ང་ཚོ་ལོ་ལྔ་བཅུའི་ནང་ལ་ཁྱོད་འདྲ་བོ་མང་པོ་ཞིག་གིས་སྐད་ཆ་འདི་འདྲ་རྐྱང་རྐྱང་བཤད་ནས་སྤྱི་ཚོགས་འདི་ཡར་རྒྱས་ལ་འགྲོ་མ་ཐུབ་པ་རེད་་་་སྐུ་མཁྱེན་སྐད་ཆ་འདི་མཚམས་འཇོགས་བྱེད་རོགས།

    Reply
  17. རྒྱང་འཕེན་པ། says:
    ལོ་ 14 སྔོན།

    ང་རང་ཉིན་དེར། འགྲན་རྩོད་བགྲོ་གླེང་ལ་སོང་བ་ཡིན། སྐབས་དེར། དངོས་གནས་གོ་སྒྲིག་ཡག་པོ་ཞིག་བྱས་བཞག་པ་མཐོང་སོང་། དེར་བརྟེན་ཡི་རངས་བྱེད་ཀི་ཡིན་ལ། མ་འོངས་པ་ཡིན་རུང་འདི་འདྲའི་གལ་འགངས་ཆེ་བའི་ལས་དོན་རེ་རྩོམ་རྒྱུའི་སྐུལ་མ་བྱེད་འདོད་བྱུང་སོང་། རེད། མི་མང་ཡང་ཧ་ཅང་མང་པོ་འཛོམས་ཡོད་པའི་མ་འཚང་ཁ་ཆེན་པོ་དང་ཚད་ཚ་ཚ་འུར་འུར་གྱིས་སྒོ་ནས་བགྲོ་གླེང་གི་ཆ་ཤས་ལེན་སྟངས་ལ་བལྟས་ཡོང་ན། ད་ནི་མང་གཙོའི་གོ་རྟོགས་དང་འགན་འཁྲི་ཆེན་པོ་ཞིག་འཁུར་བཞིན་པའི་སྣང་བ་ཞིག་ཀྱང་ངང་གིས་སྟེར་བྱུང་། གང་ལྟར། བཀའ་ཁྲིའི་འོས་མི་རྒྱབ་སྐྱོར་བ་རེ་རེས་གནས་ལུགས་དང་རྒྱུ་མཚན་ལྡན་པའི་སྒོ་ནས་རང་ལུགས་བསྒྲུབས་སྟངས་ལ་བསམས་ཡོང་སྐབས། བག་བྲོ་ཚོར་སྣང་གི་དབང་གི་འགྲོ་བ་ལྟ་བུ་འདུག ཟླ་སྒྲོན་གྱིས་སྒམ་བརླིང་གི་རྣམ་འགྱུར་ཆེན་པོ་བསྟན་སོང་། བསོད་ནམས་རྡོ་རྗེའི་ལངས་ཕྱོགས་གསལ་སྟོན་བྱས་སོང་།

    Reply
  18. བོད་རྒྱལ་ལོ། says:
    ལོ་ 14 སྔོན།

    “ཕྱི་སྡོད་རྒྱ་མི་”ཞེས་པའི་ལག་ཁྱེར་ལེན་ཏེ་རྒྱ་ནག་ཏུ་འགྲོ་མཁན་སུ་ཡིན་ཡང་ངས་འོས་ཤོག་མི་རག་ཐག་གཅོད་ཡིན།
    “ཕྱི་སྡོད་རྒྱ་མི་”ཞེས་པའི་ལག་ཁྱེར་དེ་ལེན་མཁན་ཚོ་བོད་མི་མིན་ཞེས་ཟེར་གྱི་ཡོད་པ་དངོས་ཡོད་རེད་སེམས།
    བློ་སེང་གི་“ཕྱི་སྡོད་རྒྱ་མི་”ཁྱེར་ནས་རྒྱ་ནག་ལ་འགྲོ་བ་ཙམ་གྱི་ཧ་ཅང་ནོར་བ་རེད།
    ཟམ་གདོང་གིས་“ཕྱི་སྡོད་རྒྱ་མི་”ལག་ཁྱེར་ལེན་ནས་འགྲོ་ན་སྒྲིག་གི་རེད་ལབ་ཡོད་ཀྱི་རེད་་་་་ཟམ་གདོང་གི་བློ་སེང་“ཕྱི་སྡོད་རྒྱ་མི་”བཟོས་ཚར་འདུག།
    འོ་ད་དཔེ་བསགྶ་ཚར་བཞག

    Reply
  19. ལི་ཐང་གི་ལུག་རྫི། says:
    ལོ་ 14 སྔོན།

    བཀའ་ཟུར་བཀྲས་མཐོང་ལགས་ཀྱི་སྔོན་མའི་བྱ་རྗེས་དག་ནི་ལྷག་བསམ་དང་ཤེས་འཇོན་གསུམ་ལྡན་གྱི་བོད་ཕྲུག་ཞིག་གིས་བོད་མི་རིགས་དང་རྒྱལ་ཁབ་ལ་ཁ་སེམས་གཉིས་མེད་ཀྱིས་ང་ཚོ་ལ་བཅངས་པའི་རླབས་ཆེན་གྱི་བྱ་བ་ཞིག་ཡིན་པས་སྙིང་ཁོངས་རུས་པའི་གཏིང་ནས་ཁོང་ལ་ཡིད་རངས་བསྔགས་བརྗོད་ཞུ་རྒྱུ་མ་ཟད། དེ་རིང་དངོས་སུ་འགྲེལ་བཤད་གནང་མཁན་ཤར་གླིང་ཟླ་སྒྲོན་ལགས་སུའང་བཀའ་དྲིན་ཆེ་ཞུ་འདོད་བྱུང་། ཡིན་ནའང་སྐུ་ངོ་བཀྲས་མཐོང་ལགས་ལ་ཆ་མཚོན་ན། ༡༽ལོ་ཚོད་ཀྱི་ཆ་ནས་དེ་ཙམ་གྱི་འོས་འཚམས་མིན་པ་དང་། ༢༽ཁོང་གི་མ་འོངས་ལས་ཆར་ལ་གཞིགས་ནའང་དེ་ཙམ་གྱི་གསར་གཏོད་གྱི་རང་བཞིན་ཅན་མིན་པ། ༣༽རྒྱ་ཆེའི་མི་མང་གི་མངོན་འདུན་ལ་བསམ་ན་ཡང་མ་འོངས་བཀའ་ཁྲི་དེ་ཁོང་མིན་པས། མིན་པ་གསུམ་གྱི་ཆ་ནས་དེ་རིང་གི་གོ་སྐབས་འདི་ཁོང་གི་ཡིན་བསམ་པའི་སྤོབས་པ་ཤིག་བདག་ལ་མི་འདུག།

    Reply
  20. གངས་ཆབ། says:
    ལོ་ 14 སྔོན།

    སྐབས་གསུམ་པའི་བཀའ་བློན་ཁྲི་པའི་དངོས་གཞིའི་འོས་མི་གསུམ་ལ་རྒྱབ་སྐྱོར་གནང་མཁན་གསུམ་གྱིས་སོ་སོའི་ལྟ་བ་དང་།ལངས་ཕྱོགས་དམིགས་ཡུལ་གཞི་བཟུང་ཐོག་རང་ཉིད་ཀྱི་འོས་མི་དག་ལ་ཁྱད་ཆོས་ལྡན་པའི་རྣམ་དཔྱོད་ཇི་ཡོད་དང་།བྱས་རྗེས་དང་ཕུག་འདུན་ལ་སོགས་པའི་སྒང་ལ་གཏམ་གཤད་ལེགས་པར་ཞིག་གནང་འདུག་པ་ལ་བསྔགས་བརྗོད་དང་ཆབ་ཅིག་ཞུ་འདོད་པ་ཞིག་ལ།
    དྲ་གྲོགས་ཁག་ཅིག་གི་གསུངས་སྟངས་ལ་བལྟས་པ་ཡིན་ན།བྱས་རྗེས་ལ་བཀའ་དྲིན་བསམ་ཤེས་བྱེད་དགོས་རེད་ཟེར་བས་འགྲེལ་བརྗོད་དེ་འདྲ་ཞིག་བྱེད་ཀྱིན་ཡོད་པ་ཡིན་ན།བོད་མི་རིགས་དང་སྤྱི་པའི་རྩ་དོན་ཆེད་དུ་ལས་འགུལ་རབ་དང་རིམ་པ་ཞིག་སྤེལ་ནས་མཐར་གཟི་བརྗིད་ལྡན་པའི་ངང་རྒྱ་ནག་གཞུང་གི་བཙོན་ཁང་དུའང་ལོ་ངོ་ཉེ་ཤུ་སུམ་བཅུ་བཞུགས་མྱོང་མཁན་ད་ལྟ་བཙན་བྱོལ་དུ་འབྱོར་ཡོད་པ་མང་དག་ཞིག་ཡོད་འདུག་པ་ལགས་ན།ང་ཚོས་ངེས་པར་དུ་བཀའ་དྲིན་ལ་བསམ་ཤེས་ཆེད་དུ་བཀའ་བློན་ཁྲི་པར་འདེམས་བསྒྲུག་བྱ་དགོས་ངེས་རེད།

    Reply
  21. བོད་པ་ཚང་། says:
    ལོ་ 14 སྔོན།

    བློ་སེང་ལགས་ཀྱི་རྒྱབ་སྐྱོར་བ་ཕལ་ཆེ་བ་སྐུ་གཞོགས་བག་བྲོ་ལྟ་བུ་ཤེས་ཡོན་དེ་ཙམ་མེད་མཁན་ནམ། ཤེས་ཡོན་ཡོད་ཀྱང་རང་ཉིད་ལས་ཀའི་ནང་མ་ཞུགས་མཁན་ཁག་ཡིན་སྟབས། ཁོང་ཚོས་ཉམས་མྱོང་གི་རིན་ཐང་ལ་ཚོད་བགམ་མི་ཐུབ་པར་ཐུགས་ཁག་མེད། འོན་ཀྱང་སྤྱི་ཚོགས་ནང་ལ་ཤེས་ཡོན་མཐིལ་ཕྱིན་པ་བཅད་ནས་ལས་ཀ་ལ་ཞུགས་དང་། དེ་ནས་ཉམས་མྱོང་ཞེས་པ་དེ་གལ་ཆེན་པོ་གང་འཚམས་ཡིན་མིན་ངང་ངམ་ཤུགས་ཀྱིས་རྟོགས་ངེས་རེད། ངས་ནི་ཉམས་མྱོང་ལ་རིན་ཐང་ཆེན་པོ་བརྩི་ཡི་ཡོད་པ་མ་ཟད། ཉམས་མྱོང་ཡོད་པའི་འོས་མི་རྣམ་གཉིས་ཀྱང་ཕྱག་ལས་གནང་མི་ཐུབ་པའི་རྒན་འཁོགས་དེ་འདྲ་མཐོང་གི་མི་འདུག

    ལར་ནས་ང་ཚོའི་བཅའ་ཁྲིམས་རིན་པོ་ཆེ་འཁྲུངས་ནས་ལོ་ ༢༠ སོན་པར་་ད་དུང་ཟླ་ཤས་ལྷག་ཡོད། སྤྱིར་བཅའ་ཁྲིམས་རིན་པོ་ཆེའི་དགོངས་པ་ཁག་ལ་གུས་བརྩི་དང་གོང་དུ་བཀུར་གྱི་ཡོད་མོད། འོན་ཀྱང་ནར་སོན་རྒྱུ་ཡིན་སྟབས། ང་ཚོའི་སྤྱི་ཚོགས་ཀྱི་དགོས་མཁོ་དང་ཁ་གསབ་དགོས་སར་དེ་བཞིན་གནང་དགོས་པ་ཆོས་ཉིད་རེད། བློ་སེང་ལགས་དང་རྒྱབ་སྐྱོར་བ་རྣམས་ཀྱིས་བཅའ་ཁྲིམས་ནང་དུ་ཉམས་མྱོང་གསལ་མི་འདུག་ཅེས་གཟེངས་བཏོད་ནས་གསུངས་ཀྱང་། དགོས་པ་ལྷག་པར་མ་མཐོང་། གང་ཡིན་ཞེ་ན། བཅའ་ཁྲིམས་སུ་ཉམས་མྱོང་ཆ་རྐྱེན་དུ་གསལ་མེད་པ་ཀུན་གྱི་མཁྱེན་གསལ་རེད། མ་གཞི་ནས་བཅའ་ཁྲིམས་སུ་ཆ་རྐྱེན་དེ་གསལ་མེད་སྟབས་བློ་སེང་ལགས་ཀྱང་འོས་མིར་ཚུད་པ་ཤུགས་ཀྱིས་རྟོགས་ཐུབ། འོན་ཀྱང་བློ་སེང་ལགས་དང་རྒྱབ་སྐྱོར་བ་རྣམ་པས་ཆ་རྐྱེན་དེ་མེད་པར་གསུངས་པའི་ཤུགས་ལ། གསུང་སྟངས་གཞན་ཞིག་ནས་ཁོ་པ་ལའང་ཉམས་མྱོང་ཡོད་གསུངས་པ་གང་ཞིག བཅའ་ཁྲིམས་སུ་ཆ་རྐྱེན་དེ་གསལ་མི་འདུག་གསུངས་པ་ཙམ་གྱིས་ཁོ་པ་ཉིད་ནས་སོ་སོའི་ཉམས་ཆ་ཤུགས་ལ་ངོས་འཛིན་ཞུས་པར་སྙམ།

    ལར་ནས་ལོ་རྒྱུས་རིང་པོ་ཡོད་པའི་རྒྱལ་ཁབ་ཁག་གི་རྩ་ཁྲིམས་ཁག་ཏུ་ཉམས་མྱོང་དགོས་ངེས་ཚིག་དེ་ཉིད་མི་གསལ་ཡང་། ཉམས་མྱོང་དགོས་པར་གསུངས་པ་དངོས་འབྲེལ་རེད། དཔེར་ན། ང་ཚོ་བོད་མི་བཙན་བྱོལ་པ་མང་ཤོས་གནས་སྡོད་བྱེད་ཡུལ་རྒྱ་གར་ལྟ་བུར་མཚོན་ན། རྒྱལ་ཁབ་ཀྱི་སྲིད་འཛིན་གྱི་འོས་མིར་ལང་བར་ཉུང་མཐར་གྲོས་ཚོགས་འོག་མའི་འཐུས་མི་ཡིན་དགོས། དེས་གང་བསྟན་པ་ཡིན་ནམ་ཞེ་ན། གྲོས་ཚོགས་ལ་ཞུགས་ནས་མང་གཙོའི་ཀ་བ་གསུམ་གྱི་གནས་ཚུལ་རྒྱུས་ལོན་དང་ཉམས་མྱོང་གསོག་ཐུབ་པའི་དགེ་མཚན་ཤུགས་ལ་རྟོགས་ཐུབ། དེ་བཞིན་ཨ་རིའི་སྲིད་འཛིན་གྱི་ཆ་རྐྱེན་གཅིག་ནི། སྲིད་འཛིན་གྱི་འོས་མིར་ལང་མཁན་དེ་ཉིད་ཨ་རི་རང་དུ་ལོ་ངོ་ ༡༤ གཏན་སྡོད་བྱེད་དགོས་པ་ཡིན། དེས་ཀྱང་རྒྱལ་ཁབ་དེའི་ནང་དུ་བསྡད་ན། རྒྱལ་ཁབ་དེའི་གནས་ཚུལ་རྒྱུས་མངའ་ཆེ་བ་ཡོང་དགོས་པ་བཤད་མི་དགོས་སྙམ། དེ་ནི་ང་ཚོས་ལས་སླ་པོས་ཤེས་ཐུབ། ང་ཚོས་འདིར་བསྡད་ནས་བོད་ཀྱི་གནས་ཚུལ་ལས་སླ་པོ་བྱས་ནས་ཤེས་མི་ཐུབ་པ་ལྟ་བུ་ཡིན།

    བློ་སེང་ལགས་ད་རེས་བཀའ་ཤག་སྐབས་གསུམ་པའི་ནང་དུ་བཀའ་ཁྲི་མ་ཐོབ་པར་སྨོན་ལམ་འདེབས་ཀྱི་ཡིན། འོན་ཀྱང་བློ་སེང་ལགས་བོད་གཞུང་ལ་ཞབས་ཕྱི་ཞུ་འདོད་ཡོད་པ་ཁ་ཞེ་གཉིས་མེད་ཡིན་ན། བཀའ་ཁྲིར་མ་ཚུད་པར་བློ་ཕམ་མ་གནང་བའི་ཐོག བློན་ཆེན་ལས་ཁུངས་ཤིག་ཏུ་ཕྱག་ལས་གནང་ཐུབ་ན་ཤིན་ཏུ་བཟང་། དེ་ནས་ཁོང་གིས་དམིགས་བསལ་ནུས་པ་བཏོན་ཐུབ་ན། ངས་སྐབས་རྗེས་མའི་བཀའ་ཁྲིར་ཁོང་ཉིད་འཚོལ་རྒྱུ་ཡིན།

    Reply
  22. སྟོང་སྐོར་ཐུབ་བསྟན། says:
    ལོ་ 14 སྔོན།

    ཁྲིམས་ལུགས་ཆེད་མཁས་པ་བློ་བཟང་སེང་གེ་ལ་རྒྱབ་སྐྱོར་བྱེད་མཁན་གྲྭ་བག་གྲོ་ལགས་ཀྱིས་གསུངས་པར་བདེན་རེད། རྒྱབ་སྐྱོརཡོད།

    Reply
  23. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    གྲྭ་བག་གྲོ་ལགས་ཀྱིས་བག་བྲོ་པོའི་སྒོ་ནས། རར་བ་བཟང་ས་ནས་རྒྱག་སྟངས་གསུངས་འདུག་ཀྱང་། གྲ་སྒྲིག་སྡུག་ས་ནས་བྱེད་སྟངས་ཁ་གསལ་མི་འདུག་སྙམ།
    བསོད་ནམས་རྡོ་རྗེ་ལགས་ཀྱིས་བཀྲ་ཤིས་དབང་འདུས་ལགས་ལ་རྒྱབ་སྐྱོར་ལ། ང་ཀརྨ་རྡོ་རྗེས་ཀྱང་རྒྱབ་སྐྱོར་ཞུ་བཞིན་ཡོད། བསྟན་རྣམ་ལགས་ཀྱང་སྐུ་ཚེ་ཡུན་བརྟན་ཤོག །

    Reply
  24. ཨ་རིག་དགེ་མཐོང་། says:
    ལོ་ 14 སྔོན།

    སྐུ་མགྲོན་ནམ་གཏམ་བཤད་མཁན་སྐད་གཏོང་རྒྱོ་ནོར་འདུག ངས་ཁོ་ཚོ་ཡག་པོ་མི་འདུག་ཅེས་ཟེར་ཁུ་མེད། འོན་ཀྱང་བཀའ་ཁྲི་གསུམ་ལ་རྒྱབ་སྐྱོར་ཚོགས་ཆུང་བཙུགས་པ་དང་དེའི་ནང་དུ་རྩོམ་ཡིག་གིས་མདའ་མོ་འཕེན་ནི་ཚོ་སྐད་གཏོང་དགོས་པ་རེད།

    Reply
  25. ཅོ་རི་ཉི་མ། says:
    ལོ་ 14 སྔོན།

    མཛེས་མ་ཟླ་སྒྲོན་ལགས་ཀྱིས་གསུངས་པར་བདེན་ནོ་ཞུ་རྒྱུ་ཡིན། བཀྲས་མཐོང་ལགས་ཀྱིས་བཀའ་དྲིན་ལ་བརྟེན་ནས་བོད་མི་༡༠༠༠ཨ་རི་ལ་འགྲོ་ཐུབ་པ་བྱུང་བས་རྒྱུ་མཚན་གྱི་བཙན་བྱོལ་བོད་མིའི་འཚོ་བ་ཡར་རྒྱས་དང་བཙན་བྱོལ་བོད་གཞུང་གི་མང་གཙོ་ཡར་རྒྱས་དཔལ་འབྱོར་ཡར་རྒྱས་སོགས་ཕྱོགས་མང་པོ་ཞིག་ནས་ཡག་པོ་ཆགས་པ་རེད།

    ང་ཚོས་ཀྱང་མང་གཙོ་གོ་སྐབས་དང་བརྟེན་ནས་བོད་གཞུང་མང་གཉིས་སུ་ཕན་ཐོགས་ཡོད་པའི་བཀྲས་མཐོང་ལགས་སུ་འོས་ཤོག་ཐོབ་ཐུབ་པའི་རྒྱབ་སྐྱོར་བྱེད་དགོས་ངེས་རེད། མ་འོང་པ་ཡང་བོད་མི་ལས་མེད་མང་པོ་ཨ་རི་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་ནང་དུ་སློབ་གཉེར་དང་དཔལ་འབྱོར་གྱི་ཆེད་དུ་འགྲོ་དགོས་ངེས་རེད།

    ཨ་རི་གཞུང་གིས་ཆུ་སྒང་དམག་གི་ནང་མི་རྣམས་དང་བལ་ཡུལ་གྱི་སྐྱབས་བཅོལ་ལག་ཁྱེར་མེད་མཁན་རྣམས་ལེན་གྱི་ཡིན་ཞེས་གསུངས་ཡོད་པ་དང་ཁ་ན་དྲའི་གཞུང་གི་ཨ་རི་ཅ་ན་མངའ་སྡེའི་ནང་གི་བོད་མི་༡༠༠༠་ལེན་གྱི་གསུངས་ཀྱི་ཡོད་རེད། དེ་བརྟེན་བྱ་བ་འདིར་ཡག་པོ་འགྲུབ་ཐུབ་དགོས་ཚེ་སྐུ་ངོ་བཀྲས་མཐོང་ལས་ལྷག་གི་རེ་བ་རྒྱབ་ས་ཞིག་མི་འདུག་སྙམ།

    བོད་རྒྱལ་ཁབ་དང་བོད་མི་རིགས་སུ་ཕུགས་རྒྱང་རིང་པོར་བསམ་བློ་བཏང་མཁན་ཞིག་ཡིན་ན་བོད་མི་རིགས་ཀྱི་འཚོ་བ་དང་སློབ་སྦྱོང་ལ་བསམ་བློ་གཏོང་དགོས་ངེས་རེད་ལ་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་ཆབ་སྲིད་དང་དཔལ་འབྱོར་ཤེས་ཡོན་བཅས་སུ་ཉམས་ལེན་མ་བྱེད་པར་བོད་མི་རིགས་འདིར་ཐོབ་མི་ཐུབ་པར་ཤེས་པའི་ཐོག་ནས་བཀྲས་མཐོང་ལགས་སུ་རྒྱབ་སྐྱོར་བྱེད་ན་དོན་དང་མཐུན་པ་རེད།

    ཨ་རི་དང་ཡུང་རོ་ནང་དུ་ལས་ཀ་བྱེད་མཁན་དང་སློབ་སྦྱོང་འགྲོ་འདོད་ཡོད་མཁན་ཚོས་ངོས་ནས་བཀྲས་མཐོང་ལགས་སུ་རྒྱབ་སྐྱོར་དགོས་ངེས་རེད། འདི་ནི་རང་དོན་དང་སྤྱི་དོན་གཉིས་ཀ་རེད། བཙན་བྱོལ་ནང་གི་གཞོན་སྐྱེས་ཚོས་བསམ་བློ་ཐོངས་།

    ཆུ་སྒང་མི་དམངས་ཀྱིས་ཐུགས་བསམ་བཞེས་དགོས་པའི་དུས་སུ་བབ་ཡོད། ཁམས་པ་ཡིན་ཙམ་གྱིས་ཆུ་སྒང་ལ་ཕན་ཐོགས་མེད་ལ་བོད་སྤྱི་པའི་སྤྱི་དོན་གྱི་ཆེད་དུ་ཕན་ཐོགས་མེད་པར་ཤེས་དགོས། ཤེས་ཀྱི་ཡོད་ཚོད་ཀྱང་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese