མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

དམར་ཤོག་ལ་དད་གུས་བྱ་དགོས།

བོད་ཀྱི་དུས་བབ།
༢༠༡༡/༠༢/༢༤
Share on FacebookShare on TwitterShare on EmailShare on Whatsapp

 

ཕྱི་ཚེས་ ༢༡ ཉིན་རྒྱ་ནག་གི་དཔྱིད་ཚུགས་ལོ་གསར་གུང་གསེང་གི་དུས་ཡུན་རྫོགས་ཏེ། པེ་ཅིན་གྲོང་ཁྱེར་གྱི་སློབ་གྲྭ་ཆུང་འབྲིང་ཁག་འཚོགས་མགོ་བརྩམས་སྐབས། པེ་ཅིན་གཞོན་ལྷན་ཐཱིན་ཚོགས་ཀྱིས་སློབ་གྲྭ་ཁག་ལ་བརྡ་སྦྱོར་བཏང་སྟེ། ཕྱི་ལོ་ ༢༠༡༡ ལོ་ནི་རྒྱ་ནག་དམར་ཤོག་ཚོགས་པ་ཚུགས་ཏེ་ལོ་ངོ་ ༩༠ འཁོར་བའི་དུས་ཚིགས་ཡིན་སྟབས། ལོ་ཆུང་བྱིས་པ་རྣམས་ཀྱིས་དམར་ཤོག་ཚོགས་པ་དང་གཞོན་ལྷན་ཐཱིན་ཚོགས། ལོ་ཆུང་རུ་མིའི་རྩ་འཛུགས་བཅས་ལ་ངོས་ཟིན་གསལ་བོ་དང་དགའ་མོས་ཡོང་བར་ཤུགས་སྣོན་དང་། ད་ལོ་ནས་བཟུང་ལོ་ལྟར་ཕྱི་ཟླ་ ༡༠ བའི་གཟའ་འཁོར་དང་པོ་དེ་ལོ་ཆུང་རུ་མིའི་ཉིན་མོར་གཏན་ཁེལ་བྱས་ཏེ། ཉིན་དེར་པེ་ཅིན་གྲོང་ཁྱེར་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་ཚང་མས་དར་ཆ་བསྒྲེངས་འཛུགས་གྱི་བྱ་འགུལ་ཞིག་སྤེལ་དགོས་པའི་བཀོལ་ཁྱབ་བཏང་ཡོད་འདུག་ཅིང་། བྱ་འགུལ་སྐབས་དམར་ཤོག་པའི་དར་ཆ་དང་དང་། ཐཱིན་ཚོགས་ཀྱི་དར་ཆ། ལོ་ཆུང་རུ་མིའི་དར་ཆ་གསུམ་བསྒྲེངས་འཛུགས་བྱས་ཏེ། སློབ་ཕྲུག་ཡོངས་ཀྱིས་ངེས་པར་དུ་དད་གུས་བྱ་དགོས་པ་ནན་བརྗོད་བྱས་ཡོད་པ་རེད། 

པེ་ཅིན་དུ་གནས་སྡོད་ཤེས་ལྡན་པ་བོའུ་ཙོ་ལའེ་ལགས་ཀྱིས་པེ་ཅིན་གྱི་སློབ་གྲྭ་ཁག་ཏུ་དར་ཆ་བསྒྲེངས་འཛུགས་ཀྱི་བྱ་འགུལ་སྤེལ་བཞིན་པ་དེར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་ཀྱི་ཡོད་ཅིང་། ཁོང་གིས་ཆོས་ལུགས་དང་ཆབ་སྲིད་ནི་སློབ་གྲྭ་ཆུང་འབྲིང་གི་བྱིས་པའི་ཁོར་ཡུག་ཏུ་ཁྱབ་སྤེལ་བྱས་ན་འོས་མཚམས་མིན་པ་དང་།  བྱིས་པ་རྣམས་ལ་ཆུང་དུས་ནས་སྤྱི་ཡོངས་ལ་ཡར་སྐྱེད་ཀྱི་བསམ་བློ་དང་།  སོ་སོའི་དགའ་མོས་ཀྱི་སྟེང་ནས་སྤྱི་དམངས་ཀྱི་ཁེ་ཕན་སྒྲུབ་རྒྱུའི་འདུ་ཤེས་སྐྱེད་བསྲིང་བྱ་དགོས་པའི་ངོས་འཛིན་བྱས་ཡོད་ཅིང་། ཁོང་གིས་གསར་ལམ་ཁག་ཏུ་བརྗོད་དོན།  “དམར་ཤོག་ཚོགས་པ་ནི་ཆབ་སྲིད་ཀྱི་སྒྲིག་འཛུགས་ཤིག་ཡིན་པ་ལས་ཆོས་ལུགས་ཀྱི་ཚོགས་པ་ཞིག་མ་རེད། དེ་བརྟེན་སྐྱབས་ཡུལ་དུ་བཟུང་སྟེ་དད་མོས་བྱ་མི་འོས་ལ།  མ་གཞི་ཆབ་སྲིད་ནི་དད་མོས་བྱ་ཡུལ་ཞིག་མ་རེད། ཆབ་སྲིད་ལ་ངེས་ཤེས་སྐྱེས་དགོས་པ་ཞིག་ཡིན་ཡང་། མ་འོངས་པར་ཆབ་སྲིད་ཀྱི་ངེས་ཤེས་ལ་བཅོས་བསྒྱུར་སོང་ཆོག་སྟབས། བྱིས་པ་རྣམས་ནི་ད་དུང་ནར་སོན་མེད་པས་ཆབ་སྲིད་རྩ་འཛུགས་ཁྲོད་གཏན་ནས་ཞུགས་མི་རུང་ལ། བྱིས་པ་ནི་དམར་ཤོག་ཚོགས་པའི་མིན་ལ།  ཐཱིན་རུ་ཚོགས་ཀྱིས་ཀྱང་མ་རེད།  བྱིས་པར་ཁྱིམ་བདག་གི་མོས་མཐུན་མེད་པར་ཆབ་སྲིད་དང་ཆོས་ལུགས་ཀྱི་སྒྱུར་བཀོལ་བྱེད་མི་ཆོག” ཅེས་བརྗོད་ཡོད་པ་རེད། 

གསར་འགོད་པ། ཚེ་རིང་རྒྱལ།

མཆན། 1

  1. ཀརྨ་རྡོ་རྗེ། says:
    ལོ་ 11 སྔོན།

    ང་རང་དམར་ལུགས་ལ་དགའ་དད་ཡོད་ཀྱང་། ༥༠ང་གྲངས་ནས་རྒྱ་མིའི་དམར་ལུགས་ལོ་རྒྱུས་ལ་ཞེན་པ་ལོག་སོང་། སྤྱིར་དམར་ལུགས་འདི་སྡུག་ཅག་ཅིག་མ་རེད། དཔེར་ན། ནང་ཆོས་བཞིན་ནོ། ནང་ཆོས་ལ་སྐྱོན་མེད་ཀྱང་། ཆོས་བྱེད་མཁན་ལ་སྐྱོན་བྱུང་བ་བཞིན་ནོ། །

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist