མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རང་བཙན་གོམ་བགྲོད་མཚམས་མི་འཇོག

བོད་ཀྱི་དུས་བབ།
༢༠༡༡/༠༢/༢༣
Share on FacebookShare on TwitterShare on EmailShare on Whatsapp

ངའི་ཚ་བོ་གཉིས་དང་ང་ཚོས་རྩ་དོན་འདི་གསོན་པོར་ཉར་རྒྱུ་ཡིན།  འཇིགས་མེད་ཀྱི་འདས་གྲོངས་གོད་ཆག་འདིས་ང་ཚོའི་རེ་འདུན་མཚམས་བཅད་མེད་ལ། ཁོང་གི་བུ་རྣམས་ཀྱིས་ང་ཚོའི་ནང་མིའི་ལོ་རྒྱུས་མུ་མཐུད་ངེས་ཡིན་ཟེར།

ཁ་སང་ཕྱི་ཚེས་ ༢༢ ཉིན་སྲས་འཇིགས་མེད་ནོར་བུའི་ནང་མིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། ཕ་ཤུལ་བུ་འཛིན་དང་བུ་ཤུལ་ཚ་བོས་བཟུང་སྟེ། བོད་མི་རིགས་དང་རྒྱལ་ཁབ་ཀྱི་དོན་དུ་ཡབ་དམ་པ་སྟག་མཚེར་རིན་པོ་ཆེ་མཆོག་དང་། སྲས་འཇིགས་མེད་ནོར་བུ་གཉིས་ཀྱི་དགོངས་དོན་བཞིན་བོད་རང་བཙན་གོམ་བགྲོད་མུ་མཐུད་སྤེལ་རྒྱུ་ཡིན་ཞེས་བསྒྲགས་འདུག   

གསལ་བསྒྲགས་དེའི་ནང་བསྟན་དོན། ཐོག་མར་ངེད་ཀྱིས་བྷི་ལིམ་མིན་ཊོན་གྱི་གྲོང་ཁྱེར་སྤྱི་ཁྱབ་པ་མཱར་ཀ་ཀུར་ཟན་དང་བྷི་ལིམ་མིན་ཊོན་གྲོང་ཁྱེར་ལ་ང་ཚོ་གསར་འགོད་གསལ་བསྒྲགས་འདི་སྐྱོང་བའི་གོ་སྒྲིག་བྱས་པ་ལ་ཐུགས་རྗེ་ཆེ་ཞུ་གི་ཡིན།

བདུན་ཕྲག་སྔོན་མའི་ནང་ང་ཚོའི་ཁྱིམ་ཚང་འདི་གོད་ཆག་ཆེན་པོ་ཞིག་གིས་མནར་བྱུང་། ཕ་དང་བུ། སྤུན་དང་ཁྱོ་ག་བཅས་ཡིན་པའི་འཇིགས་མེད་ནོར་བུས་ང་ཚོའི་ཡབ་དམ་པའི་ཕྱག་ལས་ཀྱི་མཇུག་སྐྱོང་བའི་གོམ་བགྲོད་བྱེད་མུས་སུ་ཡོད་སྐབས་དེར་མོ་ཊས་བརྡབས་ཏེ་སྐུ་སྲོག་ཤོར་པ་རེད།

སྡུག་བསྔལ་འདི་ནི་ཧ་ཅང་གཏིང་ཟབ་པ་དེ་ལྟ་མོད་ཀྱང་། ང་ཚོས་ཁོང་ཉིད་ཀྱིས་དམིགས་ཡུལ་རྒྱ་ཆེན་པོ་ཞིག་ལ་ལས་ཀ་བྱེད་བཞིན་པ་དེ་ཤེས་ཡོད།

ང་དང་འཇིགས་མེད་ཀྱི་བུ་རྒན་པ་བསྟན་འཛིན་དང་། བུ་འབྲིང་བ་རྒྱལ་མཚན་བཅས་ནས་ཁོང་གིས་བདུན་ཕྲག་སྔོན་མའི་ནང་ཧྥི་ལོ་རི་ཌའི་ནང་མགོ་འཛུགས་བྱས་པའི་གོམ་བགྲོད་དེ་མཇུག་སྒྲིལ་ཕྱིར་གོམ་བགྲོད་པ་གཞན་རྣམས་དང་ལྷན་དུ་མཉམ་ཞུགས་བྱ་རྒྱུ་ཡིན།  འཇིགས་མེད་ཀྱི་བུ་ཆུང་བའི་མིང་ལ་རང་བཙན་ཞེས་འབོད།

ལྟག་མཚེར་རིན་པོ་ཆེ་ཞེས་གྲགས་པའི་ང་ཚོའི་ཡབ་ཐུབ་བསྟན་འཇིགས་མེད་ནོར་བུ་མཆོག་གིས་ལོ་མང་པོའི་སྔོན་ནས་རང་བཙན་གྱི་ཕྱག་ལས་གནང་སྟེ། ཨ་རི་དང་ཁེ་ཎ་ཌ། ཐའེ་ཝན་བཅས་སུ་རང་བཙན་གོམ་བགྲོད་དང་རྐང་འཁོར་བསྐོར་བསྐྱོད་ཀྱི་ལས་འགུལ་བརྩམས་ཡོད།  ང་ཚོའི་ཡབ་དམ་པའི་སྐུ་ཚེའི་མཇུག་དེར་ཁོང་གི་སྐུའི་འཕྲོད་བསྟེན་ཇེ་ཞན་དུ་ཕྱིན་སྐབས་སུ། ངའི་སྤུན་འཇིགས་མེད་ནོར་བུས་བོད་མི་དམངས་ཀྱི་བདེ་སྡུག་ལ་ངོ་སྤྲོད་དང་གོ་རྟོགས་སྤེལ་བའི་ལས་འགུལ་འདི་ཕྲག་ཏུ་བཞེས་ཡོད།

ཐེངས་འདིའི་གོད་ཆག་འདིས་ངའི་པཱ་ལགས་དང་ངའི་སྤུན་གྱི་རྨི་ལམ་མུ་མཐུད་ནས་བྱེད་པའི་ང་ཚོའི་དོན་གཉེར་འདི་འགོག་མི་ཐུབ་ལ།  ངའི་ཚ་བོ་གཉིས་དང་ང་ཚོས་རྩ་དོན་འདི་གསོན་པོར་ཉར་རྒྱུ་ཡིན།  འཇིགས་མེད་ཀྱི་འདས་གྲོངས་གོད་ཆག་འདིས་ང་ཚོའི་རེ་འདུན་མཚམས་བཅད་མེད་ལ། ཁོང་གི་བུ་རྣམས་ཀྱིས་ང་ཚོའི་ནང་མིའི་ལོ་རྒྱུས་མུ་མཐུད་ངེས་ཡིན། ང་ཚོར་གྱོང་གུད་ཆེན་པོ་ཐེབས་པ་འདིས་ང་ཚོ་འགོག་མི་ནུས་པ་མ་ཟད། དེས་མཐའ་གཅིག་ཏུ་ང་ཚོའི་ངར་ཤུགས་ཇེ་ཆེར་གཏོང་གི་རེད།

འཛམ་གླིང་གང་སར་གནས་པའི་སྤྱི་ཚོགས་དང་མི་མང་གིས་ང་ཚོ་ལ་ཧ་ལས་པའི་རྒྱབ་སྐྱོར་དང་བརྩེ་སེམས་གནང་བྱུང་། ང་ཚོས་གོ་སྐབས་འདི་བཟུང་ནས་ ཁྱེད་རང་ཚོ་རེ་རེ་བཞིན་གྱི་བརྩེ་སེམས་དང་བཀའ་དྲིན་ལ་ཐུགས་རྗེ་ཆེ་ཞུ་འདོད་བྱུང་།

ང་ཚོས་ཁྱེད་ཚོ་ ཧྥི་ལོ་རི་ཌཱ་ལ་ཕེབས་ནས་གོམ་བགྲོད་ལ་ཞུགས་རྒྱུར་གདན་འདྲེན་ཞུ་གི་ཡོད། ང་ཚོས་ ཕྱི་ཚེས་ ༢༣ ཉིན་གོམ་བགྲོད་པ་རྣམས་དང་ལྷན་དུ་མཉམ་ཞུགས་བྱེད་གི་ཡོད། གལ་སྲིད་ཁྱེད་རང་ཉིན་མཐའ་མ་སྟེ་ ཕྱི་ཟླ་ ༢ ཚེས་ ༢༦ རེས་གཟའ་སྤེན་པ་ཉིན་ང་ཚོ་དང་མཉམ་ཞུགས་བྱེད་ཐུབ་ནའང་ང་ཚོས་དགའ་བསུ་ཞུ་བ་ཡིན།

ང་ཚོའི་ཁྱིམ་ཚང་གིས་འཇིགས་མེད་ནོར་བུའི་རྗེས་དྲན་གྱི་མྱ་ངན་འདུ་འཛོམས་ཤིག་སྤྱི་ཟླ་ ༣ ཚེས་ ༡ ཉིན་བྷི་ལིམ་མིན་ཊོན་གྲོང་ཁྱེར་སྤྱི་ཁང་དུ་བྱེད་རྩིས་ཡོད།  དེ་ནི་ཆུ་ཚོད་དྲུག་པ་ནས་ཆུ་ཚོད་བརྒྱད་པའི་བར་ཡིན། 

མེ་ཏོག་གི་ཆུན་པོའི་དོད་དུ་ང་ཚོས་ཞལ་འདེབས་བྱུང་བ་རྣམས་ལེན་གི་ཡིན་ལ།  ཞལ་འདེབས་དེ་རྣམས་ནི་ཤུལ་ལུས་བུ་གུ་གསུམ་གྱི་ཡིད་ཆེས་ཐེབས་རྩ་ལ་འཇོག་གི་ཡིན། ཀུན་དགའ་ནོར་བུས་ཞེས་བཀོད་འདུག

གསར་འགོད་པས་ཁོང་ལ། དེ་རིང་བོད་ནང་གི་བོད་མི་རྣམས་ལ་གསུང་འཕྲིན་གང་ཡོད་ཅེས་དྲིས་པའི་ལན་དུ། ཁོང་གིས། ང་ཚོ་བོད་པ་ཚང་མས་མཁྲེགས་པོ་གནང་རོགས། བོད་རང་བཙན་ནི་ང་ཚོའི་དམིགས་འདུན་རེད། ང་ཚོ་མི་ཐོག་གསུམ་འདིར་བསྡད་ནས་བོད་རང་བཙན་བརྩོན་ལེན་བྱེད་ཀྱི་ཡོད། ཅེས་གསུངས་སོང་།

 

འབྲེལ་ཡོད་གསར་འགྱུར།

State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

ཆུ་ཚོད་ ༡༨ སྔོན་ལ།
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

ཆུ་ཚོད་ ༡༩ སྔོན་ལ།
IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩
མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

༢༠༢༦/༠༨/༠༧
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

༢༠༢༦/༠༨/༠༧
པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༠༦

མཆན། 7

  1. རྟ་བོར་བ། says:
    ལོ་ 15 སྔོན།

    སྲས་འཇིགས་མེད་ནོར་བུ་ལགས་ལ་མྱ་ངན་གུས་འདུལ་དང་།
    ཁྱིམ་ཚང་ལ་གདུང་སེམས་མཉམ་སྐྱེད་ཞུ།

    Reply
  2. ཁྲི་སྲོང་བཙན། says:
    ལོ་ 15 སྔོན།

    འདི་བསམ་དུས་ཅོ་རི་སེམས་པ་སྡུག ཞེས་བྲིས་ན་གནས་ཚུལ་སྐྱོ་ལྷང་ངེ་བ་དེས་དྲངས་པའི་སེམས་ཚོར་སྟོན་པའི་འབོད་སྒྲ་འོན་པས་གོ་ཐུབ་ཞིག་ཡོང་ངེས། ཅིའི་ཕྱིར་ཞེ་ན་སུ་ལའང་གནས་ཚུལ་འདི་གོ་དུས་སྐྱོ་སྣང་ཞིག་ལས་བློ་བདེ་སྣང་ཞིག་ཡེ་ནས་མི་ཤར། དེ་ཨེ་རེད་ཅོ་རི་ཉི་མ་ལགས། ངག་འཆལ་བ་དགོངས་ན་འཐོལ་ལོ་བཤགས།

    Reply
  3. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    ཕ་རྒྱུད་བུ་འཛིན་དང་རིགས་གཅིག་རྐང་འཛིན་གྱི་ཐོག་ནས་བོད་རྒྱལ་ཁབ་དང་བོད་རིགས་ཀྱི་ཆེད་དུ་ཚེ་སྲོག་གི་འགྲོ་སོང་བཏང་གི་ཡོད་པ་འདི་ལ་སྙིང་ཐག་པ་ནས་ཐུགས་རྗེ་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན།
    སྲས་འཇིགས་མེད་ལགས་ཀྱིས་ང་ཚོ་བོད་མི་ཁོག་ན་སྙིང་དང་སྙིང་ལ་བོད་རིགས་ཀྱི་ཟུངས་ཁྲག་ཡོད་མཁན་ཚོ་ལ་ངར་ཤུགས་གནང་བྱུང་ལ་སྤོབས་པ་ཀྱང་གནང་བྱུང།

    བུ་དཔའ་པོ་འཇིགས་མེད་ནོར་བུ་རེད།
    ཤི་སྲོག་ལ་ཐུག་ཀྱང་མ་འཇིགས་ཐལ།
    བོད་གངས་ཅན་དཔའ་བོའི་གྲལ་དུ་བཞུགས།
    ངེད་རང་བཙན་བ་ཚོས་གུས་ཞབས་ཞུ།

    བོད་མི་རིགས་བདེན་དོན་བརྩད་མི་དང་།
    བོད་རྒྱལ་དར་གནམ་ལ་འཕྱར་མཁན་གྱི།
    བུ་འཇིགས་མེད་ནོར་བུའི་ཚེ་སྲོག་ལ།
    གོད་བར་ཆད་བྱུང་བར་བློ་ཕམ་ཆེ།

    ཕ་ཤི་ཀྱང་ལས་དོན་སྒྲུབ་མཁན་ལ།
    བུ་སྟག་ཕྲུག་འདྲ་བ་ཡོད་པ་འདི།
    བོད་རང་བཙན་ཐོབ་པའི་ས་བོན་རེད།
    དེར་བསམ་དུས་ཅོ་རི་སེམས་པ་བདེ།

    Reply
  4. ཤིང་ལོ། says:
    ལོ་ 15 སྔོན།

    བཙན་པོའི་རྒྱུད་འཛིན་པ་ཞིག་ཡིན་ན་འདི་འདྲ་ཞིག་དགོས་ལ།
    མཐའ་བཞི་དབང་དུ་བསྡུས་དུས་ཀྱང་འདི་འདྲའི་ཁྱིམ་རྒྱུད་ཅིག་ཡོད་པས་ཡིན་རྒྱུ་རེད།
    ༸ཨ་རིར་བཞུགས་ཀྱང་ཨ་སྒོར་མི་གཉེར་བར།།
    ཨ་ཕའི་རྒྱུད་པ་འཛིན་པའི་རང་བཙན་བུ།།
    ཨ་མའི་བུ་དང་འཇིགས་མེད་སྟག་གི་བུ།།
    ཨ་ཁུའི་ཚ་བོ་རྟག་ཏུ་རྒྱལ་གྱུར་ཅིག།

    Reply
  5. གནམ་ལྕགས། says:
    ལོ་ 15 སྔོན།

    སྲས་དམ་པ་མཆོག་གི་བུ་ཆེ་ཆུང་གཉིས་ཀྱི་གནང་སྟངས་འདིས་སེམས་འགུལ་ཐེབས་བྱུང་། གསར་འགོད་གསལ་བསྒྲགས་འདི་བཀླགས་པས་བདག་གི་མིག་ལ་མཆིལ་ཞགས་འཁོར་བྱུང་།

    ཡབ་གཞིས་ལྟག་འཚེར་རིན་པོ་ཆེའི་བུ་དང་ཚ་བོ་རྣམས་ཀྱིས་བོད་མི་རིགས་ལ་བཅིངས་པའི་ལྷག་བསམ་འདི་ཀུན་ནས་རྒྱལ་གྱུར་ཅིག

    Reply
  6. རྨ་ཆུའི་སྐལ་བཟང་། says:
    ལོ་ 15 སྔོན།

    ཨ་ཤུ་རེ་གོ་བོད་མི་ཚོ་གཟིགས་དང་གོང་དུ་ཀུན་དགའ་ལགས་ནས་གསུང་བའི་
    ཁོང་གི་ཚ་བུ་འབྲིང་བ་རྒྱལ་མཚན་ནོར་བུ་ནི་དངོས་གནས་རང་ལོ་དགུ་ལ་སོན་མ་
    ཐག་བའི་བྱིས་བ་ཞིག་རེད་ཁོང་གི་ཕ་ཤུལ་བུ་ཡིས་སྐྱོང་བའི་སེམས་ཤུགས་དེ་ནི་བོད་གངས་ཅན་པ་རྣམས་ཀྱི་ལོ་རྒྱས་ཀྱིས་རྡོ་རིང་ཞིག་དུ་བཀོད་ངེས་རེད།
    ད་དུང་ཚ་བུ་རྒན་པ་བསྟན་འཛིན་ནོར་བུ་ཡང་རང་ལོ་བཅུ་གསུམ་ལ་སོན་མ་ཐག་ཡིན།མདོར་ན་ཡབ་གཞེས་ཚང་གི་དབུ༸གོང་ས་མཆོག་གི་ཁྲིད་ནས་འཇུག་རང་ལོ་ལྔ་ལ་སོན་མ་ཐག་བའི་བུ་ཆུང་རང་བཙན་ནོར་བུས་བསྐྱངས་ནས་རང་མི་རིགས་
    འདིས་ཆེད་དུ་ཐ་ན་གཅེས་བའི་ལུས་སྲོག་ཀྱང་ཕུལ་བའི་དྲན་ལན་འདི་ནམ་ཞིག་ལ་འཇལ་ཐུབ་བམ།།།།

    Reply
  7. བྱམས་རྒྱལ། says:
    ལོ་ 15 སྔོན།

    སྲས་འཇིགས་མེད་ནོར་བུ་ལགས་ཀྱི་ཁྱིམ་ཚང་ལ་གདུང་སེམས་མཉམ་སྐྱེད་ཞུ།
    རང་རེའི་གནས་སྟངས་སྐྱོ་བོ་འདི་འདྲ་ཞིག་གི་སྟེང་ལ་ཆག་སྒོ་འདི་འདྲ་འབྱུང་དོན་ཅི་ཞིག་ཡིན་ནམ།།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese