མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་བོད་དོན་རྒྱབ་སྐྱོར་བ།

བོད་ཀྱི་དུས་བབ།
༢༠༡༡/༠༢/༢༣
Share on FacebookShare on TwitterShare on EmailShare on Whatsapp

 

འདས་པའི་ལོ་མང་རིང་རང་གི་ཟུངས་ཁྲག་གིས་ཡི་གེ་བྲིས་ཏེ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་སོགས་སུ་བོད་དོན་གཏུག་བཤེར་གནང་མཁན་རྒྱ་གར་བ་སྐུ་ཞབས་མཱ་ཧེ་ཤི་ལགས་ཀྱིས། ཟླ་གཉིས་ལྷག་གི་ཡར་སྔོན་དུ་རྒྱ་གར་གྱི་གྲོང་ཁྱེར་མེལ་ཆེ་ནས་མགོ་འཛུགས་ཀྱིས་བལ་ཡུལ་དུ་ཡོད་པའི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་འཁྲུངས་ཡུལ་གནས་མཆོག་ལུམ་བྷི་ནི་བར་བོད་དོན་གོམ་བགྲོད་ཀྱི་ལས་འགུལ་ཞིག་སྤེལ་ཡོད་ཅིང་། ཟླ་འདིའི་ཕྱི་ཚེས་ ༡༡ ཉིན་རྒྱ་གར་གྱི་མངའ་སྡེ་ཁག་གི་གོམ་བགྲོད་མཇུག་བསྒྲིལ་ཏེ། རྒྱ་གར་དང་བལ་ཡུལ་ས་མཚམས་ས་སོ་ན་ལེ་རུ་བགྲོད་སྐབས་བལ་ཡུལ་མཐའ་སྲུང་དམག་མིས་བཀག་འགོག་བྱས་འདུག

དེ་ནི་ཁོང་གིས་རླངས་འཁོར་ཞིག་གི་སྟེང་ “བོད་སྐྱོབ་རོགས། བོད་ལ་རང་དབང་དགོས་” ཞེས་པའི་འབོད་ཚིག་འཁོད་པའི་འཕྲེད་དར་དང་མཉམ་དུ་རྒྱ་གར་གྱི་མེས་པོ་དམ་པ་གན་དྷི་དང་༸གོང་ས་མཆོག་གི་སྐུ་པར་སོགས་བཞག་ནས་སྐྱོད་ཀྱི་ཡོད་སྟབས། བལ་ཡུལ་མཐའ་སྲུང་དམག་མིས་ཁོང་ལ་བལ་ཡུལ་གྱི་ས་མཚམས་བརྒལ་ཆོག་པའི་ལམ་ཡིག་ཡོད་མེད་ལ་མ་ལྟོས་པར། བལ་ཡུལ་རྒྱལ་ཁོངས་ནས་བོད་དོན་དང་འབྲེལ་བའི་ལས་འགུལ་སྤེལ་མི་ཆོག་ཚུལ་བཤད་དེ་བཀག་ཉར་འདྲི་རྩད་བྱས་ཡོད་པར་མ་ཟད། ཁོང་དང་མཉམ་དུ་གོམ་བགྲོད་བྱེད་བཞིན་པའི་རྒྱ་གར་བ་ཞིག་ལ་གཅར་རྡུང་ཡང་གཏང་ཡོད་འདུག ཁོང་གིས་ས་མཚམས་ནས་གོམ་བགྲོད་མཚམས་འཇོག་མ་བར་ཕྱིར་ཝ་ར་ན་སི་བར་ཡོང་སྟེ་མཚམས་འཇོག་གནང་ཡོད་འདུག   

སྐུ་ཞབས་མཱ་ཧེ་ཞཱ་ལགས་ནི། བོད་རང་བཙན་མ་ཐོབ་པར་འཚེ་མེད་ཞི་བའི་ལམ་ལ་བརྟེན་ཏེ་བོད་དོན་རྒྱབ་སྐྱོར་གནང་རྒྱུ་དང་རང་གི་ལུས་ཀྱི་ཟུངས་ཁྲག་མ་རྫོགས་བར་ལས་འགུལ་སྤེལ་མཚམས་མི་འཇོག་པའི་དམ་བཅའ་འཇོག་མཁན་ཞིག་ཡིན་པ་མ་ཟད། འདས་པའི་ལོ་མང་རིང་ཁོང་གིས་༼ བོད་རང་བཙན་དང་རྒྱ་གར་གྱི་བདེ་འཇགས༽ ཞེས་པའི་འབོད་ཚིག་འོག་རྒྱ་གར་མངའ་སྡེ་དང་གྲོང་ཁྱེར་མང་ཆེ་བའི་ནང་བོད་དོན་དྲིལ་བསྒྲགས་སྐྱོར་སྐྱོད་བྱས་ཡོད་ལ། རང་གི་ཟུངས་ཁྲག་གིས་སྙན་ཞུ་བྲིས་ཏེ་རྒྱ་གར་གྱི་སྲིད་བློན་གཙོས་པའི་འཛམ་གླིང་གི་དབུ་ཁྲིད་མང་པོར་བོད་དོན་ཐོག་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཞུས་ཡོད།   

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

ཆུ་ཚོད་ ༡༨ སྔོན་ལ།
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

ཆུ་ཚོད་ ༡༩ སྔོན་ལ།
IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩
མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

༢༠༢༦/༠༨/༠༧
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

༢༠༢༦/༠༨/༠༧
པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༠༦

མཆན། 5

  1. དུག་མདའ། says:
    ལོ་ 15 སྔོན།

    ཞོར་ལ་འདི་འདྲ་ཞིག་ཀྱང་དྲན་སོང་། བོད་མི་ཚོས་བཀའ་བློན་འདྲ་བླུག་ནས་འུར་ལངས་ཁུལ་བྱས་ཀྱང་རྒྱ་རྒན་ཚོ་བློ་བདེ་བོར་བསྡད་ཡོད་ལ། བོད་པས་མཐའ་མཇུག་གི་རྒྱལ་ཁར་འདོད་བཞིན་པ་དེ་ཁོ་ཚོར་མཚོན་ནའང་རྒྱལ་ཁ་ཞིག་ཡིན་པས་བློ་མི་བདེ་དོན་ཡང་ཅི་ཡོད། ངོ་མ་ཁོ་ཚོ་ལ་གནོད་ཤ་སྟག་ཅིག་ཐོན་ན། ད་མི་འདི་ང་ཚོ་ལ་དགོས་ཡ་མི་འདུག་བསམ་པ་ཙམ་གྱིས་འགྲིག་གི་འདུག་ག དེས་ན་རྒྱ་གར་མི་མང་འུར་ལངས་ན་ཁོ་ཚོར་གནོད་ཐག་ཆོད་ཡིན་པས་་་་་ཡང་རླངས་འཁོར་ཞིག་མངགས་དགོས་ཐུག་སོང་བ། སྐུ་ཞབས་མཱ་ཧེ་ཤི་ལགས་ཀྱི་ཆེད་དུ་མྱ་ངན་གུས་འདུད་ཞུ།

    Reply
  2. དུག་མདའ། says:
    ལོ་ 15 སྔོན།

    འོག་གི་འཆན་འགོད་མཁན་དག་གསོན་ཅིག རྒྱ་གར་བས་རྒྱབ་སྐྱོར་སྐབས་ལ་ཐུགས་རྗེ་ཆེ་འདྲ་ཞུས། ཡང་བོད་མི་ཚོས་གླུ་གཞས་ཕ་རོ་མ་རོ་ལེན་སྐབས་ཨ་ལ་ལ་སྙན་པ་ལ་ཟེར་བས་ཡོང་གི་མ་རེད། གདམ་ཀ་གཉིས་ལས་མེད། རྒྱ་ནག་དགོས་སམ་རྒྱ་གར་དགོས། རང་རྐྱ་ཐུབ་པ་ནི་ཡོང་གི་མ་རེད། རྒྱ་སྐད་དགོས་སམ་ཧིན་དྷི་དགོས། བོད་མི་ཚོས་སྐད་མཁས་འདོགས་སྟོན་ས་ཞིག་ནི་ཅིས་ཀྱང་དགོས་པ་རེད། ཕ་ཡུལ་ལ་ཧིན་དྷིའི་སློབ་དེབ་འདྲ་བསྐུར་མྱོང་ངམ། ཀླད་པའི་རྒྱ་ལའང་ཤར་ཡོད་རྒྱུ་མ་རེད། ད་དེ་རིང་ནི་ཧིན་དྷི་ཡག་པོ་སྦྱོངས། རང་གི་བུ་ཚ་ལའང་ཧིན་དྷི་བསླབ། རང་བཙན་འཐོབ་རུང་མ་འཐོབ་རུང་འབྲུག་དང་བལ་བོ་ལྟར་ཕྱི་རབས་བོད་པའི་བློ་ཐག་ཉེ་ས་དེ་རྒྱ་གར་ཆགས་ཀྱི་རེད། ང་ཕ་ཡུལ་ལ་ཐོན་ཉིན་ནས་བྱིས་པ་ཚོ་ཧིན་དྷི་འཁྲིད་ཀྱི་ཡིན།

    Reply
  3. བྱམས་རྒྱལ། says:
    ལོ་ 15 སྔོན།

    ཐུགས་རྗེ་ཆེ་ཞུ།

    Reply
  4. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    ༼ བོད་རང་བཙན་དང་རྒྱ་གར་གྱི་བདེ་འཇགས༽ཞེས་པ་ནི། ཧིན་སྐད་དུ། ༼ཏིབྦཏ ཀ ཨཇྰད ཨོོར བྷྰརཏ ཀ སུརཀྴྰ༽ ཞེས་པའི་སྐད་འབོད་འདི་བོད་མི་སྒེར་པ་རང་བཙན་རྩོད་ལེན་འདོད་པ་རྣམས་ཀྱིས་རམ་འདེགས་མཐར་འཁྱོང་བྱེད་གལ་ཆེ་བ་མིན་ནམ། དགེའོ། །

    Reply
  5. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    སྐུ་ཞབས་མཱ་ཧེ་ཞཱ་ལགས། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁྱེད་ཀྱིས་སྔོན་མ་ཡང་ཟུངས་ཁྲག་གི་བྲིས་པའི་བོད་དོན་ལས་འགན་སྦེལ་པར་གསར་ལམ་ཁག་ཏུ་མཐོང་བྱུང་། དེ་རིང་ཡང་ལས་འགན་འདི་འདྲ་བསྒྲུབས་ཀྱི་ཡོད་དེ་བོད་མི་ངོ་ཚ་མེད་མཁན་རྣམས་སུ་སེམས་འགུལ་ཐད་ཡ་འདྲ་གཅིག་འདུག

    སྐུ་ཞབས་ཁྱེད་ཀྱིས་ལས་དོན་སྒྲུབ་ཕྱོགས་དང་བོད་ནང་གི་བོད་མིའི་རེ་འདུན་ཡོངས་སུ་མཐུན་འདུག་པས་དགའ་པོ་ཡོད། ཐུགས་རྗེ་ཆེ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese