མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དཀར་འདོན་བདེན་དཔང་།

བོད་ཀྱི་དུས་བབ།
༢༠༡༡/༠༣/༠༢
Share on FacebookShare on TwitterShare on EmailShare on Whatsapp
བོད་ཀྱི་དུས་བབ་སྤྱིའི་འདོན་ཐེངས་ ༥༡༠ པའི་སྟེང་གི་རྩོམ་སྒྲིག་པའི་གཏམ།

 

རྒྱ་གར་ཉེན་རྟོག་པ་ཚོས་དཔལ་རྒྱལ་བ་ཀརྨ་པའི་བླ་བྲང་ནས་དངུལ་ཕོན་ཆེན་ཞིག་ཕྱིར་བཏོན་ཏེ། ཉེས་དོན་གལ་ཆེན་ཞིག་གི་ཚང་བརྟོལ་བ་ལྟར། ཧ་ཅང་ཛ་དྲག་དང་འཇིགས་རུང་གི་རྣམ་པའི་ཐོག་ནས་ཀརྨ་བླ་བྲང་གི་ཁང་མིག་རེ་རེ་བཞིན་སྔོག་བཤེར་དང་། མི་སྣ་རེ་རེ་བཞིན་འདྲི་རྩད་ཞིབ་བཤེར་ནན་མོ་བྱས་སོང་བ་མ་ཟད། རྒྱུད་སྟོད་དགོན་པ་ཡོངས་སྐོར་སྲུང་དམ་པོ་བྱས་ཏེ། ཡུན་རིང་ཡིད་ལ་བརྣག་པའི་དོན་ཆེན་ཞིག་འགྲུབ་སོང་བ་མིན་ན། དེའི་རྒྱབ་ཏུ་གོང་རིམ་གྱི་བཙན་བཀའ་ཞིག་གིས་འདེད་ཀྱི་ཡོད་པའི་ཚོར་སྣང་ཞིག་སུ་ལའང་སྟེར་སྲིད།
    རྒྱ་གར་གསར་ལམ་ཁག་གིས་ཀྱང་གཅིག་མགོར་གཉིས་འདོགས་དང་། བཅུ་མགོར་བརྒྱ་འདོགས་ཀྱིས་གསང་རྒྱ་དམ་པོ་ཞིག་གི་ཀློང་རྡོལ་བ་ལྟར། ཧ་ལས་ཤིང་ཧོན་འཐོར་མདོག་གིས་ས་སྒྲོག་གནམ་སྒྲོག་བྱས་སོང་། སྤྱིར་དམངས་གཙོའི་གཞུང་དང་ཁྲིམས་ཀྱི་དབང་སྒྱུར། སྨྲ་བརྗོད་རང་དབང་བཅས་ལ་ཐུན་མིན་གྱི་ཁྱད་ཆོས་རེ་ཡོད་ངེས་མོད། གནད་དོན་འདིའི་ཐད་ནས་བལྟས་ན། དམངས་གཙོ་རང་དབང་ཟེར་གཞིན་དམངས་དོན་མ་རྟོགས་ཤིང་། ཁྲིམས་ཀྱི་དབང་སྒྱུར་ཟེར་བཞིན་ཡུལ་སྲོལ་མ་བརྩིས་པ། སྨྲ་བརྗོད་རང་དབང་ཟེར་བཞིན་འགན་འཁྲི་མ་ཁྱེར་བའི་རྣམ་པ་དང་ནང་དོན་གཉིས་ཀ་མངོན་ཡོད། 
    ཐེངས་འདིའི་དོན་རྐྱེན་དེ་ནི་ཀརྨ་བླ་བྲང་ཙམ་དུ་མ་ཟད་བོད་སྤྱི་བར་གྱོང་གུད་ཆེན་པོ་ཞིག་ཡིན་ལ། ཡང་སྒོས་ཕུགས་རྒྱང་རིང་པོའི་བོད་པའི་རྩ་དོན་ཐོག་གི་བར་ཆད་ཆེན་པོ་ཞིག་ཀྱང་ཡིན་སྲིད། ང་ཚོ་གཞིས་བྱེས་བོད་མི་ཡོངས་ཀྱིས་ཀརྨ་པ་མཆོག་ལ་སྡུག་གི་ཁུར་པོ་མཉམ་འཁུར་དང་། སྐྱིད་ཀྱི་རྟ་བོར་མཉམ་ཞོན་ལོས་ཀྱང་བྱེད། ཁོང་རྒྱ་ནག་གི་རུམ་ནས་བྲོས་ཏེ་བཙན་བྱོལ་བོད་གཞུང་གི་པང་དུ་ཕེབས་པ་རེད། ༧གོང་ས་མཆོག་ལ་དབུ་འོག་དཔུང་འདེགས་དང་། ཡུལ་གྱར་བོད་མིར་སྐྱིད་སྡུག་མཉམ་མྱོང་བྱེད་དུ་ཡོང་བ་རེད། ཁོང་ནི་བོད་གཞིས་བྱེས་གཞུང་དམངས་ཡོངས་ཀྱི་རེ་བའི་མིག་གིས་ལྟ་ས་དང་། དམར་ཆུང་སྙིང་གི་ཉན་ས་གཅིག་པུ་དེ་ཡིན།
    དཔལ་རྒྱལ་བ་ཀརྨ་པ་བཙན་བྱོལ་དུ་ཕེབས་པ་དེས་རྒྱ་ནག་ལ་བསམ་གཞིག་གསར་པ་ཞིག་བསླངས་ཡོད་ལ། རྒྱལ་སྤྱིའི་མང་ཚོགས་ལ་མིག་དཔེ་གསལ་བོ་ཞིག་བསྟན་ཡོད། འོན་ཀྱང་། སྤྱིར་བོད་པར་བསོད་བདེ་དམན་པས་གཞིས་བྱེས་གཉིས་སུ་གྱེས་དགོས་བྱུང་བའི་ཁར། ཀརྨ་པ་མཆོག་ལ་ལྷག་ཏུ་བགེགས་བར་ཆད་ཆེ་བས་རང་དབང་ལུང་པ་ནས་ཀྱང་གཞན་དབང་སྟབས་བསྟུན་འོག་བཞུགས་དགོས་བྱུང་ཡོད། ཁོང་ལ་ད་བར་ང་ཚོས་རང་དབང་གུ་ཡངས་ཀྱི་ཁོར་ཡུག་ཅིག་བསྐྲུན་ཐུབ་མེད་ལ། ཞི་བདེ་བག་ཕེབས་ཀྱི་དུས་ཚོད་ཅིག་དེ་བས་ཀྱང་སྤྲད་མྱོང་མེད་ལ། ཕྱི་ནང་གསེང་གསུམ་ནས་སྐུ་ཚེགས་དང་སེམས་ཚེགས་བཟོས་པ་ཉུང་ཉུང་མིན།
            ཀརྨ་བླ་བྲང་ལ་དངུལ་གྱི་དོན་རྐྱེན་བྱུང་མ་ཐག རྒྱ་གར་ཉེན་རྟོག་པ་ཚོས་དོགས་པ་སྣ་ཚོགས་དང་། གསར་ལམ་ཁག་གིས་སྒྲོ་འདོགས་འདྲ་མིན་བྱེད་སྐབས། བོད་མི་ཚོས་ཀྱང་གདུང་སེམས་མཉམ་སྐྱེད་རྡོག་རྩ་གཅིག་སྒྲིལ་བྱས་པ་འདི་ནི། དཀའ་སྡུག་གི་དུས་སུ་མཛུབ་མོ་ལྔ་བཅིངས་ཁུ་ཚུར་ཡིན་པའི་བཟང་ཕྱོགས་ཀྱི་རྣམ་འགྱུར་ཞིག་ཡིན་ཡང་། ཐེངས་འདིར་ང་ཚོའི་ཕྱོགས་སུ་ཡང་ཞན་དང་དང་འཐུས་ཤོར། ནོར་འཁྲུལ་མང་པོ་ཞི་ལྷག་ཡོད་པ་ངོས་ཟིན་དགོས། རྒྱ་གར་ཉེན་རྟོག་པས་ཀརྨ་བླ་བྲང་དུ་ཧིན་སྒོར་འབུམ་བརྒྱ་ཤོག་ཅིག་ཡོད་པ་དང་། རྒྱལ་ཁབ་འདྲ་མིན་གྱི་དངུལ་ལོ་ཡོད་པར་དོགས་འཆར་འདྲ་མིན་བྱེད་པ་དེ་ནི། བོད་པའི་བླ་སྤྲུལ་སྒྲིག་འཛུགས་ཀྱི་འགྲོ་སྟངས་མ་ཤེས་པ་དང་། མཆོད་ཡོན་བླ་སློབ་ཀྱི་ལམ་སྲོལ་ལ་རྒྱུས་མངའ་མེད་པས་ཡིན་སྲིད་ཀྱང་། དོན་རྐྱེན་འདི་བརྒྱུད་དེ་བོད་མི་ཚོར་ཉེན་བརྡ་ཞིག་དང་མཉམ་དུ་གསལ་འདེབས་ཤིག་ཀྱང་བྱས་ཡོད།

འབྲེལ་ཡོད་གསར་འགྱུར།

མ་རྩོམ་གྱི་པར།
Mobile App

རྒྱ་ནག་གཞུང་གིས་སླར་ཡང་གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་དུ་གནོན་ཤུགས་སྤྲད་པ།

ཆུ་ཚོད་ ༡༤ སྔོན་ལ།
བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

མང་གཙོའི་རྒྱ་ནག་དང་བོད་ཀྱི་མ་འོངས་པའི་གླེང་སྟེགས་ཞེས་པའི་ཚོགས་འདུ་ཞིག་འཚོག་མགོ་བཙུགས།

ཆུ་ཚོད་ ༡༥ སྔོན་ལ།
རྒྱ་ནག་དབུས་དམག་དོན་ལྷན་ཁང་གི་འགན་འཛིན་གཞོན་པ་ཀྲང་ཡུ་ཤཱ་ང་དབུས་དམག་དོན་མཉམ་འབྲེལ་སློབ་སྟོན་ཁང་གི་འགན་འཛིན་ལུའུ་ཀྲིན་ལི་གཉིས།
Mobile App

རྒྱ་ནག་དབུས་དམག་དོན་ལྷན་ཁང་གི་དམག་དཔོན་གཉིས་ཕྱིར་ཕུད་བྱས། 

ཆུ་ཚོད་ ༡༥ སྔོན་ལ།
TTT
Mobile App

བལ་བོད་ས་མཚམས་ཀྱི་ཆུ་ལོག་དང་འབྲེལ་ནས་བོད་ནང་ནས་མི་བཅུ་ལ་ཉེས་ཆད་བཅད་ཡོད་ཟེར།

ཆུ་ཚོད་ ༡༥ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
Mobile App

བལ་གཞུང་གིས་བཀག་སྡོམ་བྱས་པའི་བོད་རིག་པའི་ཚོགས་ཆེན་ཐེངས་བཅུ་བདུན་པ་དྲ་ལམ་དུ་འཚོགས་འདུག

༢༠༢༦/༠༨/༢༩
མ་རྩོམ་ཐོག་འཁོད་པའི་རྩོམ་པ་པོའི་པར།
Mobile App

ཞི་ཅིན་ཕིང་གི་དུས་སྐབས་ཀྱི་བོད་ནང་གི་གཉའ་གནོན་ནི་མུན་ནག་གི་ས་མཚམས་ཤིག་ཡིན།

༢༠༢༦/༠༨/༢༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese