མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བརྡ་ཆད་འགའི་རྒྱབ་མདུན།

བོད་ཀྱི་དུས་བབ།
༢༠༡༡/༠༣/༠༢
Share on FacebookShare on TwitterShare on EmailShare on Whatsapp
བོད་ཀྱི་དུས་བབ་སྤྱིའི་འདོན་ཐེངས་ ༥༡༡ པའི་སྟེང་གི་རྩོམ་སྒྲིག་པའི་གཏམ།

ཐེངས་འདིའི་བཀའ་བློན་ཁྲི་པའི་འོས་བསྡུའི་ལས་རིམ་དང་ལྷན་དུ་བརྡ་ཆད་གསར་པ་ཁ་ཤས་བྱུང་ཡོད། དེ་ནི་རྒན་པ་དང་ན་གཞོན་པ། ཤེས་ཡོན་དང་ཉམས་མྱོང་། སྐུ་དྲག་དང་ཞིང་པ་ཟེར་བ་འདི་དག་རེད། ཚིག་འདི་དག་གི་མདུན་ནས་ཉན་ན་མཚར་གྱི་སྣང་བ་བན་བུན་ཞིག་ལས་སྟེར་མི་སྲིད་ཀྱང་། ཚིག་འབྲུའི་རྒྱབ་ལ་ཞིབ་ཏུ་བལྟས་ན་ཧ་ཅང་འཇིགས་སུ་རུང་བ་ཞིག་དང་གདུག་རྩུབ་ཅན་ཞིག་ཡིན་ངེས། མང་པོ་ཞིག་གིས་ཁ་ནས་གླེང་བཞིན་པ་མིང་ཚིག་འདི་དག་ཡིན་ཡང་། དོན་ལ་གཉེར་བཞིན་པ་འབྲུ་དོན་གཞན་ཞིག་ཡིན་སྟབས། སྐབས་འདི་ནས་མིང་ཚིག་དེ་དག་གི་ཚིག་དོན་བཞིན་གོ་བ་བླངས་ཚེ་ཤིན་ཏུ་ནོར་ཉེན་ཆེ།

    “ཚིག་པ་གཡག་ལ་ཟོས་ཏེ། མགོ་ལྕག་རྟ་ལ་གཞུས” ཞེས་པའི་དཔེ་ལྟར། ཁ་ནས་བྱུང་རབས་ཤིག་དང་རིག་གཞུང་ཞིག སྤྱི་དོན་ཞིག་ཨུ་ཚུགས་ཀྱིས་གླེང་སྟེ། “ང་ཚོའི་ཆོལ་ཁ” ཞེས་པ་འདི་ལ་གཞའ་བའི་ཚུལ་གྱིས་སྟོབས་ཤུགས་རྒྱས་བཞིན་ཡོད་མོད། འདི་ཆབ་སྲིད་པ་ཁོ་ནའི་བྱེད་ཐབས་ཤིག་མིན་པར། མིང་ཚིག་འདི་དག་གི་འོག་ནས་མང་པོ་ཞིག་གིས་ཉིན་མོའི་ཟས་བཀག་མཚན་མོའི་གཉིད་བཅག་སྟེ། ཆོལ་ཁའི་ཕྱོགས་འཐེན་ལ་ནུས་ཤུགས་ཡོད་དགུ་རྩལ་སྤྲུགས་བྱེད་ཀྱི་ཡོད་ཀྱང་། འདིའི་ཤུགས་ལས་ལྷ་ཕོག་ཀླུ་ཕོག་གི་ནག་ཉེས་མང་པོ་ཞིག་བཟོས་ཏེ། ནད་རོ་རྙིང་པར་ན་ཟུག་གསར་པ་སློང་བཞིན་ཡོད།
    ཀླུད་ཤར་ན་ཡོད་ཀྱང་། གཏོ་ནུབ་ཏུ་འཕངས་ཞེས་པ་ལྟར། མང་ཚོགས་དཀྱུས་མ་མང་པོ་ཞིག་འདི་ལ་མགོ་འཐོམ་སྟེ། གོ་བ་ལོག་སྒྲུབ་དང་རྣམ་རྟོག་སྣ་ཚོགས་ཤར་གྱི་ཡོད་ཀྱང་། སྤྱི་ཚོགས་ལ་བརྡབ་གསིག་ཅི་ཙམ་བཏང་མིན་ལ་མ་ལྟོས་པར་འདིས་ཀྱང་མི་འགའ་ཞིག་གི་རེ་འདུན་འགྲུབ་ཀྱི་ཡོད་སྲིད། འདི་ནི་ཐེངས་འདིའི་བཀའ་བློན་ཁྲི་པའི་འོས་གཞིར་བཞེངས་མཁན་ཚོ་ལན་པ་མིན་ལ། གཞི་རིམ་མང་ཚོགས་དཀྱུས་མའི་སེམས་ནང་གི་མངོན་འདོད་དེ་བས་ཀྱང་མིན། འདི་ནི་སྤྱི་ཚོགས་ཀྱི་སྣེ་ཁྲིད་མཁན་དང་ལས་འགུལ་གྱི་སྣ་འདྲེན་མཁན། ལྷག་པར་དུ་མང་ཚོགས་ཚོས་བློས་འགེལ་སའི་མི་སྐོར་ཞིག་གི་རྨི་ལམ་ཡིན། 
    མིང་ཚིག་འདི་དག་གི་ནང་དོན་དང་མང་ཚོགས་བྱིངས་ཀྱི་མངོན་འདོད། བཀའ་བློན་ཁྲི་པའི་སྲིད་སྟེགས་གསུམ་ལ་བྱེ་བྲག་གིས་དཔྱད་ན། བཀའ་བློན་ཁྲི་པའི་སྲིད་སྟེགས་སྟེང་དུ་རྒན་འཁོགས་རྐྱང་པས་མཁྲེགས་འཛིན་བཅའ་ས་མེད་ལ། གཞོན་པ་རྐྱང་པས་ཧོལ་རྒྱུག་བྱེད་ས་ཡང་མེད། རྐུབ་སྟེགས་འདིའི་སྟེང་ནས་ཤེས་ཡོན་གཅིག་པུས་གསར་གཏོད་ཡོང་ཐབས་མེད་ལ། ཉམས་མྱོང་གཅིག་པུས་རྒྱུན་འཛིན་འཁྱོངས་ཐབས་ཀྱང་མེད། རྐུབ་སྟེགས་འདིའི་སྟེང་དུ་སྐུ་དྲག་རྙིང་པས་སྒེར་སྤྱོད་བྱེད་དབང་མེད་ལ། ཞིང་པ་དབུལ་བོས་བྱམས་སེམས་སྤྱོད་དབང་མེད། དམངས་གཙོའི་སྒྲོམ་གཞིས་བཅིན་པའི་སྲིད་སྟེགས་འདི་ནི་འུ་ཅག་ཐུན་མོང་ལ་དབང་ཞིང་། འུ་ཅག་ཐུན་མོང་ལ་ལས་དོན་བསྒྲུབ་ས་ཡིན།
    གསལ་བོར་ཤེས་དགོས་པ་ཞིག་ནི། བཙན་བྱོལ་བོད་མིའི་བཀའ་བློན་ཁྲི་པའི་འོས་བསྡུའི་འགྲན་རྩོད་འདིའི་ཁྲོད་དུ། རྒན་གཞོན་དང་གསར་རྙིང་གི་འཐབ་རྩོད་ཡས་ནས་མེད་པ་ཞིག་ཀྱང་མིན་ཏེ། གཞོན་སྐྱེས་ཤེས་ཡོན་ཅན་ལ་རྒྱབ་སྐྱོར་བྱེད་མཁན་ཕལ་ཆེ་བ་ན་གཞོན་ཡིན་ལ། རྒན་པ་ཉམས་མྱོང་ཅན་ལ་དཔུང་སྒྲིག་མཁན་མང་ཆེ་བ་རྒན་པ་རེད། སྤྱིར་ན་གཞོན་སུ་ཞིག་ཡིན་རུང་གསར་བྱུང་དང་གསར་གཏོད། མཆོངས་སྐྱོད། འཕོ་འགྱུར་སོགས་ལ་དགའ་བ་ནི་ཆོས་ཉིད་ཡིན་ལ། རྒན་པ་གང་ཞིག་ཡིན་རུང་གཏན་འཇགས་དང་རྒྱུན་གནས། བབ་བརླིང་། ཕུགས་ཕེར་སོགས་ལ་དུང་བ་ཡང་རང་གཤིས་ཉིད་དོ།།

འབྲེལ་ཡོད་གསར་འགྱུར།

State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

ཆུ་ཚོད་ ༢༠ སྔོན་ལ།
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

ཆུ་ཚོད་ ༢༡ སྔོན་ལ།
IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩
མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

༢༠༢༦/༠༨/༠༧
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

༢༠༢༦/༠༨/༠༧
པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༠༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese